2026ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་སྤྱི་ཚོགས་ལག་ལེན་ལས་གཞིའི་སྙན་ཞུ་འགྲེམས་སྟོན་བྱས།
གཞན་གཟུགས། ཉེ་ཆར། 2026ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི“གཞི་རིམ་དུ་བསྐྱོད་པ་གསུམ”གྱི་སྤྱི་ཚོགས་ལག་ལེན་ལས་གཞིའི་སྙན་ཞུ་འགྲེམས་སྟོན་བྱེད་སྒོ་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་སྤེལ། 2026ལོའི་དབྱར་གནང་སྐབས་སུ། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་གཞི་རིམ་དུ་བསྐྱོད་པ་གསུམ་གྱི་སྤྱི་ཚོགས་ལག་ལེན་ཚན་ཆུང261རྩ་འཛུགས་བྱས་ནས། སློབ་ཆེན་སློབ་མ2100ལྷག་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དང་སྡེ་བ། སྡེ་ཁུལ་སོགས་གཞི་རིམ་གྱི་ཡུལ་དངོས་དང་པོར་བསྐྱོད་དེ། སྤྱི་ཚོགས་ཀྱི་སློབ་ཁང་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཞིང་ཆེན་གྱི་གནས་ཚུལ་ཤེས་རྟོགས་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བརྩེ་སེམས་ཇེ་ཟབ། འཇོན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱིས་དུས་རབས་གསར་པའི་མཚོ་སྔོན་ན་གཞོན་སློབ་མའི་འགན་འཁྲི་དང་འགན་ཁུར་མཚོན་པར་བྱས།