ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2027ལོའི་གཞུང་ཞབས་པ་བསྡུ་བའི་དྲ་ཐོག་གི་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་ལས་དོན་མཇུག་སྒྲིལ་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2027ལོའི་གཞུང་ཞབས་པ་བསྡུ་བའི་ཐོ་འགོད་ར་སྤྲོད་དང་། དྲ་ཐོག་མིང་འགོད། ཐོབ་ཐང་ཞིབ་བཤེར་བཅས་ཀྱི་ལས་དོན་སོ་སོ2026ལོའི་ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད18.00དང་། ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00། དེ་བཞིན་ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད18:00ལ་མཇུག་བསྒྲིལ་ཡོད། ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད18:00བར་དུ་མི་ཁྲི423གྱིས་ཐོ་འགོད་བྱས་པ་དང་། ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར་དུ་དྲ་ཐོག་ནས་མི་གྲངས་ཁྲི393.5ཡིས་མིང་ཐོ་བཀོད་པ་དང་། ཟླ10པའི་ཚེས26ཉིན་གྱི་ཆུ་ཚོད18:00བར་དུ་ལས་མི་བཀོལ་སྤྱོད་ལས་ཁུངས་ཀྱིས་མི་གྲངས་ཁྲི345ལ་ཐོབ་ཐང་ཞིབ་བཤེར་བྱས་པ་དང་། ཐོབ་ཐང་ཞིབ་བཤེར་བརྒྱུད་པའི་མི་གྲངས་དང་ལས་གནས་འཆར་གཞིའི་གྲངས་འབོར་བར་གྱི་བསྡུར་ཚད་ནི་ཕལ་ཆེར97:1ཙམ་ཡིན།

རྒྱལ་ཁབ་གཞུང་ལས་ཅུས་ཀྱིས་དྲན་སྐུལ་ནན་མོ་བྱས་དོན། རྒྱུགས་སྤྲོད་མཁན་རྣམས་ཀྱིས་ངེས་པར་དུ་མིང་ཐོ་གཏན་འཁེལ་བྱས་རྗེས་གཞི་ནས་ཡིག་རྒྱུགས་ནང་ཞུགས་ཆོག ཐོབ་ཐང་ཞིབ་བཤེར་བརྒྱུད་པའི་སློབ་མ་རྣམས་ཀྱིས་ཟླ11པའི་པའི་ཚེས1ཉིན་ནས་ཚེས6ཉིན་བར་དུ"ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2027ལོའི་གཞུང་ཞབས་པ་བསྡུ་བའི་ཆེད་དོན་དྲ་ཚིགས"སུ་ཞུགས་ཏེ་མིང་ཐོ་གཏན་འཁེལ་དང་དངུལ་འཇལ་དགོས་པ་དང་། དེ་རྗེས་དུས་ཚོད་ལྟར་རྒྱུགས་སྤྲོད་ལག་ཁྱེར་དཔར་ནས་ཡིག་རྒྱུགས་ནང་ཞུགས་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།