2026ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ་རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་བྱེད་པའི་མི་ཐེངས་གྲངས་དུང་ཕྱུར53.07ལ་སླེབས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས26ཉིན་ཁྱབ་བསྒྲགས་བྱས་པའི2026ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རྒྱལ་ནང་སྡོད་དམངས་ཀྱི་ཡུལ་སྐོར་གནས་ཚུལ་སྐོར་གྱི་གཞི་གྲངས་ལྟར་ན། རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་བརྟག་དཔྱད་ཀྱི་མཇུག་འབྲས་ལས། 2026ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ། རྒྱལ་ནང་གི་སྡོད་དམངས་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར53.07ལ་སླེབས་པ་དང་། དེ་ལོ་གོང་མའི་དུས་མཉམ་ལས་མི་ཐེངས་དུང་ཕྱུར3.09འཕར་ཡོད་པ་དང6.2%ཙམ་འཕར་ཡོད། དེའི་ཁྲོད་དུ། གྲོང་ཁྱེར་སྡོད་དམངས་ཀྱིས་རྒྱལ་ནང་དུ་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར40.37ལ་སླེབས་ནས6.6%འཕར་བ་དང་། གྲོང་གསེབ་སྡོད་དམངས་ཀྱིས་རྒྱལ་ནང་དུ་ཡུལ་སྐོར་བྱེད་ཚད་མི་ཐེངས་དུང་ཕྱུར12.70ལ་སླེབས་ནས། དུས་མཉམ་ལས5.1%འཕར་ཡོད།

འགྲོ་གྲོན་གཏོང་བའི་ཕྱོགས་ནས་བཤད་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་ལ་རྒྱལ་ནང་གི་སྡོད་དམངས་རྣམས་ཀྱིས་ཡུལ་སྐོར་ཐད་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར་ཁྲི4.95བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི0.11ཇེ་མང་དུ་སོང་སྟེ། དུས་མཉམ་ལས2.2%ཙམ་འཕར་ཡོད། དེའི་ནང་དུ། མཁར་གྲོང་སྡོད་དམངས་ཀྱིས་ཡུལ་སྐོར་སྐབས་སུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་ཁྲི4.14ལ་སླེབས་པ་དང་། དུས་མཉམ་ལས2.2%འཕར་ཡོད། གྲོང་གསེབ་སྡོད་དམངས་ཀྱིས་ཡུལ་སྐོར་སྐབས་སུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་ཁྲི0.81ལ་སླེབས་པ་དང་། དུས་མཉམ་ལས2.1%འཕར་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།