སྒྲིག་ཁྲིམས་དང་སྒྲིག་ལམ་ཇེ་དམ་བཏང་ནས་སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཁོར་ཡུག་སྐྲུན་པར་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གིས་ཏང་སྐྱོང་བ་དང་ཏང་ནན་གྱིས་སྐྱོང་དགོས། ཅི་ཞིག་ལ་བརྟེན་ནས་དོ་དམ་བྱེད་དགོས་ལ། ཅི་ཞིག་ལ་བརྟེན་ནས་སྐྱོང་དགོས་སམ། དེ་ནི་སྒྲིག་ཁྲིམས་དམ་པོ་ལ་བརྟེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བཀོད་པའི་ནང་དུ་བཞག། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་བཞག་ནས། སྒྲིག་ལམ་ལ་བརྟེན་པའི་ཚོད་འཛིན་རྒྱུན་ཆད་མེད་པར་དམ་དུ་བཏང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཆབ་སྲིད་ཀྱི་ཁོར་ཡུག་གཙང་བཟོ་བྱས་ཏེ། ཏང་གི་དོ་དམ་དང་ཏང་གི་བཅོས་སྐྱོང་ཐད་ཀྱི་ལྷོད་གཡེང་གི་གནས་ཚུལ་རྩ་བ་ནས་བསྒྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་ཀྱི་གནད་དོན་གྱིས་མང་ཚོགས་ཀྱི་ཐོབ་སྣང་ལ་གནོད་བྱེད་ཅིང་ཏང་གི་སྲིད་སྐྱོང་རྨང་གཞི་ལ་གཏོར་བརླག་བྱེད་པས། དུས་རབས་གསར་པར་སླེབས་ཚུན། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱ་གཞག་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས། 2024ལོ་ནས་བཟུང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་དག་ཐེར་བྱས་ནས། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་།

ཉེ་སྔོན། སི་ཁྲོན་ཁྲིན་ཏུའུ་ལུང་ཆོན་དབྱི་ཆུས་ཕིང་ཨན་སྡེ་བའི་ཆུ་འཁྱིལ་ས་མང་པོའི་སྒྱུར་བཀོད་ལེགས་འགྲུབ་བྱུང་ཡོད། ཆུ་འབུད་ས་དང་ཆུ་ཡུར་གསར་པ་གསར་འཛུགས་བྱས་ཏེ། ཆར་ཆུ་སྦུག་དྲའི་ནང་བཞུར་ནས་སྡེ་དམངས་ཕྱིར་སྐྱོད་སྐབས་དཀའ་ངལ་མེད་པར་གྱུར། སྒྱུར་བཀོད་མ་དངུལ་ནི་སྡེ་བའི་ལས་བྱེད་པས་ཧམ་བཟུང་བྱས་པའི་ཐུན་མོང་མ་དངུལ་འདེད་ལེན་བྱས་ནས་ཡོང་བ་ཡིན།

སི་ཁྲོན་ཁྲིན་ཏུའུ་ལུང་ཆོན་དབྱི་ཆུས་ཕིང་ཨན་སྡེ་བའི་སྡེ་དམངས་ཝང་ཡོན་ཀང་གིས་བཤད་རྒྱུར།

སྒོར་མོ་འདི་དེད་ནས་ལེན་ཐུབ་སོང་། ད་ལྟ་ཆུ་འཁྱིལ་བའི་གནད་དོན་ཡང་ཐག་བཅད་ཟིན་པ་དང་། ཁོར་ཡུག་ཀྱང་ཇེ་བཟང་ནས་ཇེ་ཡག་ཏུ་འགྱུར་བཞིན་ཡོད།

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་གནད་དོན་དག་ཐེར་བྱས་ནས། མང་ཚོགས་ལ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་རང་གི་ཉེ་འགྲམ་དུ་ཡོད་པའི་མྱོང་ཚོར་ཟབ་མོ་སྐྱེས་སུ་འཇུག་པ་ནི། དུས་རབས་གསར་པར་ཀྲུང་གོའི་གུང་ཁྲན་ཏང་གིས་སྒྲིག་ཁྲིམས་ནན་དུ་གཏོང་བར་བརྟེན་ནས་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་སྲུང་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོབ་ཏན་ཏིག་བྱེད་པའི་ལག་ལེན་ཡག་པོ་ཞིག་རེད།

ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་པ་ནི་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རྩ་བཅོས་ཀྱི་ཐབས་ཇུས་ཤིག་རེད་ཅེས་བསྟན། ཏང་ཡོན་དུང་ཕྱུར་གཅིག་ལྷག་ཡོད་པའི་སྲིད་འཛིན་ཏང་ཞིག་གིས་གང་ལ་བརྟེན་ནས་རང་ཉིད་ཀྱི་དཔུང་ཁག་དོ་དམ་ཡག་པོ་བྱེད་དགོས་པ་དང་།  ཅི་ཞིག་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལས་རྣམ་པར་རྒྱལ་བར་བྱེད་དགོས་ཟེར་ན། ཡང་དག་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཕུད། ངེས་པར་དུ་ཚད་གཞི་དང་སྒྲིག་ཁྲིམས་ནན་མོར་བརྟེན་དགོས།

དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་རླབས་ཆེའི་ལག་ལེན་ལ་གཞི་ཚུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། སྒྲིག་ཁྲིམས་འཛུགས་སྐྱོང་ཐད་རྩ་བའི་གཞི་འཛིན་མཁོ་འདོན་གནང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན། ཏང་ནང་དུ་སྒྲིག་ཁྲིམས་ཀྱི་གཅུན་སྡོམ་མི་འཁུར་བའི་དམིགས་བསལ་ཏང་ཡོན་ཡོད་མི་རུང་ཞེས་བསྟན་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ནི་རྒྱུན་ལྡན་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་བྱས་ཏེ། གཞན་གཅུན་དེ་རང་གཅུན་དུ་སྒྱུར་བ་དང་། ཉིན་རེར་དེར་བསྟུན་བཞིན་ཡོད་ཀྱང་ཚོར་ཤེས་མེད་པའི་བག་ལ་ཆགས་པའི་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གནས་སུ་འཇོག་པ་དང་། ཏང་གི་སྒྲིག་སྲོལ་གཏན་འབེབས་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། སྒྲིག་ཁྲིམས་ལག་བསྟར་དང་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ལག་ལེན་མཐར་ཕྱིན་ནན་མོ་བྱེད་དགོས་པ་ཅེས་པའི་བླང་བྱ་དེར་གསལ་བཤད་གཏིང་ཟབ་གནང་།

ཆིང་ཧྭ་སློབ་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སུང་ཝུའེ་ཡིས་བཤད་རྒྱུར།

སྒྲིག་ལམ་འཛུགས་པ་ཅི་ཞིག་གི་ཆེད་དུ་ཡིན། རྩ་བའི་ཐོག་ནས་བཤད་ན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ་བཅས་ཤེས་སུ་འཇུག་ཆེད་ཡིན། ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ན། ཐོག་མར་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་དུ་བཏང་ནས། ཏང་ཡོངས་ཀྱིས་གཏན་འཁེལ་གཉིས་ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བར་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བར་བརྟེན་ནས་སྒྲིག་ཁྲིམས་སོ་སོ་ཕྱོགས་ཡོངས་ནས་ནན་གྱིས་འཛིན་པ་དང་། དམ་ནན་མཐར་ཕྱིན་པར་བྱེད་པར་སྐུལ་ཁྲིད་བྱེད་པ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོབ་བྱས་ནས། ཏང་ཡོངས་འདོད་བློ་གཅིག་གྱུར་དང་། འགུལ་སྐྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཀྱི་སྒོ་ནས་མདུན་དུ་སྐྱོད་པར་འགན་སྲུང་ཏན་ཏིག་བྱེད་དགོས།

གཞི་འཛིན་སའི་སྒྲིག་ཁྲིམས་ཡོད་པ་ནི་སྒྲིག་ཁྲིམས་ནན་དུ་གཏོང་བའི་སྔོན་འགྲོ་ཡིན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཡིས་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་གསལ་བོར་བཏོན་ཡོད།

དུས་རབས་གསར་པར་སླེབས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩེ་རིམ་ཇུས་འགོད་དང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་ཆེར་བཏང་ནས། ཀྲུང་གུང་ཀྲུང་དབྱང་གི་ཏང་ནང་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་བཏོན་ཏེ། འདི་ནི་ཏང་གི་ལོ་རྒྱུས་ཐོག་ཏང་ནང་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཆེད་དོན་བཀོད་སྒྲིག་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཐོག་མ་ཡིན་པ་དང་། ཏང་ནང་ཁྲིམས་སྲོལ་ལམ་ལུགས་མ་ལག་གི“གཅིག་ཁར་བཞི་སྣོན”གྱི་གཞི་རྩའི་སྒྲོམ་གཞི་གཏན་ཁེལ་བྱས།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྲོལ་ཡིག》དང་།《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་འགའ》《ཀྲུང་གོ་གུང་ཁྲན་ཏང་གི་དོན་དག་གལ་ཆེན་སྙན་སེང་ཞུ་བའི་སྲོལ་ཡིག》སོགས་ཏང་ནང་གི་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འབེབས་དང་ཕྱིར་བཏོན་ནས། ལམ་ལུགས་ཀྱི་ངོས་ནས་ཏང་གིས་ཁྱོན་ཡོངས་འཛིན་སྐྱོང་དང་། ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱ་དགོས་པ་དང་། ལྷག་པར་དུ"སྲུང་སྐྱོང་གཉིས"དོན་ཐོག་ཏུ་བབས་ཏེ། ནུས་ལྡན་སྒོས་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྱུར་བ་དང་ཉམས་ཞན་དུ་གྱུར་བའི་ཕྱོགས་ལྷུང་ལ་འགྱུར་ལྡོག་བཏང་ཡོད།

《གནས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་འབྲེལ་ཡོད་ཚད་གཞི་འགའ》དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག འགན་འཁྲི་རྩད་གཅོད་སྲོལ་ཡིག སྐོར་ཞིབ་ལས་དོན་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཁག་ཅིག་གཏན་འབེབས་དང་བཟོ་བཅོས་བརྒྱབ་སྟེ། སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་བགྲོད་ལམ་སྟེང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི"གཅུས་གཟེར"ཇི་ཙམ་གཅུས་ན་དེ་ཙམ་ཇེ་དམ་དུ་བཏང་ཡོད།

ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་སྒྲིག་བཤེར་ལྟ་ཞིབ་སློབ་གླིང་གི་གླིང་གཙོ་གཞོན་པ་ལིས་ལིས་ཡིས་བཤད་རྒྱུར།

དུས་རབས་གསར་པ་ནས་བཟུང་། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དོ་དམ་དང་ཏང་སྐྱོང་བའི་དགོས་མཁོ་དང་འཚམ་པ་དང་། ཏང་གི་འཛུགས་སྐྱོང་ཁག་དང་ཆ་འགྲིག་བྱས་ཏེ། གསང་ཞིང་རྙོག་དྲ་མེད་པ་དང་། ཕན་ནུས་ལྡན་ཞིང་གོ་ཆོད་པར་བྱས་ཏེ། "ཟོག་རའི་ནང་ཞི་ལ་འཇུག་པ"སྔོན་འགོག་བྱས་ཡོད། དུས་མཚུངས་སུ། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པར་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་དང་གཏན་འབེབས་དེ་དངོས་གནས་གློག་ཡོད་པའི་མཐོ་གནོན་གློག་སྐུད་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལྕགས་རྡུང་བར་ངེས་པར་དུ་རང་ལུས་མཁྲེགས་པོ་དགོས་པ་རྒྱུན་འཁྱོངས་དང་། "མི་སྟོང་ཕྲག་མང་པོར་ཕོག་ཐུག་གཏོང་དགོས་རུང་མི་དུང་ཕྱུར་བཅུ་བཞི་བློས་མི་གཏོང་བའི"ལས་འགན་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གཅོང་ནད་སེལ་བ་དང་ཟིང་བཅོས་བྱས་ཏེ། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཞིང་། བཀག་སྡོམ་ས་ཁུལ་མེད་པ་དང་ཡོངས་སུ་ཁེབས་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཤིང་། བཀག་སྡོམ་ལ་མཐོང་ཆེན་དང་། བཙན་གནོན། ཟིལ་གནོན་ཡུན་རིང་བཅས་རྒྱུན་འཁྱོངས་བྱེད་པ། "སྟག་རྡུང"དང་སྦྲང་རྡེབ""ཝ་རྔོན"བཅས་ཀྱི་ཐབས་མང་མཉམ་སྤྱོད་བྱས་ཏེ། ལྐོག་རྔན་ལེན་པ་དང་ལྐོག་རྔན་སྤྲོད་པ་མཉམ་དུ་ཞིབ་བཤེར་བྱས་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་ཡོད། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩ་ལག་མཉམ་བཅོས་དང་། གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་འདོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བདེ་བླག་ངང་བསྐྱོད་ཡོད།

2026ལོའི་ཟླ1པོ་ནས་ཟླ9པའི་བར། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་དོན་འབུམ་བརྒྱད་ཐོ་འགོད་བྱས་ཤིང་། མི་འབུམ་དྲུག་དང་ཁྲི་བརྒྱད་ལ་ཆད་པ་བཅད། དེ་ལས་ཞིང་ཆེན་དང་པུའུ་རིམ་པ་དང་དེའི་ཡན་གྱི་ལས་བྱེད་པ73ཐོ་འགོད་བྱས་པ་དང་། ཞིང་ཆེན་དང་པུའུ་རིམ་པ་དང་དེའི་ཡན་གྱི་ལས་བྱེད་པ105ལ་ཆད་པ་བཅད།

ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱོད་དོན་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ་སུན་སུང་ཐའོ་ཡིས་བཤད་རྒྱུར།

དུས་རབས་གསར་པར་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱེད་ཤུགས་ཆེན་པོ་དེ་འདྲ་སྔར་བྱུང་མྱོང་མེད་ལ། གྲུབ་འབྲས་མིག་མཐོང་ལག་ཟིན་རེད། དུས་མཚུངས་སུ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རུལ་སུངས་འབྱུང་ཡུལ་དང་འབྱུང་བའི་ཆ་རྐྱེན་མེད་པར་གཏོང་བའི་ལས་འགན་སྔར་བཞིན་ལྕི་བ་ངེས་པར་དུ་ཤེས་དགོས། ལག་ལེན་ལས། ང་ཚོར་རུལ་སུངས་ལ་རྒོལ་རྒྱུ་ནི་ཕམ་མི་རུང་ལ་ཕམ་མི་ཆོག་པའི་ཆབ་སྲིད་ཀྱི་འཐབ་རྩོད་གལ་ཆེན་ཞིག་ཡིན་པས། སྐད་ཅིག་ཙམ་ལ་ཡང་མཚམས་འཇོག་མི་རུང་བ་དང་། གོམ་པ་ཕྱེད་ཙམ་ཡང་ཕྱིར་བཤོལ་བྱེད་མི་རུང་ལ། ངེས་པར་དུ་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་མཐར་ཕྱིན་པར་བྱ་དགོས་པའི་བློ་སྐྱེད་ཐོབ།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་བསྐྱོད་ལམ་གསར་བའི་བའི་སྟེང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་ཚན་རིག་གི་ཁྲིད་སྟོན་འོག ཏང་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། མུ་མཐུད་དུ་སྤྱི་ཚོགས་གཏན་འཇགས་དང་སྤྱི་ཚོགས་འདྲ་མཉམ་གྱི་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས། སྒྲིག་ཁྲིམས་དམ་ནན་གྱི་ཆབ་སྲིད་དགེ་མཚན་དེ་དམངས་ཀྱི་སེམས་ཁྲལ་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་བསྒྱུར་བ་དང་། བསྐྱོད་ལམ་གསར་བའི་སྟེང་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ནུས་ཤུགས་ཡོད་རྒུས་གཏོད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།