ཟླ9པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་རེ་དགུ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་འབྲེལ་ཡོད་གསུང་བཤད་དགོངས་དོན། དེ་བཞིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལུའེ་ཀང་། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས།
ཚོགས་འདུ་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པའི་སྟེང་དོན་འཁྱོལ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་བརྟན་པོར་འཁུར་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”གི་ཁྲིམས་བསྟར་ཞིབ་བཤེར་བྱ་བ་ཏན་ཏིག་གིས་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་དགོས། རྒྱལ་དབང་རྒྱུ་ནོར་གྱི་ལྟ་སྐུལ་འགག་སྒོ་དམ་སྲུང་བྱེད་པ་དང་། རྒྱལ་དབང་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་གྱི་ཆེད་དོན་སྙན་ཞུར་ཉན་པ་དང་གྲོས་ཞིབ་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་ནས། རྒྱལ་དབང་རྒྱུ་ནོར་གྱི་ལྟ་སྐུལ་དེ་བརྒྱུད་རིམ་རང་བཞིན་གྱི་ལྟ་སྐུལ་ནས་དངོས་ཕན་རང་བཞིན་གྱི་ལྟ་སྐུལ་ཕྱོགས་སུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་གཏན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། “ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས”ལ་བརྟེན་ནས། ལས་ཁུངས་བདེ་འཇགས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་འགན་ལེན་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། སྲིད་འབྲས་ལྟ་བའི་སློབ་གསོ་དུས་རྒྱུན་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་འབྲས་ལྟ་བའི་ཡོ་ཁྱད་གནད་དོན་ཞིབ་བཤེར་ལེགས་བཅོས་བྱེད་པ། དག་ཐེར་ལེགས་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྤྱོད་གཙང་རང་གཅུན་བརྟན་སྲུང་དང་སྤྱོད་ཚུལ་ལེགས་པོ་ཆགས་པར་བྱས་ནས། སྤྱོད་གཙང་ངང་དུས་ཆེན་ལ་རོལ་བ་དང་དཔལ་ཡོན་ངང་དུས་ཆེན་ལ་རོལ་བར་འགན་ལེན་བྱེད་དགོས། སྤྱི་ཡོངས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་སྐོར་ཞིབ་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ། ཚད་གཞི་ནན་མོ་དང་སྤྱོད་ཚུལ་ལེགས་པོར་བརྟེན་ནས། ཉེ་དུས་ཀྱི་གྲོས་ཚོགས་གལ་ཆེན་གྱི་ཞབས་ཞུ་དང་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས།
ཚོགས་འདུའི་སྟེང་ད་རུང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དྲུག་པས་ཞིང་ཆེན་དམངས་ཆེན་ལས་ཁུངས་ལ་སྐོར་ཞིབ་བྱས་པའི་འབྲེལ་ཡོད་བྱ་བའི་གནས་ཚུལ་སོགས་སྐོར་གྱི་གཞུང་སྒྲུབ་ཐིང་གི་སྙན་ཞུར་ཉན།