2026ལོའི་དུས་ཚིགས་སྔོན་མ་གསུམ་རིང་རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར53.07ལ་སླེབས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཟླ10པའི་ཚེས27ཉིན། ཡུལ་སྐོར་པས་ཅང་སུའུ་དབྱང་ཀྲོའུ་ཞི་ཧུའུ་མཚེའུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཟླ10པའི་ཚེས26ཉིན2026ལོའི་དུས་ཚིགས་སྔོན་མ་གསུམ་རིང་རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་གཞི་གྲངས་གནས་ཚུལ་ཁྱབ་བསྒྲགས་བྱས། རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་དཔེ་འཐེན་བརྟག་བཤེར་མཇུག་འབྲས་ལ་གཞིགས་ན། 2026ལོའི་དུས་ཚིགས་སྔོན་མ་གསུམ་རིང་། རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར53.07ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་མི་ཐེངས་དུང་ཕྱུར3.09ཇེ་མང་དུ་སོང་ཞིང་དུས་མཉམ་ལས6.2%འཕར་ཡོད། །

པར་འདི་ནི་ཟླ10པའི་ཚེས27ཉིན་ཡུལ་སྐོར་པས་ནན་ཅིན་ཞོན་ཝུའུ་མཚེའུ་སྤྱི་གླིང་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ10པའི་ཚེས23ཉིན་ཡུལ་སྐོར་པས་ཀན་སུའུ་ཏུན་ཧོང་གྲོང་ཁྱེར་མའོ་ཀའོ་གྲོང་རྡལ་གྱི་ཤིང་སྡོང་ཧུའུ་དབྱང་ནགས་ཚལ་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ10པའི་ཚེས27ཉིན་ཡུལ་སྐོར་པས་ཀོང་ཞི་པའེ་ཧའེ་མཚོ་འགྲམ་དུ་ཆུ་རྩེད་བྱེད་བཞིན་པའི་ཚུལ་རེད།

པར་འདི་ནི་ཟླ10པའི་ཚེས27ཉིན་ཡུལ་སྐོར་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།