ལེ་བར་ཁྲི་ཡི་རྒྱ་མཚོ་བརྒལ་བའི་ལོ་ངོ་བཅུ་ཕྲག་གི་སེམས་འཁྲེང་། ཨ་རིའི་གྲོགས་པོ་པའེ་ཏ་ཝེ་ཡིས་བརྩེ་བ་སྟོང་སྐོར་ལ་བཅངས་ནས། ཕ་ཡུལ་ལ་དྲིན་ལན་འཇལ་ཞིང་། རྩ་ཆེའི་བརྙན་པར་ལ་བརྟེན་ནས་གནའ་གྲོང་གི་རིག་གནས་ཉར་ཚགས་བྱས་པ་དང་སྤྱི་ཕན་དགེ་ལས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་ལ། ལྷག་བསམ་རྣམ་དག་ལ་བརྟེན་ནས་རྒྱལ་མཚམས་བརྒལ་བའི་རི་ཆུའི་བརྩེ་བ་ཟབ་མོ་བྲིས།
དུས་རབས་གོང་མའི་ལོ་རབས་ཉི་ཤུ་པ་དང་སུམ་ཅུ་པར། པའེ་ཏ་ཝེ་ཡི་པ་ཨ་ཕ་པོ་ལི་མེ་ཡིས་སྟོང་སྐོར་གནའ་གྲོང་གི་ཁྲོམ་གཞུང་དང་འཚོ་བའི་ཉམས་འགྱུར་སོགས་གནའ་གྲོང་གི་བརྙན་པར་མང་པོ་ཉར་ཚགས་བྱས་ཡོད། འདྲ་པར་རྙིང་བ་རྩ་ཆེན170ལྷག་ཡོད་པ་མཐར་པའེ་ཏ་ཝེ་ཡིས་ལེགས་སྒྲིག་བྱས་ནས་ཞལ་འདེམས་ཕུལ་བ་དང་ཕ་ཡུལ་ལ་དྲིན་ལན་འཇལ་ཏེ། སྟོང་སྐོར་གནའ་གྲོང་ཉམས་གསོ་བསྐྱར་སྐྲུན་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་ལྟེ་བའི་དཔྱད་གཞིར་གྱུར།
རིག་གནས་རྒྱུན་འཛིན་ལ་སྲུང་སྐྱོབ་བྱེད་པ་ལས་གཞན། པའེ་ཏ་ཝེ་ཡིས་བློ་ལ་བརྟན་པོར་བཅངས་ནས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་རོགས་རམ་བྱས་པ་དེ་ནི་སྟོང་སྐོར་མང་ཚོགས་ཀྱི་བདེ་ཐང་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར། སྟོང་སྐོར་རྫོང་གི་གཞི་རིམ་གྱི་སྨན་བཅོས་ཆ་རྐྱེན་ལ་ཚད་བཀག་ཡོད་པས། ཕ་ཡུལ་གྱི་མང་ཚོགས་སེམས་ལ་བཅངས་ཡོད་པའི་པའེ་ཏ་ཝེ་ཡིས་དོན་དེ་སེམས་སུ་བཟུང་ནས། རི་ཀླུང་བརྒལ་བའི་སྤྱི་ཕན་རོགས་སྐྱོར་བྱེད་འགོ་ཚུགས། ཁོས་ལམ་ཐག་རིང་པོར་མ་འཛེམས་པར་ཕར་འགྲོ་ཚུར་འོང་བྱས་ཏེ། ཐེངས་རེ་རེ་བཞིན་རྒྱ་མཚོ་བརྒལ་ནས་སྟོང་སྐོར་ལ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཞལ་འདེབས་ཕུལ་བ་རེད།
པའེ་ཏ་ཝེ་ཡིས་བཤད་རྒྱུར། ང་ནི1987ལོར་ཕྱིར་ལོག་པ་ཡིན། སྐབས་དེར་སྟོང་སྐོར་མི་དམངས་སྨན་ཁང་གི་སྒྲིག་ཆས་ལ་ཚད་བཀག་ཡོད། ངས་འགོ་གཙོ་ཝང་ལགས་དང་འགོ་གཙོ་རྒན་པ་བཅས་ལ་སྨན་བཅོས་ཤེས་བྱ་ཡོད་ཀྱང་སྨན་བཅོས་ལག་ཆ་མེད་པ་ཤེས། དེར་བརྟེན་ངས་དུས་དེ་ནས་བཟུང་ཁོ་ཚོར་མཁོ་བའི་ཡོ་བྱད་དག་ཁོ་ཚོའི་ལག་ཏུ་སྐྱེལ་ཐུབ་པའི་ཐབས་ཤེས་བཙལ་བ་ཡིན། ཚང་མས་སྟོང་སྐོར་མི་དམངས་ཀྱི་ཆེད་དུ་ཁོ་ཚོར་རོགས་རམ་བྱེད་པའི་བྱ་བ་ཁ་ཤས་བསྒྲུབ་ཆོག
ལོ་ངོ30ལྷག་གི་རིང་། པའེ་ཏ་ཝེ་ཨ་རི་དང་སྟོང་སྐོར་བར་ཐེངས20ལྷག་འགྲོ་འོང་བྱས་ཏེ། ཚེ་ཕྱེད་རིང“སེམས་བདེ་ས་དེ་རང་གི་ཕ་ཡུལ་ཡིན”ཞེས་པ་དངོས་སུ་མཚོན་པར་བྱས། ཁོང་གི་སེམས་ནང་དུ། ཕ་ཡུལ་དུ་རྩ་བ་ཚུགས་པ་དང་ཡུལ་མི་ཚོར་དྲིན་ལན་འཇལ་བ་ནི་བསྔགས་བརྗོད་བྱེད་རིན་ཡོད་པའི་བྱས་རྗེས་ཤིག་མིན་པར། ཕ་ཡུལ་གྱི་གནས་ཚུལ་དང་རང་འཁྲིའི་ལས་འགན་ཞིག་ཡིན་པར་འདོད།
པའེ་ཏ་ཝེ་ཡིས་བཤད་རྒྱུར། མི་རྣམས་ཀྱིས་རྟག་པར་བྱས་རྗེས་ཅི་ཞིག་འཇོག་གིན་ཡོད་ཟེར། ངས་བསམས་ན་ཁྱོད་ཀྱིས་རང་གི་ཁྱིམ་མིར་འདི་འདྲ་སྒྲུབ་པ་ནི་སྲི་ཞུ་དང་འོས་འཚམ་ཞིག་རེད་ཅེས་བཤད་པ་ཡིན། བྱས་རྗེས་སུ་བརྩི་མི་རུང་། ཨ་ཕ་དང་ཨ་མས་བྱིས་པ་གཉོར་སྐྱོང་བྱས་ཏེ་འཚར་ལོངས་བྱུང་ན། རྗེས་སུ་ཕྲུ་གུས་ཕ་མ་གཉིས་གསོ་དགོས། འདི་ནི་བྱས་རྗེས་ཡིན་ཞེས་བཤད་ག་ལ་རུང་། ངས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སྟོང་སྐོར་ངའི་ཕ་ཡུལ་ལ་བརྩི་བ་ཡིན། འདི་ནི་ངའི་གཟི་བརྗིད་ཅིག་ཡིན།
ལོ་བརྒྱའི་བརྙན་པར་ནང་གནའ་མཁར་གྱི་དྲན་ཤེས་ཉར་ཞིང་། ལོ་བཅུ་ཕྲག་ཁ་ཤས་རིང་དགེ་ལས་ཀྱིས་དམངས་འཚོའི་བདེ་སྐྱིད་སྲུང་སྐྱོང་བྱེད་པའི་བར། པའེ་ཏ་ཝེ་ཡི་ཁྱིམ་མི་མི་རབས་གཉིས་དང་སྟོང་སྐོར་ལ་བཅངས་པའི་ལོ་བརྒྱའི་བརྩེ་སེམས་ཟབ་མོ་དེ། ས་ཁོངས་དང་དུས་མཚམས་བརྒལ་ནས་མི་སེམས་ལ་དྲོད་ཁོལ་སྦྱིན་ཡོད། ཕངས་མེད་ཀྱི་བརྩེ་སེམས་ཆེན་པོ་དེ། མཐོ་སྒང་གནའ་གྲོང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྟོང་སྐོར་གྱི་རྩ་ཆེ་ཤོས་དང་མི་སེམས་འགུལ་བའི་བརྩེ་སེམས་ཟབ་མོ་ཞིག་ཏུ་གྱུར་ཡོད།