《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེནཏེ།《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད》ཅེས་པ་སྤེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ་9པའི་ཚེས་16ཉིན་པར་དུ་བསྐྲུན་པའི་འདོན་ཐེངས18པའི《བདེན་འཚོལ》དུས་དེབ་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད》ཅེས་པ་སྤེལ། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།  རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་རྩ་ཡིན་པ་མ་ཟད། ལག་རྩལ་གནད་དོན་ཡོད་ཚད་ཀྱི་སྤྱིའི་གནད་འགག་ཀྱང་ཡིན་ལ། འཛམ་གླིང་ཡོངས་ཀྱི་ཚན་རྩལ་འགྲན་རྩོད་ཀྱི་མདུན་གྲལ་གྱི་གཡུལ་སའང་ཡིན། རྒྱལ་ཁབ་ཅིག་གི་ཚན་རྩལ་དངོས་ཤུགས་ཞིབ་བསྡུར་བྱེད་པའི་ཚད་གཞི་གལ་ཆེན་ནི་རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་ལ་ལྟ་རྒྱུ་དེ་ཡིན། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་དགོས་ན། རྨང་གཞིའི་ཞིབ་འཇུག་ངེས་པར་དུ་ལེགས་པོར་བསྒྲུབ་དགོས།  སྔར་ལས་ཆེ་བའི་ཤུགས་ཚད་དང་བྱེད་ཐབས་དངོས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་།  ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་སྟེ།  ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་མགྱོགས་མྱུར་ངང་མངོན་འགྱུར་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན།  རྨང་གཞིའི་ཞིབ་འཇུག་མ་ལག་གི་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། དམིགས་འབེན་ཁ་ཕྱོགས་ཡང་དག་འཛིན་པ་དང་སྟོབས་ཤུགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ།  རིག་ཚན་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།  རྨང་གཞིའི་ཞིབ་འཇུག་འཇོན་མིའི་དཔུང་སྡེ་སྟོབས་ཆེར་བཏང་སྟེ།  སློབ་གསོའི་ཚན་རྩལ་འཇོན་མི་གོང་དུ་འཕེལ་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཤིང་། གསོ་སྐྱོང་དང་ནང་འདྲེན། བེད་སྤྱོད་བཅས་ཀྱི་བྱ་བ་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་སྟེ།  རང་བདག་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་།  ན་གཞོན་འཇོན་མིར་ནུས་ཤུགས་ཆེན་པོས་རོགས་སྐྱོར་བྱ་དགོས། ཁོར་ཡུག་ལེགས་པོ་ཧུར་ཐག་གིས་བསྐྲུན་དགོས།  རྨང་གཞིའི་ཞིབ་འཇུག་གི་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་ཆ་རྐྱེན་ལེགས་བསྒྱུར་གཏོང་བ། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་བྱེད་པ།  ཚན་རིག་ཞིབ་འཇུག་གི་ཁོར་ཡུག་གཙང་བཟོ་བཅས་བྱ་དགོས། རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་དུ་བཏང་སྟེ།  རང་འགུལ་གྱིས་འཛམ་གླིང་གསར་གཏོད་དྲ་རྒྱ་ནང་འདྲེས་པར་བྱ་དགོས་པ་དང་།  སྒོ་འབྱེད་མཉམ་ལས་ཁྲོད་ཐོག་མའི་གསར་གཏོད་ནུས་པ་མཐོ་རུ་བཏང་སྟེ།  རྒྱལ་ཁབ་སོ་སོ་དང་མཉམ་འབྲེལ་གྱིས་གནམ་གཤིས་འགྱུར་ལྡོག་དང་ནུས་ཁུངས་ཁོར་ཡུག  ཚེ་སྲོག་བདེ་ཐང་སོགས་ཚན་རིག་གི་གནད་དོན་གལ་ཆེན་འགག་སྒྲོལ་བྱས་ཏེ།  རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་ཕྱི་ཕྱོགས་སྒོ་འབྱེད་ཐད་ཤུགས་སྣོན་དགོས་པ་མ་ཟད།  འཛམ་གླིང་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན།  རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པར་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞབས་ཞུ་དང་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་སྟེ།  ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།