གསར་འགོད་པ་པས་ཟླ10པའི་ཚེས20ཉིན་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཁྲི་གཙོ་བོ་ཁྲག་ཏུ་འཁུར་ཞིང་། ལྟེ་བའི་ལས་དོན་འགངས་ཆེན་ལ་ཞབས་འདེགས་ཞུས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། བདེ་འཇགས་འཛུགས་སྐྲུན། ཁེ་ལས་འཕེལ་རྒྱས་ལ་རོགས་རམ། དམངས་འཚོ་འགན་སྲུང་། གྲངས་འཛིན་ཞིབ་དཔྱོད་སོགས་ཀྱི་ལས་དོན་ཁྲོད་གྲུབ་འབྲས་གསར་པ་བླངས། ལོ་ལྔའི་རིང་། ཞིང་ཆེན་ཡོངས་སུ་གྱོད་གཞི72ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མཛུབ་ཁྲིད་རང་བཞིན་དང་། དཔེ་མཚོན་རང་བཞིན། གྱོད་དཔེ་རྩེ་གྲ་ཅན་གྱི་དཔྱད་བསྡུར་ཐོབ་པ་དང་། ཐུན་མོང་དང་ལས་བྱེད་ཉེན་རྟོག་པ84ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་གཟེངས་བསྟོད་ཐོབ་པས། ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་དང་ལས་ཕྱོད་གཏན་འཇགས་ངང་འཕར།
མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དམིགས་བསལ་ལས་འགན་ལ་རྐང་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆེས་གཟབ་ནན་དང་ཚགས་དམ་རང་བཞིན་གྱི་ཁྲིམས་སྐྱོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་འཛུགས་སྐྲུན་ལ་ཞབས་འདེགས་ཞུས། འགན་ནུས་སྡེ་ཁག་དང་ཁྲིམས་གཅོད་སྦྲེལ་མཐུད་ལ་ཤུགས་བསྣན། ཁོར་ཡུག་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གི་ཆེད་དམིགས་དང་གྱོད་དོན་ཐོ་འགོད་ཀྱི་ལྟ་སྐུལ་རྒྱུན་རྣམ་ཅན་གྱིས་སྤེལ་བ། གཙང་གསུམ་འབྱུང་ཡུལ་ཁུལ་གྱི་ཞིབ་དཔྱོད་ཁང་བཙུགས་ཏེ། གསར་གཏོད་རང་བཞིན་གྱིས་ཁྱབ་གདལ་བཏང་བའི་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་དེ2025ལོའི་ཞིབ་དཔྱོད་སྒྱུར་བཅོས་ཀྱི་དཔེ་མཚོན་ནང་བདམས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་དམངས་ཆེན་གྱིས་སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་ལས་དོན་ལ་ཤུགས་སྣོན་རྒྱག་པར་གཏན་འབེབས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གཙང་པོའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁྲིམས་འཛིན་སྲུང་ཡོལ་བརྟན་པོར་བཙུགས།
ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་མངགས་གཏོང་བྱས་ཚད་ཁྱོན་ཡོངས་སུ་ཁེབས་པ་དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་ལ་ཉིན7རིང་ཨ་ལན་འབྱོར་ཚད་དང་། ཟླ་བ3རིང་ཨ་ལན་འབྱོར་ཚད་བསྟུད་མར་ལོ4ཡི་རིང 100%རྒྱུན་འཁྱོངས་བྱས་ཡོད། དར་ལག་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་འགལ་ཟླ་སེལ་བའི་ལས་དོན་ བཅའ་ཁྲིམས་ལ་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་དོན་བཅའ་ཁྲིམས”ཀྱི་སྔོན་ཐོན་དཔེ་མཚོན་ཐོབ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམ་དུ་དམིགས་ཤིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚོང་གཉེར་ཁོར་ཡུག་གནད་འཁེལ་ངང་སྲུང་སྐྱོབ་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་གྱོད་དོན་ཐོ་འགོད་ཀྱི་ལྟ་སྐུལ་ཆེད་དམིགས་བྱ་སྤྱོད་གཏིང་ཟབ་ཏུ་བཏང་། རྒྱུན་རྣམ་ཅན་གྱིས་དམངས་གཉེར་ཁེ་ལས་ཀྱི་ཉེས་དོན་གཙང་སེལ་གྱི་ལས་དོན་སྤེལ། ཤེས་ཡོན་ཐོན་དབང་གི་ཞིབ་དཔྱོད་གཞུང་ལས་ཁང་བཙུགས་ཏེ་ཆེད་ལས་རང་བཞིན་ཤེས་ཡོན་ཐོན་དབང་གི་ཁྲིམས་འཛིན་སྲུང་སྐྱོང་ལས་དོན་སྤེལ། གེགས་མེད་མྱུར་སྐྱོབ་ཀྱི་ཁྲིམས་འཛིན་འགན་ལེན་གྱིས་རྣ་འོན་པའི་མང་ཚོགས་ཁྲི་ལྷག་ལ་ཕན་པ་བསྐྲུན། གྱོད་འགན་གཙང་ལེན་གྱིས་ཡིག་སྐུར་ངོ་བཅར་གྱི་གྱོད་གཞི2300ལྷག་བསྒྲུབས། ནར་མ་སོན་པའི་མིའི་ཞིབ་དཔྱོད་ལས་དོན་གྱི“བསམ་འཆར 24”བཏོན་ནས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས། །