ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས21ཉིན་རྒྱལ་ཁབ་ནུས་ཁུངས་ཅུས་ནས་ཤེས་གསལ་ལྟར་ན། ཟླ9པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་རེར་དུང་ཕྱུར8997ལ་སླེབས་པ་དང་། དུས་མཉམ་ལས1.2%འཕར་ཡོད།
ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར135ལ་སླེབས་པ་དང་། དུས་མཉམ་ལས4.1%འཕར་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར5800ལ་སླེབས་ནས། དུས་མཉམ་ལས1.7%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར5751ལ་སླེབས་ནས། དུས་མཚུངས་ལས1.8%འཕར་ཡོད། ལག་རྩལ་མཐོ་གྲས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1167ལ་སླེབས་ནས། དུས་མཉམ་ལས4.6%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1852ལ་སླེབས་ནས་དུས་མཉམ་ལས4.9%འཕར་ཡོད། དེའི་ནང་རླངས་འཁོར་གློག་གསོག་ཞབས་ཞུ་དང་དྲ་སྦྲེལ་གཞི་གྲངས་ཞབས་ཞུར་གློག་སྤྱོད་ཚད་སོ་སོ་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར168དང98ཡིན་པ་དང་། དེ་དག་གི་འཕར་ཚད་སོ་སོ་ནས57%དང35.4%ལ་སླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱིས་འཚོ་བའི་ཆེད་དུ་བེད་སྤྱོད་བྱས་པའི་གློག་ཤུགས་ནི་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1210ཡིན་ཞིང་། དེ་ལོ་སྔོན་མ་ལས6%མར་ཆག་ཡོད།
ཀྲུང་གོའི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྡོམ་རྩིས་དང་གྲངས་རིག་པུའུ་ཡི་ཀྲུའུ་རེན་གཞོན་པ་ཝུའུ་ལི་ཆང་གིས་བཤད་རྒྱུར། ཟླ9པར། ཐོན་ལས་གཉིས་པ་དང་གསུམ་པའི་གློག་སྤྱོད་ཚད་གཞི་ཁྱོན་ཆེ་རུ་ཕྱིན་པས། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན།"ཐོན་ལས་གཉིས་པ་དང་གསུམ་པའི་གློག་སྤྱོད་ཚད་ན་ནིང་དང་བསྡུར་ན་སོ་སོར་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར94.8དང་85.6འཕར་ཡོད་ཅིང་། དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་འཕར་བར་ལེགས་སྐྱེས་འབུལ་ཚད་རེ་རེ་བཞིན86.9%དང78.5%ཟིན་པས། དཔལ་འབྱོར་བྱེད་སྒོ་སྤྱིའི་གཞི་ཁྱོན་སྔར་བཞིན་རྒྱ་ཆེར་འགྲོ་བཞིན་པ་མཚོན་ལ། འདི་ནི་གློག་འཛད་སྤྱོད་མུ་མཐུད་འཕེལ་རྒྱས་སུ་གཏོང་བའི་ལྟེ་བའི་སྟོབས་ཤུགས་ཀྱང་རེད"ཟེར།
གཞན་ཡང་། ད་ལོ་ཟླ་དང་པོ་ནས་དགུ་པའི་བར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་བསྡོམས་འབོར་ཆུ་ཚོད་རེར་སྟོང་ཝ་ཁྲི80734ལ་སླེབས་པ་དང་། དུས་མཉམ་ལས3.9%འཕར་ཡོད་པ་རེད། །