ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས20པ་ཚེས་བཅུ་དགུ་ཉིན་འཇར་པར་དུ་འགོ་བརྩམས་ཤིང་། འགོ་རྩོམ་མཛད་སྒོའི་སྟེང་སྐྱེས་པའི་ལག་རྩལ་སྤོ་ལོའི་ལུས་རྩལ་པ་ཧུའུ་མིང་ཤོན་དང་སྐྱེས་མའི་ཁུར་འཛིང་ལུས་རྩལ་པ་ཝུའུ་ཡུའུ་གཉིས་ཀྱིས་ཀྲུང་གོའི་འཐུས་ཚབ་ཚོགས་པའི་དར་ཆ་སྒྲེང་མཁན་གྱི་འགན་འཁུར་ནས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལུས་རྩལ་ར་བར་བསྐྱོད།
སྐབས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ལ་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ལུས་རྩལ་པ815མངགས་གཏོང་བྱས་ཏེ་རྣམ་གྲངས་ཆེ་གྲས38དང་རྣམ་གྲངས་ཆུང་གྲས369ཡི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། འགྲན་བསྡུར་གྱི་བཀོད་སྒྲིག་ལྟར་ན། ཟླ9ཚེས20ཉིན། དེང་རབས་རྣམ་གྲངས་ལྔ་དང་གྱད་མའི་རྣམ་གྲངས་གསུམ་སོགས་རྣམ་གྲངས་ཀྱིས་སྔོན་ལ་གསེར་གྱི་རྟགས་མ་བརྩོན་ལེན་བྱ་རྒྱུ་དང་། ཀྲུང་གོའི་ལུས་རྩལ་པ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྐབས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་བྱ་རྒྱུ་རེད།
ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པར་ཁྱོན་སྡོམ་རྣམ་གྲངས་ཆེ་གྲས43དང་ཡན་ལག་རྣམ་གྲངས71 ། རྣམ་གྲངས་ཆུང་གྲས469བཀོད་སྒྲིག་བྱས་ཡོད་ལ། འབྱུང་འགྱུར་གྱི་ཉིན་བཅུ་ལྷག་གི་རིང་། ཡ་གླིང་གི་རྒྱལ་ཁབ་དང་ས་ཁུལ45ཡི་ལུས་རྩལ་པ་ཆིག་ཁྲི་ཆིག་སྟོང་ཉེ་བས་འགྲན་རར་དཔའ་ངར་དང་བློ་སྤོབས་བསྐྱེད་དེ་མཚར་སྡུག་གི་ཉམས་སྣང་ངོམས་རྒྱུ་རེད།