ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་པུ་རུན་ཏི་སྤྱི་མཐུན་རྒྱལ་ཁབ་ཅི་ཐེ་ཅ་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ9པའི་ཚེས14ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་པུ་རུན་ཏི་སྤྱི་མཐུན་རྒྱལ་ཁབ་ཅི་ཐེ་ཅ་ཞིང་ཆེན་གྱི་ཧྲིན་ཀྲང་ལི་པོ་ལེ·པིས་ཅི་ལི་མ་ནཱ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོ་ཚོས་བཤད་རྒྱུར།   ཀྲུང་གོ་དང་པུ་རུན་ཏི་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རྒྱུན་རིང་བ་དང་།  ཀྲུའུ་ཞི་ཞི་ཅིན་ཕིང་དང་པུ་རུན་ཏི་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག  མཚོ་སྔོན་དང་ཅི་ཐེ་ཅ་ཞིང་ཆེན་གྱི་མཛའ་མཐུན་འགྲོ་འོང་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད།  ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་།  མཚོ་སྔོན་ཞིང་ཆེན་དང་ཅི་ཐེ་ཅ་ཞིང་ཆེན་གཉིས་ཀྱིས་མཛའ་མཐུན་ཞིང་ཆེན་གྱི་འབྲེལ་བ་འཛུགས་པའི་གྲོས་ཡིག་བཀོད་དེ་ལོ35འཁོར་བའི་ལོ་ཡང་ཡིན་པས།   ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་མཉམ་དུ“དེང་རབས་ཅན་དྲུག”ལ་སྐུལ་འདེད་གཏོང་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལ་རྐང་འཛུགས་པ་དང་།   ས་གནས་གཉིས་ཀྱི་ཐོན་ཁུངས་དགེ་མཚན་དང་འཕེལ་རྒྱས་མདུན་ལྗོངས་ལ་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་གྱིས་ཅི་ཐེ་ཅ་ཞིང་ཆེན་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོའི་བདེ་སྐྱིད་ལ་སྐུལ་འདེད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོའི་ནང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་མཉམ་ཁེ་དང་ཐུན་མོང་འཕེལ་རྒྱས་ཁྲོད་ཕྱོགས་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་པོ་ལེ·པིས་ཅི་ལི་མ་ནཱ་ཡིས་བསྟན་དོན།  མཚོ་སྔོན་མི་དམངས་ནི་ང་ཚོའི་ཕན་ཚུན་རྒྱབ་སྐྱོར་དང་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་གནང་རོགས་ཀྱི་གྲོགས་པོ་བཟང་བོ་དང་སྤུན་ཟླ་བཟང་བོ་ཡིན།   ཕན་ཚུན་འབྲེལ་བ་བཙུགས་ནས་ལོ35འགོར་བའི་རིང་ལ།  ས་གནས་གཉིས་ཀྱི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་མཛའ་བརྩེ་ཟབ་མོ་ཆགས་ཡོད་ལ། ལྷག་པར་དུ་མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་པུ་རུན་ཏི་ཕྱོགས་ལ་སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱས་ནས་པུ་རུན་ཏི་མི་དམངས་ལ་བདེ་ཐང་བསྩལ་བས།  ང་ཚོས་འདིའི་ཐད་བཀའ་དྲིན་ཞུ་བཞིན་ཡོད།   ཅི་ཐེ་ཅ་ཞིང་ཆེན་གྱིས་ཐེངས་འདིའི་འཚམས་འདྲི་གོ་སྐབས་སུ་བྱས་ཏེ། ས་གནས་གཉིས་ཀྱི་སློབ་གསོ་དང་སྨན་བཅོས། མི་ཚུལ་རིག་གནས་སྤེལ་རེས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།