ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྐུལ་སྤེལ་ཚོགས་འདུའི་ཀྲུང་དབྱང་ཁེ་ལས་ཀྱི་སྐུ་མགྲོན་རེ་འགར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས14ཉིན་དང་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཀྱིས་མཚོ་སྔོན་དུ་ཡོང་ནས་བྱེད་སྒོར་ཞུགས་པའི་ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཧྲེན་ཡན་ཧྥུན་དང་། རྒྱལ་ཁབ་གློག་དྲའི་རྐང་གཉེར་དབུ་གཙོ་ཀྲང་ཀྲི་ཀང་། ཀྲུང་གོ་ཧྭ་ནིན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཀྲུང་གོ་ཏུང་། ཀྲུང་གོ་ཧྭ་གློག་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཡེ་ཞང་ཏུང་། འབྲི་ཆུའི་འགག་གསུམ་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ལི་ཧྥུའུ་མུན། ཀྲུང་གོ་ཡ་ཅང་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཡུས་པིན། ཀྲུང་གོ་སྤོ་སྒུལ་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཁྲེན་དབྱང་ཧྥན། ཀྲུང་གོ་འཁོར་སྐར་དྲ་རྒྱའི་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ལེའང་པའོ་ཅོན། ཀྲུང་གོ་འབྲུ་རིགས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ལི་གོ་ཆང་། ཧྭ་རོན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཝང་ཚུའེ་ཅོན། ཀྲུང་གོ་བཟོ་བཀོད་རྒྱུ་ཆ་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཁྲང་ཀྲང་ལི། ཀྲུང་གོ་མདོག་ལྡན་གཏེར་ལས་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཝུན་ཀང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཞང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ཝང་ཞའོ་ཅོན། ཀྲུང་གོ་ནུས་ཁུངས་འཛུགས་སྐྲུན་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་ཉི་ཀྲེན། ཀྲུང་གོ་ཀོང་ཏུང་ཉིང་གློག་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་དབྱང་ཁྲང་ལི། ཀྲུང་གོ་གཞི་གྲངས་མཉམ་སྦྲེལ་ཟོང་འགྲུལ་ཀུང་ཟིའི་སྤྱི་གཉེར་བ་ཀྲང་དབྱི་སོགས་ཀྲུང་དབྱང་ཁེ་ལས་ཀྱི་སྐུ་མགྲོན་ཚོར་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན། ཀྲང་ཅིན་ཀང་བཅས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱི་སྐུ་མགྲོན་རྣམས་མཚོ་སྔོན་དུ་རྟོག་ཞིབ་ལ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཀྲུང་དབྱང་གི་ཁེ་ལས་སོ་སོས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོ་ཚོས་བསྟན་དོན། དེང་སྐབས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་པར་ཕན་འབྲས་ཏན་ཏིག་ཐོབ་པ་དང་། ཚྭ་མཚོའི་ཐོན་ཁུངས་དང་དག་གཙང་ནུས་ཁུངས། ལྗང་མདོག་རྩིས་ཤུགས་སོགས་ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་མགྱོགས་མྱུར་ངང་བཏོན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཀྲུང་དབྱང་གི་ཁེ་ལས་སོ་སོ་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་དར་བྱས་ཏེ། སྔོན་ཐོན་གྱི་འདུ་ཤེས་དང་མདུན་གྲལ་གྱི་ལག་རྩལ། སྤུས་ལེགས་ལས་གཞི་བཅས་སྔར་ལས་གང་མང་མཚོ་སྔོན་དུ་དོན་འཁྱོལ་ཡོང་བར་བྱས་ཏེ། འཐབ་ཇུས་ཀྱི་གོ་སྐབས་མཉམ་འཛིན་དང་རོགས་རེས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས། ཞབས་ཞུ་དང་འགན་སྲུང་ཏན་ཏིག་དང་ཞིབ་ཚགས་ཅན་དུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་ཡོང་བར་སྲུང་སྐྱོབ་དང་། ཁེ་ལས་བློ་བདེ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན།

སྐུ་མགྲོན་རྣམས་ཀྱིས་མཚོ་སྔོན་དུ་ཁེ་ལས་གཉེར་སྐྱོང་བྱས་པའི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཚང་མ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་མཚོ་སྔོན་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོར་ཡིད་ཆེས་བརྟན་པོས་ཁེངས་ཡོད།  ཚང་མས་རང་རང་སོ་སོའི་དགེ་མཚན་དང་ཁྱད་ཆོས་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། མཚོ་སྔོན་དུ་མ་དངུལ་གཏོང་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཁྲོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་མངོན་གང་ཐུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ཡོད་རྒུ་འབུལ་རྒྱུ་ཡིན་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥུན་འབྲེལ་ཡོད་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།