ཞི་ཅིན་ཕིང་དང་པི་ལི་ཧྲིའི་རྒྱལ་པོ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ55འཁོར་བར་ཤིས་འཕྲིན་སྤྲིངས་རེས་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པི་ལི་ཧྲིའི་རྒྱལ་པོ་ཧྥེ་ལི་ཕུའུ་དང་ཕན་ཚུན་ཤིས་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་ཀའི་བར་ཕྱི་འབྲེལ་བཙུགས་ནས་ལོ55འཁོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ55འགོར་བའི་རིང་། ཀྲུང་གོ་དང་པི་ལི་ཧྲི་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་གོང་དུ་འཕེལ་བཞིན་ཡོད། ཕྱོགས་གཉིས་ཀའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཁྱད་ཆོས་མང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་འགྲོ་འོང་ཉིན་རེར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ངས་ཀྲུང་གོ་དང་པི་ལི་ཧྲིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། རྒྱལ་པོ་ཧྥེ་ལི་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ55འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་པི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ནས། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྐྱོན་བྲལ་དང་གཏན་འཇགས་སྒོས་འཕེལ་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད།

ཧྥེ་ལི་ཕུའུ་ཡིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ཚུན་ལ། པི་ཀྲུང་བར་རྒྱ་ཁྱབ་དང་སྣ་མང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས2014ལོར་པི་ལི་ཧྲི་ལ་རྒྱལ་དོན་འཚམས་འདྲི་གནང་ནས་ང་ལ་བརྗེད་དཀའ་བའི་བག་ཆགས་བཞག་ཡོད།  ཕྱོགས་གཉིས་ཀྱིས་འདས་ཟིན་པའི་ལོ55ཡི་རྨང་གཞིའི་ཐོག  སྒོ་འབྱེད་གླེང་མོལ་ལ་མུ་མཐུད་སྐུལ་འདེད་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད། ཕན་ཚུན་བསམ་ཤེས་ཆེ་རུ་བྱེད་པ་བཅས་ལ་ཡིད་ཆེས་བརྟན་པོ་ཡོད། པི་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དོ་མཉམ་གཉིས་ཕན་གྱི་འབྲེལ་བ་འཕེལ་རྒྱས་བཏང་ནས། གོ་ལ་ཧྲིལ་པོའི་ཐུན་མོང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཞི་བདེ་དང་བརྟན་བརླིང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་སྤེལ་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།