ཟླ9པའི་ཚེས15ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་དོན་གཉིས་པ་འཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུན་ཁྲོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལུའི་ཀང་། ཝང་ཅིན་ཀྲའེ། ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གྱི་སྐུད་མེད་གློག་གི་དོ་དམ་སྲོལ་ཡིག(འཆར་ཟིན)》དང་། 《མཚོ་སྔོན་ཞིང་ཆེན་ལས་ཁུངས་ཀྱི་ལས་དོན་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་ཞུར་ཉན།《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་ཞིབ་དཔྱོད་བྱ་བར་ཤུགས་སྣོན་དགོས་པའི་སྐོར་གྱི་ཆོད་དོན(འཆར་ཟིན)》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་། 《ཟི་ལིང་གྲོང་ཁྱེར་གྱི་འཛེར་སྒྲའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》དང་། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མྱུར་སྐྱེལ་ཁྲོམ་རའི་དོ་དམ་སྲོལ་ཡིག》 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོམས་སྲོལ་བསྒྱུར་བར་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྙིགས་མེད་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག》བཅས་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་<མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག>ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་》དང་། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་>དང་<མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་སྤེལ་གཏོང་བའི་སྲོལ་ཡིག>ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ།》《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་>དང་། <མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲོལ་ཡིག་>ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུའི》འཆར་ཟིན་བཀོད་ཚུལ་གྱི་སྙན་ཞུར་ཉན།《2025ལོའི་ལོ་འཁོར་གྱི་སྲིད་གཞུང་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུ་》དང་། 《2025ལོའི་ལོ་འཁོར་གྱི་རྒྱལ་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆེད་དོན་སྙན་ཞུ།》《2025ལོའི་ལོ་འཁོར་གྱི་རྒྱལ་དབང་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སྐོར་གྱི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱོགས་བསྡུས་སྙན་ཞུ་》བཅས་ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ལས་ཁུངས་ཁག་ཅིག་གིས་འཐུས་མིའི་གྲོས་གཞི་ལྟ་སྐུལ་དང་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུར་ཉན། 《མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་》ལ་གྲོས་ཞིབ་བྱས་པའི་སྙན་ཞུར་ཉན། མི་དོན་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྲོས་དོན་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་འཐད་པ་བྱུང་།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཉིན་རེའི་ལས་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་ཉན། ཀྲུའུ་རེན་གྲོས་ཚོགས་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་འཆམ་ཡོང་བར་འབུལ་རྒྱུའི་འཐད་པ་བྱུང་།