ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས2026ལོའི་ཟླ1པོ་ནས་ཟླ9པའི་བར་གྱི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་ཟླ1པོ་ནས་ཟླ9པའི་བར་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འཕྲིན་བཅར་ཐེར་འདོན་ཐེངས་གྲངས་ཁྲི350.6བསྡུ་ལེན་བྱས་པའི་ནང་ཐེར་འདོན་ཞུ་གཏུག་རིགས་ཀྱི་འཕྲིན་བཅར་ཐེར་འདོན་ཐེངས་གྲངས་ཁྲི84.7ཡོད། གནད་དོན་གྱི་ཁུངས་སྣེ་ཁྲི214.9ཐག་གཅོད་བྱས་ཡོད། གྱོད་དོན་ཁྲི80ཐོ་འགོད་བྱས་པའི་ནང་ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ73དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ4203། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི3.4། ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི11.4བཅས་ལ་གྱོད་དོན་ཐོ་འགོད་བྱས་ཡོད། གྱོད་དོན་ཐོ་འགོད་བྱས་པའི་ད་ལྟ་ཡང་ན་དེ་སྔའི་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མི་ཁྲི7.9ཡོད། མི་ཁྲི68ལ་ཆད་པ་བཅད་པ་དེའི་ནང་ནས་མི་ཁྲི50.5ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་། མི་ཁྲི22.2ལ་སྲིད་དོན་གྱི་ཆད་པ་བཅད། ཞིང་ཆེན་དང་པུའུ་རིམ་པ་དང་དེ་ཡན་གྱི་ལས་བྱེད་པ105དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ3680། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི2.8། ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི9.2། སྤྱིར་བཏང་ལས་བྱེད་པ་ཁྲི8.9། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི46.7བཅས་ལ་ཆད་པ་བཅད་ཡོད།

2026ལོའི་ཟླ1པོ་ནས་ཟླ9པའི་བར་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་དེ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་མི་ཐེངས་ཁྲི138.5བྱས་ཡོད། དེའི་ནང་རྣམ་པ་དང་པོ་སྤྱད་དེ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་མི་ཐེངས་ཁྲི69.6ཡོད་པ་དེས་མི་ཐེངས་བསྡོམས་འབོར་གྱི50.2%ལ་སླེབས་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི56.9ཐག་གཅོད་བྱས་པ་དེས41%སླེབས་ཤིང་། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི6.5ཐག་གཅོད་བྱས་པ་དེས4.7%ཟིན་ལ་སླེབས། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི5.6ཐག་གཅོད་བྱས་པ་དེས4.1%ལ་སླེབས་ཡོད།

ལྐོག་རྔན་སྤྲོད་ལེན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྱོད་དོན་ཐོ་འགོད་བྱས་ནས་ལྐོག་རྔན་སྤྲོད་མཁན་ཁྲི2.9ཡོད་པ་དང་། མི3020ཞིབ་དཔྱོད་ལས་ཁུངས་ལ་སྤྲད་ཡོད། ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།