ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྲིད་ཏང་གྲོས་མོལ་ཚོགས་འདུ་བསྡུས་ཏེ། དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ《མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་སྲོལ་ཡིག》གི་གཏན་འབེབས་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཡིས་ཚོགས་འདུར་འགོ་འཛིན་བྱས་ཏེ་གཏམ་བཤད། ལིའུ་ཐུང་ཏི། ཁོང་ཡུང་། ཝང་ཞོན་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུའེ་ཀང་གིས་གཏན་འབེབས་གནས་ཚུལ་བརྡ་ཁྱབ་བཏང་། ཚོགས་ཞུགས་ཏང་ཕྱི་མི་སྣས་རང་སའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་སྒོས་སྲོལ་ཡིག་དམིགས་སུ་བཟུང་སྟེ་གྲོས་གཞི་བཏོན།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྲོལ་ཡིག་ལས་དམངས་གཉེར་དཔལ་འབྱོར་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་གལ་ཆེན་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྣེ་ཁྲིད་དང་འགན་སྲུང་གི་བྱེད་ནུས་གལ་ཆེན་ལྡན། ཏང་ཕྱི་མི་སྣས་སྲོལ་ཡིག་གི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། ཁེ་ལས་ཀྱིས་གོ་སླ་ཞིང་སྤྱོད་བདེ་བའི་སྐད་ཆ་བཀོལ་ནས་སྲོལ་ཡིག་གི་སྲོག་ཤིང་བླང་བྱ་གསལ་བོར་བཤད་པ་དང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་རང་ངོས་ཁེ་དབང་གསལ་བོར་ངེས་ཤིང་། ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ལ་ཆ་རྒྱུས་ཡོད་པར་རོགས་བྱེད་དགོས་ལ། འཕེལ་རྒྱས་ཀྱི་ཡིད་ཆེས་མཐོར་འདེགས་གཏོང་དགོས། ཁེ་ལས་ཀྱི་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ཏེ། ཁེ་ལས་ལ་འབྲེལ་གཏུག་དང་དོན་དངོས་ཀྱི་རེ་ཞུར་ཉན་པ། འཕེལ་རྒྱས་ཁྲོད་ཀྱི་འགག་རྩ་དང་དཀའ་གནད། མི་གསལ་བའི་ཆ་བཅས་ལ་གནད་འཁེལ་ཞིབ་བཤེར་བྱེད་པ། མུ་མཐུད་དུ་རྗེས་འདེད་རྟོག་ཞིབ་བྱས་ཏེ། ཟབ་ཚད་ལྡན་ལ་དོན་འཁྱོལ་བྱེད་རུང་བའི་ཇུས་གཞི་བཏོན་ནས། ཐབས་འདོན་ཇུས་འབུལ་གྱི་གྲུབ་འབྲས་དེ་ཡིག་ཐོག་ཏུ་མངོན་པ་ནས་བྱ་བའི་དངོས་འབྲས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྦྲེལ་ཟམ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་སྟེང་མུ་མཐུད་དུ་ཤུགས་བསྣན་ཏེ། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་བློ་སེམས་བདེ་མོར་འཕེལ་རྒྱས་ཇུས་འགོད་ཐུབ་པ་བྱེད་དགོས། ཁེ་ལས་ཀྱི་ཞབས་ཞུའི་བྱ་བ་གནད་འཁེལ་ལེགས་པོར་སྒྲུབ་པ་དང་། རྒྱུན་རྣམ་ཅན་གྱི་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་འཛུགས་པ། ཁེ་ལས་བར་གྱི་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ནས། ཐོན་ལས་མུ་འབྲེལ་གྱི་སྟོད་སྨད་རྒྱུད་མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་དགོས། སྲོལ་ཡིག་དྲིལ་སྒྲོག་དང་དཔྱད་འཇོག་དངོས་གཉེར་སྐུལ་འདེད་བཏང་སྟེ། སྲོལ་ཡིག་གི་ཤེས་རྟོགས་ཚད་དང་ཤུགས་རྐྱེན་ཐེབས་ནུས་ཇེ་མཐོར་གཏོང་བ། སྲོལ་ཡིག་ལག་བསྟར་གནས་ཚུལ་ལ་རྗེས་འདེད་ལན་སློག་གི་རྐྱེན་སྲོལ་བཙུགས་ནས། སྲོལ་ཡིག་གི་གཏན་འབེབས་ཁག་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།