ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག“བཅུ་གཅིག་ཟུང”གི་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “བཅུ་གཅིག་ཟུང”གི་བྲིན་སྐུལ་དུས་ཚིགས་འཆར་ཉེར་ཡོད་པ་དང་། ཉུང་འཕྲི་དང་སྔོན་ཚོང་། ཐད་གཏོང་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ལ་ཉེ། ཉེ་བའི་ལོ་ཤས་རིང་གི་འཛད་སྤྱོད་པའི་ཞུ་གཏུག་གནས་ཚུལ་ལ་བལྟས་ན། རིན་གོང་ཁ་གསལ་མེད་པ་དང་སྒྲིག་སྲོལ་རྙོག་འཛིང་ཆེ་བ། དྲིལ་སྒྲོག་དོན་དངོས་མིན་པ་སོགས་ཀྱི་གནད་དོན་ནི་སྔར་བཞིན་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཕོག་པའི་གཅིག་སྡུད་གནད་དོན་རེད། འཛད་སྤྱོད་པས་ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་འཛད་སྤྱོད་བྱེད་པར་ཁྲིད་སྟོན་བྱ་ཆེད། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་དང་། ཀྲུང་གོ་ཁྲོམ་ར་ལྟ་སྐུལ་དོ་དམ་སློབ་ཚོགས། ཀྲུང་གོ་དངོས་རྫས་ཨང་སྒྲིག་ལྟེ་གནས་བཅས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་བྲིན་སྐུལ་བྱེད་སྒོའི་ནང་ཞུགས་སྐབས“གསལ་པོར་ལྟ་བ”དེ“མགྱོགས་པོར་འཕྲོག་པའི”སྔོན་དུ་འཇོག་པ་དང་། “སྤྱོད་ཐུབ་པ”དེ“བལྟས་ཚོད་ཀྱི་གོང་བདེ་བའི”སྔོན་དུ་འཇོག་དགོས་པའི་དྲན་སྐུལ་བྱས་པ་རེད།

གཅིག“རིན་གོང་གི་སྒྱུ་འཕྲུལ”ལ་དོགས་ཟོན་བྱས་ཏེ། དྲ་ངོས་ཀྱི་རིན་གོང་ཕབ་ཚད་ལ་བརྟེན་ནས་གཟིགས་སྐྱོང་ལ་བརྡར་ཤ་གཅོད་མི་རུང་། 

གཉིས། “གཏའ་དངུལ”གྱི་ངོ་བོ་གསལ་པོར་རྟོགས་པ་དང་། སྔོན་ཚོང་གཏན་འཁེལ་ལ་གཟབ་ནན་བྱེད་དགོས། 

གསུམ། “བྱང་བུ་དང་དངུལ་འཛིན་ལ་མགོ་འཁོར་བ”གཏོར་ནས་རྙོག་འཛིང་ཆེ་བའི་སྒྲིག་སྲོལ་གྱིས་ཁྲིད་པར་མི་བྱེད་པ། 

བཞི། ཐད་གཏོང་དང“ཚད་ལེན་དཔྱད་འབེབས”དབྱེ་འབྱེད་བྱས་ནས། དོན་དངོས་མིན་པའི་ཆ་འཕྲིན་གྱིས་གོ་ནོར་མི་ཐེབས་པ། 

ལྔ། “སྒེར་ཁོངས་ཀྱི་ཕྱིར་འདྲེན”དང་རིང་དུ་གྱེས་ནས་ལྐོག་ཏུ་ཉོ་ཚོང་མི་བྱེད་པ། 

དྲུག “ཡོང་འབབ་ལ་གཞིགས་ནས་འགྲོ་སོང་གཏོང་བར”བརྩི་སྲུང་ནན་པོ་བྱས་ཏེ། ཉོ་ཚོང་དཔང་ཡིག་ཉར་ཚགས་འོས་འཚམ་བྱེད་པ།

“བཅུ་གཅིག་ཟུང”གི“རིན་གོང་དམའ་བ”ནི་རིན་གོང་དམའ་བ་ངོ་མ་ཡིན་དགོས་པ་དང་། བྲིན་སྐུལ་གྱི“གཟིགས་སྐྱོང”ནི་ཤེས་རྟོགས་བྱེད་ཐུབ་པའི་གཟིགས་སྐྱོང་ཡིན་དགོས། རྒྱ་ཆེའི་གཉེར་སྐྱོང་པས་ཀྱང་ཁ་དན་ཚིག་གནས་རྩ་བར་འཛིན་པ་དང་ལུགས་མཐུན་གཉེར་སྐྱོང་བྱས་ནས། འཛད་སྤྱོད་པས་ཉོ་ཐུབ་པ་དང་བཙོངས་རྗེས་སེམས་ཁྲལ་མེད་པ་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།