—— རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྣོད་བཅུད་སྔོན་སྤེལ་གྱི་འདུ་ཤེས་ལ་བརྟེན་ནས་མཐོ་སྒང་གི་གློག་དྲ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས11ཉིན། མཚོ་སྔོན་ཤར་རྒྱུད་ཀྱི་རྨ་ཙོང་ལུང་གཞུང་ཡོངས་སྔོ་ལྗང་ངེར་མཁའ་མཐར་བསྲིངས་ཤིང་། ས་རྒྱུ་བཟང་པའི་ཞིང་སར་སྔོ་ལྟེམས་མེར་ཡོད་པ་སོགས་ཡངས་ཤིང་རྒྱ་ཆེ་བའི་རི་ཐང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། སྟོང་ཧྥུའུ750ཡི་ཁ་ཡང་གློག་འདྲེན་གློག་སྒྱུར་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ། སྲོལ་རྒྱུན་གྱི་ཨར་ལས་རླངས་འཁོར་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་ས་རྡུལ་འཕྱུར་བ་མཐོང་རྒྱུ་མེད་པ་དང་། མཁའ་ཐོག་སྐྱེལ་འདྲེན་འབྲེང་ལམ་རེ་རེ་འཕྲེད་གཞུང་སྣོལ་ནས་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱས་ཏེ་མཆོད་རྟེན་རྒྱུ་ཆ་དང་། བྱེ་རྡོ། ལྕགས་སྒྲོམ་སོགས་ཨར་ལས་དངོས་རྫས་སྣ་ཚོགས་མཐོ་སའི་གློག་སྡོང་དང་རི་ཁྲོད་ཀྱི་ལས་སྒྲུབ་བྱ་ཡུལ་ཁག་ཏུ་དབོར་འདྲེན་བྱས་པས་བརྒྱུད། ལས་རིམ་ཧྲིལ་པོར་ཕན་འབྲས་ཆེ་ལཟད་གྲོན་ཆུང་།
ཁྱུ་ཚོགས་ཅན་གྱི་འབྲེང་ལམ་སྐྱེལ་འདྲེན་མ་ལག་གསར་པེས། དེ་སྔ་རླངས་འཁོར་རི་ལམ་བརྒྱུད་ལམ་ངོས་ཡང་ཡང་བཅགས་པའི་སྲོལ་རྒྱུན་གྱི་ས་ངོས་སྐྱེལ་འདྲེན་བྱེད་སྟངས་ཀྱི་ཚབ་བྱས་ནས། ཨར་ལས་ཀྱི་ལས་སྒྲུབ་རྒྱ་ཁྱོན་ཆུང་དུ་བཏང་བ་དང་། རྣམ་གྲངས་ཀྱིས་གནས་སྐབས་བཟུང་བའི་སའི་རྒྱ་ཁྱོན་དེ་སྲོལ་རྒྱུན་གྱི་ཨར་ལས་བྱེད་སྟངས་ལས85%ཙམ་ཇེ་ཉུང་དུ་ཕྱིན་པ་མ་ཟད། ལམ་རྒྱུད་ཀྱི་ཞིང་ལས་འཕྲུལ་འཁོར་གྱི་རྗེས་ཤུལ་དང་ནགས་སའི་སྔོ་ཁེབས་ཚད་ཆེན་པོ་ནས་སོར་འཇོག་བྱས། “ཨར་སྐྲུན་ཡང་པོའི”རྣམ་པའི་ཐོག་ནས་རྨ་ཙོང་ལུང་གཞུང་གི་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས(གཤམ་དུ“རྒྱལ་ཁབ་གློག་དྲའི་མཚོ་སྔོན་གློག་ཤུགས་ཀུང་སི”ཞེས་བསྡུ་རྒྱུ།)སྣོད་བཅུད་ཚོར་སྣང་སྐྱེན་པའི་ས་ཁོངས་སུ་གནོད་མེད་ཨར་ལས་བྱས་པའི་བསྡུས་རིས་གསོན་ཉམས་ལྡན་པར་གྱུར།
“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་སུ། མཚོ་སྔོན་གྱི་གློག་དྲ་འཛུགས་སྐྲུན་གྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་ཕྱིན་ནས་སྟོང་ཧྥུའུ750ཡི་སུང་རུ་ལུང་ཤུར་དང་། ཏུང་ཐའེ་གློག་སྒྱུར་གློག་འདྲེན་ལས་གྲྭ་སོགས་གཙོ་གནད་གློག་ཤུགས་རྣམ་གྲངས་ཁག་ཅིག་གཅིག་རྗེས་གཉིས་མཐུད་ངང་མགྱོགས་པོར་དོན་འཁྱོལ་བྱས། གློག་དྲ་འཛུགས་སྐྲུན་གྱི་མངའ་ཁོངས་ས་བབ་མཐོ་བའི་བྱེ་ཐང་དང་། གཙང་གསུམ་ཆུ་མགོའི་འདམ་ར། སྣོད་བཅུད་སྲུང་སྐྱོང་ཁུལ་སོགས་མཐོ་སྒང་གི་སྣོད་བཅུད་ཉམས་ཞན་པ་དང་། སྔོ་ཁེབས་སླར་གསོ་དལ་བ། འཁྱགས་ས་སྲུང་སྐྱོང་བྱེད་དཀའ་བ་སོགས་ཀྱི་ཚོད་བགམ་མང་པོའི་མདུན་དུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་གསར་གཏོད་ཀྱིས“དུས་འགོའི་ཚོད་འཛིན—ཨར་ལས་དོ་དམ་ཚོད་འཛིན—དོན་རྐྱེན་བྱུང་རྗེས་ཀྱི་ཉམས་གསོ”ཡི་འབྲེལ་ཐག་ཡོངས་སུ་སྦྲེལ་པའིདོ་དམ་བྱེད་སྟངས་སྤྱད་དེ། ཆེད་ལས་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན་བཅས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་དོ་དམ་མ་ལག་བསྐྲུན་ཡོད་པ་རེད།
སྣོད་བཅུད་དོ་དམ་ཚོད་འཛིན་ནན་པོ་བྱས་པ་ལ་ཕན་འབྲས་ཏན་ཏིག་ཐོན་ཡོད། 2026ལོ་ནས་བཟུང་། མཚོ་སྔོན་གྱིས་སྐྲུན་བཞིན་པའི་གློག་དྲའི་ལས་གྲྭ་ཚང་མའི་ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་གི་འཐེན་བཤེར་ཞིབ་བཤེར་གྲོས་འཆམ་བྱུང་ཚད100%ཟིན་པ་དང་། ས་ངོས་སྲུང་སྐྱོང་བྱེད་ཚད་དང་ས་ཆུ་ཤོར་བའི་ཚོད་འཛིན་བསྡུར་ཚད་དུས་མཚུངས་ལས་བརྒྱ་ཆའི་གྲངས8དང་བརྒྱ་ཆའི་གྲངས་གནས12སོ་སོར་མཐོ་རུ་ཕྱིན་ནས། ལྗང་མདོག་ཨར་ལས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་འཕར་བ་རེད།
འབྱུང་རྩ་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་ཞིག་བསྐྲུན་ཆེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་གཙང་གསུམ་ཆུ་མགོའི་དབུས་ཁུལ་གྱི་སྟོང་ཧྥུའུ330ཅན་གྱི་ཏང་ཅང་རོང་གློག་འདྲེན་གློག་སྒྱུར་ལས་གྲྭའི་ཨར་ལས་བྱ་ཡུལ་དུ། ས་ཁོངས་ཀྱི་སྣོད་བཅུད་ཧ་ཅང་ཉམས་ཞན་གྱི་ཁྱད་ཆོས་ལ་དམིགས་ཏེ། ཨར་ལས་ཚོགས་པས་གཞི་ཁྱོན་ཆེ་བའི་འཕྲུལ་ཆས་སྔོག་འདོན་བྱེད་སྟངས་དོར་ནས། མི་མེད་གནམ་གྲུ་ལྗིད་ཐེག་དང་རྟ་དྲེལ་རུ་ཁག་གིས་ལས་གྲྭའི་དངོས་ཟོག་མཉམ་དུ་བརྒྱུད་འདྲེན་དང་། ཕུར་པ་ཆུང་གྲས་དང་རྐང་པ་མཐོ་དམན་གྱི་ལྕགས་སྒྲོམ་སོགས་ཁོར་ཡུག་སྲུང་སྐྱོང་ཇུས་འགོད་བྱས་པས། ས་དོང་སྔོག་འདོན་རྒྱ་ཁྱོན60%ཡན་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། དུས་མཚུངས་སུ། ས་ངོས་ཀྱི་ཆེད་དོན་སྲུང་སྐྱོང་ཁྱབ་གདལ་ནན་པོ་བཏང་ནས། ཨར་ལས་ས་ཁོངས་ཀྱི་རྩྭ་ཤུན་དང་ཕྱི་ངོས་ཀྱི་ས་སྨིན་ཆ་ཚང་བཤུ་བ་དང་། ཁུལ་དབྱེ་ནས་གཅིག་སྡུད་བདག་སྐྱོང་བྱེད་པ་དང་། ཨར་ལས་མཇུག་འགྲིལ་རྗེས་སྔར་གནས་སུ་བསྐྱར་འདིང་དང་ཚན་རིག་དང་མཐུན་པའི་བདག་སྐྱོང་བྱས་ཏེ། ས་རྒྱུའི་གཤིན་ཚད་དང་སྔོ་ཁེབས་སྐྱེ་འཚར་གྱི་རྨང་གཞི་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སོར་འཇོག་བྱས་པ་རེད།
མང་ཡ་གྲོང་ཁྱེར་གྱི་སྟོང་ཧྥུའུ330ཡི་གཙོད་བསད་སྤར་ས་ཚིགས་ཀྱི་གནོན་ཤུགས་ཆེ་རུ་གཏོང་བའི་རྒྱས་སྐྲུན་ལས་གྲྭའི་ཁྲོད། བྱེ་ཐང་དུ་རླུང་ཆེན་བྱེ་མ་མང་བ་དང་ས་རྒྱུ་ཚྭ་འགྱུར་ཚབས་ཆེ་བའི་ཁོར་ཡུག་གི་ཁྱད་ཆོས་ལ་དམིགས་ནས། ཨར་ལས་ཚོགས་པས་ས་གནས་དེ་གར་རྒྱུ་ཆ་བླངས་ཏེ་ཚྭ་བརླག་ས་རྡོག་སྤྱད་དེ། རླུང་འགོག་བྱེ་འཇགས་རྩྭ་དྲ་བསྐྲུན་ནས་བྱེ་ཐང་གི་སྣོད་བཅུད་འགོག་སྲུང་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད། ལས་གྲྭ་ལེགས་འགྲུབ་བྱུང་རྗེས་ལྕང་དམར་དང་བྱེ་ཚེར་སོགས་རང་ཡུལ་གྱི་ཚྭ་བཟོད་ལྗང་རྩི་ཤིང་གཅིག་གྱུར་ཐོག་འདེབས་འཛུགས་བྱས་ནས། ཨར་ལས་བཅོས་སྐྱོང་དང་སྣོད་བཅུད་སླར་གསོ་དུས་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད། མཐོ་སྒང་གི་འཁྱགས་ས་ཞུ་སླ་བ་དང་གྲུབ་ཚུལ་གཏོར་བརླག་ཐེབས་སླ་བའི་ཁྱད་ཆོས་ལ་དམིགས་ནས། གྲུབ་ཆར་གཏོར་སྐྱོན་ཕོག་སླ་བའི་ཁྱད་ཆོས་ཡོད་པས། འཁྱགས་ས་སྔོག་འདོན་གྱི་དུང་ངོས་ཚང་མར་རྡོ་བལ་པང་ལེབ་དང་དྲོད་སྲུང་སྲིང་བལ་ཉལ་ཆས་བཏིང་ནས་ཚ་འགོག་འགོག་སྲུང་བྱས་ཏེ། འཁྱགས་སའི་བང་རིམ་གྱི་སྔར་ཡོད་ས་གཤིས་གྲུབ་ཆར་གནད་དུ་འཁེལ་བའི་སྒོ་ནས་སྲུང་སྐྱོང་བྱས་པ་དང་། ལས་གྲྭ་ལས་སྐབས་འཁྱགས་ས་ཞན་འགྱུར་དང་ས་ཆུ་ཤོར་བ་སོགས་ཀྱི་གནད་དོན་ཐོན་རྒྱུ་གཏན་འགོག་བྱས།
མཐོ་སྒང་གི་སྔོ་ཁེབས་རང་བྱུང་སླར་གསོའི་དུས་ཡུན་རིང་བ་དང་གསོན་ཚད་དམའ་བའི་སྣོད་བཅུད་ཀྱི་ཞན་ཆ་གཞི་ཚུགས་ཏེ། རྒྱལ་ཁབ་དྲ་རྒྱ་མཚོ་སྔོན་གློག་ཤུགས་ཀྱིས་ཚན་རྩལ་གྱི་ནུས་པ་ཐོན་པའི་སྣོད་བཅུད་སྲུང་སྐྱོང་མཐའ་འཁྱོངས་བྱས་ནས། ཚན་ཞིབ་ལས་ཁུངས་དང་མཉམ་འབྲེལ་ཐོག་ཆེད་དོན་ལག་རྩལ་གྱི་འགག་སྒྲོལ་བ་དང་། གསུམ་འབྲེལ་འཚོ་བཅུད་རང་འཁོར་གྱི་སྔོ་ཁེབས་སླར་གསོའི་ལག་རྩལ་གསར་གཏོད་བེད་སྤྱོད་བྱས་ནས་གྲང་ངར་དང་ཐན་བཟོད་ཐུབ་པ། གསོན་སླ་བ་བཅས་ཀྱི་རང་ཡུལ་གྱི་རྩྭ་རིགས་གདམ་གསེས་དང་གསོ་སྐྱོང་ཞིབ་ཚགས་བྱས་ནས་མཐོ་སྒང་གི་གནམ་གཤིས་དང་ས་རྒྱུའི་ཁོར་ཡུག་དང་འཚམ་པོབྱས། དེ་བཞིན་དུམཐོ་སྒང་གི་སྤང་ཐང་གི་ས་ཤུན་བཤུ་བའིཆེད་སྤྱོད་སྒྲིག་ཆས་དང་མཐོ་གྲང་ས་ཁུལ་གྱི་འཁོར་རྒྱུག་བཙོག་ཆུ་གཙང་སེལ་སྒྲིག་ཆས་རང་བརྟེན་ཞིབ་བཟོ་དང་བེད་སྤྱོད་བྱས་ཏེ། གཞི་གྲངས་ཅན་གྱི་ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་དོ་དམ་ལས་སྟེགས་ལ་བརྟེན་ནས། ཨར་ལས་སྣོད་བཅུད་གྱི་ཉེན་ཁར་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། རིག་ནུས་དཔྱད་དཔོག བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་བཅས་བྱས་པ་དང་། སྣོད་བཅུད་སྲུང་སྐྱོང་སྔར་ལས་གནད་འཁེལ་དང་སླར་གསོར་སྔར་ལས་ཕན་ནུས་བཏོན། བཟོ་སྐྲུནརྣམ་གྲངས་ཁག་གིས“བཤུ་ཕྲལ་དང་། བདག་སྐྱོང་། སླར་ཡང་འདིང་བའི”ཚད་ལྡན་ཅན་གྱི་སྔོ་ཁེབས་ཉམས་གསོའི་ལས་རིམ་ཚད་ལྡན་ལག་བསྟར་ནན་པོ་བྱས་ནས། སྣོད་བཅུད་ཉམས་གསོའི་འགན་འཁྲི་དོན་འཁྱོལ་བྱས ཨར་ལས་ས་ཁོངས་ཀྱི་སྔོ་ཁེབས་སླར་གསོ་ཐདནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། གློག་དྲའི་ལས་གྲྭ་དང་མཐོ་སྒང་གི་རང་བྱུང་སྣོད་བཅུད་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱས།
སྣོད་བཅུད་སྔོ་ཁེབས་སྲུང་སྐྱོང་བྱེད་པའི་དུས་མཚུངས་སུ། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ནུས་ཤུགས་ཡོད་སྒོས་རི་སྐྱེས་སྲོག་ཆགས་འགོག་སྲུང་སྲུང་ཡོལ་བརྟན་པོ་བཟོས་ནས་མི་དང་། གློག རང་བྱུང་ཁམས་བཅས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་བཏོད། འདབ་ཆགས་རིགས་ཀྱི་གཙོ་གནད་བྱེད་སྒོ་སྤེལ་ཁུལ་དང་གནས་སྤོ་བགྲོད་ལམ་དུ་དམའ་ཟློསLEDཉེན་བརྡའི་གློག་སྒྲོན་བསྒར་ནས། འདབ་ཆགས་རིགས་མཚན་མོར་གློག་སྡོང་དང་་དང་ལམ་རྟགས་ལ་ཐོ་རྒྱག་པ་དང་ཐོགས་པ་ལ་གྱི་བདེ་འཇགས་ཉེན་ཁ་ནུས་ལྡན་གྱིས་ཇེ་ཆུང་དུ་བཏང་། རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་སུ་རིག་ནུས་གློག་སྡོང་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། སྒུལ་བདེའི་མཐའ་སྣེ་ལ་བརྟེན་ནས་སྣོད་བཅུད་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། ཨར་ལས་བྱ་ཡུལ་ཁག་ཏུ་ཆེད་གཉེར་སྣོད་བཅུད་ལྟ་སྐྱོང་པ་བཀོད་སྒྲིག་བྱས་ནས། རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་། འཚོ་བ། གནས་སྤོ་བཅས་ཀྱི་དུས་འཁོར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཨར་ལས་ཀྱི་དུས་རིམ་ལེགས་སྒྲིག་དང་། དུས་ཚོད་སྣུར་ནས་ལས་སྒྲུབ་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་གྱིས་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་ལ་འགོག་རྐྱེན་བཟོ་བ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཇེ་ཉུང་དུ་བཏང་།
མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་སྣོད་བཅུད་གནས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ལྗང་མདོག་ཨར་ལས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དང་། མཐོ་གྲང་ས་ཁུལ་གྱི་སྣོད་བཅུད་སླར་གསོའི་ལྟེ་བའི་ལག་རྩལ་ཇེ་ལེགས་བཅས་སུ་བཏང་སྟེ ཨར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁོར་ཡུག་སྲུང་སྐྱོང་དང་ཆུ་སྲུང་་དོ་དམ་ཚོད་འཛིན་ཟབ་སྤེལ་བྱས། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་དུས་མཚུངས་སུ། ལག་ཤེས་ཀྱི་བློ་རྩེ་ལ་བརྟེན་ནས་སྔོ་ལྗང་རི་ཆུ་སྲུང་སྐྱོང་དང་། འགན་འཁྲི་ལ་བརྟེན་ནས་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་ནསགློག་དྲ་འཛུགས་སྐྲུན་དང་མཐོ་སྒང་གི་སྣོད་བཅུད་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཀྱི་ལྗང་མདོག་དྲིས་ལན་རྒྱུན་མཐུད་ངང་འབྲི་དགོས།