མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས26ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཚུལ་དང་། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབྲེལ་ཡོད་ནང་དོན་ངོ་སྤྲོད་བྱས།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་་རྩ་བའི་ཁ་ཕྱོགས་བརྟན་པོར་བཟུང་བ་དང་། བྱ་བའི་འགོ་ཁྲིད་སྒྲིག་སྲོལ་བརྟན་འཛུགས་དང་། མི་རིགས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་རྐྱེན་སྲོལ་གསར་པ་བཅས་གསར་གཏོད་བྱས་ནས། གྲོང་ཁྱེར་དང་རང་སྐྱོང་ཁུལ་ཡོངས་རྫོགས། རྫོང་དང་གྲོང་ཁྱེར། ཆུས98%དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་། བསམ་བློའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། གངས་རིས་བསྐོར་བའི་ས་ཆེན་དང་། ལང་ཚོའི་རྟེན་གཞི221། རབ་ཏུ་བཞད་པའི་མེ་ཏོག་སོགས་རིག་རྩལ་བརྩམས་ཆོས་རྩེ་གྲ་ཁག་གཅིག་གསར་རྩོམ་བྱས། ཁྲིམས་ལྟར་བཅོས་སྐྱོང་མཐའ་འཁྱོངས་དང་། བརྟན་འཛུགས་གཙོ་ཐིག་དང་དམ་པོར་འབྲེལ་བ། རང་སྐྱོང་སྲོལ་ཡིག་དང་ཁེར་སྤྱོད་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་། དམངས་ཕན་དམངས་ཕྱུག་གི་ཕྱོགས་སུ་སྟོབས་ཤུགས་བསྡུ་སྒྲིལ་བྱས་པའི་ཐད་དུ། མ་དངུལ་གཏོང་བ་དང་ཐོན་ལས་འཕེལ་རྒྱས། ཟོང་རྟགས་སྐྲུན་པ་བཅས་ལ་དུས་མཉམ་དུ་སྐུལ་འདེད་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་མ་ཁྲེང་ཧྥང་གིས་བཤད་རྒྱུར། ལོ་ལྔའི་རིང་བསྡོམས་པས་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་བྱེ་བ་གཉིས་ས་ཡ་གཉིས་དོན་འཁྱོལ་བྱས་པ་དང་། དམངས་འཚོའི་ལས་གཞི་དང་བདེ་སྐྱིད་ལས་གཞི་མང་པོ་ལག་བསྟར་བྱས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་བཅུ་གསར་གཏོད་གསར་སྤེལ་བྱས་ནས། མཚོ་སྔོན་འཐེན་ཐུག་དང་མཚོ་སྔོན་འཚེམ་དྲུབ། རྐང་གྲུག་ཆུང་ངུ་ལས་མཐུན་སྒྲིལ་ཆེན་མོ་ཆགས་སོགས་འབྲེལ་འདྲིས་གསུམ་གྱི་ཟོང་རྟགས་བསྐྲུན།

མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ནང་། 2030ལོར་སླེབས་སྐབས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཉིན་རེ་བཞིན་གཏིང་ཇེ་ཟབ་ཏུ་འགྱུར་བ། མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་ཕྱུག་འགྱུར་གྱི་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་འགྱུར་བ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་འཛུགས་སྐྱོང་རྒྱུན་མཐུད་ངང་འཐུས་ཚང་དུ་འགྱུར་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་མངོན་གསལ་དོད་པོར་འགྱུར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་མི་སེམས་སུ་འཇགས་པར་བྱེད་པ་བཅས་ཁ་གསལ་གཏན་ཁེལ་བྱས་ཡོད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་མ་ཁྲེང་ཧྥང་གིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། བློ་ཁ་གཅིག་མཐུན་ཡོང་བའི་བསམ་བློའི་རྨང་གཞི་བརྟན་པོར་འཛུགས་དགོས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། མཉམ་འདྲེས་མཐུན་སྒྲིལ་གྱི་རྣམ་པ་སྐྲུན་དགོས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ནས། ཐུན་མོང་ཕྱུག་འགྱུར་གྱི་དངོས་པོའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མི་རིགས་ལས་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་སྤེལ་བཏང་ནས། བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།