མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་ཧོང་ཀོང་སྡེ་བ་རུ། དམར་དམག་གིས་དངོས་སུ་བསྐྲུན་པའི་སྡོད་ཁང་དང་དམར་དམག་སློབ་ཆུང་། སོ་ཕག་སྟེང་བརྐོས་པའི་སྐར་ལྔ་དམར་པོ། ཟོར་བ། སྟ་རེ་བཅས་ཀྱི་དཔེ་རིས་ལས། ཀྲུང་གོ་བཟོ་ཞིང་དམར་དམག་མཚོ་སྔོན་ནུབ་ལམ་དམག་དཔུང་གི་འཐབ་མོ་བའི་དད་སེམས་བརྟན་པོ་དང་། དམག་དམངས་ཀྱི་ཉ་ཆུ་ལྟ་བུའི་གསར་བརྗེའི་དྲན་ཤེས་བདེན་དཔང་བྱས་ཡོད། ད་ལྟ་དྲན་ཤེས་དེ་གྲོང་གསེབ་དར་སྤེལ་གྱི་བསམ་པའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད།
ཧོང་ཀོང་སྡེ་བར་བསྐྱོད་པ་ན། ཁང་སྟེང་གི་གསར་བརྗེའི་མཚོན་བྱེད་སྐར་ལྔ་དམར་པོ་དང་ཟོར་བ། སྟ་རེ་སོགས་ཀྱི་རི་མོ་གསལ་པོ་ཡོད་པ་དེ་ནི་དམར་དམག་ནུབ་ལམ་དམག་དཔུང་གི་ལོ་རྒྱུས་ཟིན་ཐོར་བཀོད་པའི་དཔང་དངོས་ཡིན། ལོ་ངོ་བརྒྱད་ཅུ་ལྷག་གི་སྔོན་ལ། དམར་དམག་ནུབ་ལམ་དམག་གི་འཐབ་མོ་བས་ལོ་བདུན་རིང་གནས་འདི་བརྟན་སྲུང་བྱས་ཤིང་། དཀའ་སྤྱད་ཚད་མེད་ཀྱི་ཁོར་ཡུག་ཁྲོད་སྔར་བཞིན་གསར་བརྗེའི་དད་མོས་བརྟན་སྲུང་དང་། རང་སྟོབས་རང་སྤེལ་གྱིས་གྲོང་སྡེ་འཛུགས་སྐྲུན་བྱས་ཏེ། ཞུམ་མེད་སྙིང་སྟོབས་ཀྱིས་དམིགས་བསལ་གྱི་བརྟན་སྲུང་ཞིག་ལེགས་འགྲུབ་བྱས། གསར་བརྗེའི་ལོ་རྒྱུས་འདི་ལོ་ཟླའི་འགྱུར་བག་ཁྲོད་མི་ཡལ་ཆེད། ས་གནས་ཀྱིས་མ་དངུལ་རང་གྲབས་དང་ལེ་བར་སྟོང་གི་སར་བསྐྱོད་ནས་ལོ་རྒྱུས་ཀྱི་དཔྱད་གཞི་འཚོལ་བསྡུ་བྱས་ཏེ། དམངས་ཁྲོད་དམར་དམག་ནུབ་ལམ་དམག་དཔུང་གི་དྲན་གསོ་ཁང་ལས་པ་རེད།
དམར་དམག་སློབ་ཆུང་ནི་སྐབས་དེའི་དམར་དམག་ནུབ་ལམ་དམག་དཔུང་གི་འཐབ་མོ་བ་རང་ཉིད་ཀྱིས་དངོས་སུ་བསྐྲུན་པ་ཡིན་ལ། རྒྱལ་ཡོངས་ཀྱི་ནུབ་ལམ་དམག་དཔུང་གི་མིང་ནས་བཏགས་པའི་སློབ་གྲྭ་གཅིག་པུ་ཡང་ཡིན། ལོ་མང་རིང་སློབ་གྲྭས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུ་དེ་མི་སྐྱོང་བའི་ལྟེ་བར་བཟུང་སྟེ། གསར་བརྗེའི་སློབ་གསོའི་རྣམ་པ་གསར་གཏོད་བྱས་ནས། རྒྱང་སྐྱོད་ཀྱི་སྙིང་སྟོབས་ལོ་ཆུང་འཚར་ལོངས་ཀྱི་ལམ་བུ་ཡོངས་སུ་ཁྱབ་པར་བྱས།
མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་ནུབ་ལམ་དམར་དམག་སློབ་ཆུང་གི་སློབ་གཙོ། ཧྲེ་ཁེ་དབྱིང་གིས་བཤད་རྒྱུར། གསར་བརྗེའི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུ་བརྒྱུད། སློབ་མ་རྣམས་ཉན་མཁན་ནས་གཏམ་རྒྱུད་མཉམ་སྤྱོད་མཁན་དང་གཏམ་རྒྱུད་བརྗོད་མཁན་དུ་བསྒྱུར་ནས། གསར་བརྗེའི་གཞི་རྒྱུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་བཅུག་པ་ཡིན།
ད་ལྟའི་ཧུང་ཀོང་སྡེ་བས་དམིགས་བསལ་གྱི་གསར་བརྗེའི་ཐོན་ཁུངས་ཟབ་འདོན་བྱས་ཏེ། གསར་བརྗེའི་ཤུལ་བཞག་སྲུང་སྐྱོབ་དང་ཏང་གཤིས་ཞིབ་སློབ། རྒྱལ་གཅེས་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་གསར་བརྗེའི་རྟེན་གཞི་བསྐྲུན་ཡོད། དེ་སྔའི་གསར་བརྗེའི་གནས་རྙིང་དེ། གྲོང་གསེབ་དར་སྤེལ་གཏོང་བའི་འཕེལ་རྒྱས་ཀྱི་གཤིན་སར་གྱུར་ལ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་རླབས་དང་བསྟུན་ནས། སྡེ་བས་གསར་བརྗེའི་བཟའ་བཏུང་དང་ཞིང་ཁྱིམ་དམངས་ཤག ཁྱད་ལྡན་ཞིང་ལས་ཐོན་རྫས་བཅས་འཕེལ་རྒྱས་བཏང་སྟེ། གསར་བརྗེའི་རིག་གནས་ཡུལ་སྐོར་གྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད།
མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་ཧུང་ཀོང་ཧྲང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། མཱ་དབྱི་སི་མའོ་ལི་ཡིས་བཤད་རྒྱུར། ལོ་བཅུ་ཕྲག་ནང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། ཞིང་ཆེན་ཕྱི་ནང་གི་ཏང་ཡོན་ལས་བྱེད་པ་འདིར་ཡོང་ནས་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། སློབ་གྲྭས་བྱིས་པ་རྩ་འཛུགས་བྱས་ནས་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡོང་གིན་ཡོད་ལ། ལྟ་སྐོར་ལ་ཡོང་མཁན་ཡུལ་སྐོར་བ་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བསྐྱར་དྲན་བྱེད་པར་ཡོང་མཁན་ཡང་ཡོད། གསར་བརྗེའི་ཡུལ་སྐོར་ལ་བརྟེན་ནས། སྡེ་མི་སྒོ་འགྲམ་དུ་ལས་ཞུགས་བྱས་ནས་འབབ་འཕར་ཡོང་ཐུབ་ལ། ང་ཚོས་རྗེས་ཤུལ་འདི་དག་སྲུང་ནས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།