དཔལ་ལྡན་པདྨའི་དབྱུག་གྲུག་གི་མི་ཚེའི་ཕུགས་འདུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དཔལ་ལྡན་པདྨ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་མི་ཡིན། ལོ29། མཚོ་འཕགས་སྨི3000ཡོད་པའི་མཐོ་སྒང་དུ་འཚར་ལོངས་བྱུང་། བྱིས་དུས་སུ་དཔལ་ལྡན་པདྨའི་འཚོ་བའི་ཁྲོད་རྩྭ་ཐང་དང་ནོར་ལུག་མ་གཏོགས་མེད་ནའང་སྟེས་དབང་ཞིག་གིས་དབྱུག་རྩེད་སྤོ་ལོར་ལས་མཐུན་གྱིས་འཕྲད། སྐབས་དེར་མཐོ་སྒང་གི་དབྱུག་རྩེད་སྤོ་ལོ་སྦྱོང་བརྡར་གྱི་ཆ་རྐྱེན་ཧ་ཅང་ཞན་ཅིང་། སྒྲིག་ཆས་དཀོན་ནའང་། ཁོས་དཀའ་སྡུག་ལ་གདོང་གཏད་དེ་ཡང་དང་བསྐྱར་དུ་སྡུག་རུས་ཀྱིས་སྦྱོང་བརྡར་བྱས་མཐར། 2009ལོར། སྦྱངས་འབྲས་ལེགས་ཐོན་གྱི་རོགས་དངུལ་ཡོངས་སུ་རེག་ཐུབ་པ་བྱུང་སྟེ། མཐོ་སྒང་ནས་རྒྱལ་ནང་དུ་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་པའི་ལམ་དུ་བསྐྱོད།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

ཁོས་སེམས་སུ་བརྩོན་པ་བསྐྱེད་ན་ལས་དབང་ལ་འགྱུར་བ་གཏོང་ཐུབ་པའི་ངེས་ཤེས་སྐྱེས། འགྲན་རའི་ནང་སེམས་ཤུགས་བཙོ་སྦྱངས་དང་དཔེ་དེབ་ཀྱིས་བློ་དང་ཤེས་རབ་འཕེལ་པར་བྱས། དཔལ་ལྡན་པདྨས་དབྱུག་གྲུག་སྦྱོང་རྒྱུ་ཕུད་གནས་གང་དུ་བསྡད་ཀྱང་དཔེ་ཆར་གཟིགས་རྒྱུ་གོམས་ཡོད། ཁོས2016ལོར་ཧྲང་ཧའེ་ཕྱི་སྐད་སློབ་ཆེན་ཏུ་རྒྱུགས་འཕྲོད་ནས་བསླབ་གནས་གཉིས་ལྡན་གྱི་སློབ་སྦྱོང་ལ་འབད་པའི་ཁར་མཐོང་རྒྱ་དང་སེམས་ཤུགས་གང་ཅིའི་ཐད་ལ་འབྲས་བུ་ལེགས་པོ་ཞིག་ཐོབ།

  དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།  

སློབ་མཐར་ཕྱིན་རྗེས། གྲོང་ཁྱེར་གྱི་སྤུས་ཚད་བཟང་པོའི་བྱ་བར་རེག་པའི་གོ་སྐབས་ལྡན་ནའང་། སྔར་བཞིན་ཕ་ཡུལ་ཏུ་ལོག་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་དབྱུག་རྩལ་སྤོ་ལོའི་དགེ་རྒན་བྱས། སྤྱིར་ཚང་མའི་ངེས་ཤེས་སུ་དབྱུག་གྲུག་ནི་གྲོང་ཁྱེར་གྱི་ལུས་རྩལ་ཆུང་ཆུང་ཞིག་ཡིན་ནའང་། དེ་ནི་མཐོ་སྒང་གི་བྱིས་པ་རྣམས་ཀྱིས་འཛམ་གླིང་ལ་རྒྱང་ལྟ་བྱེད་པའི་རབ་གསལ་ཅིག་ཏུ་གྱུར་ཡོད།

2026ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ན་ཆུང་གཞོན་ནུའི་དབྱུག་གྲུག་འགྲན་སྡུར་བྱང་ཕྱོགས་འགྲན་ཁུལ་གྱི་འགྲན་སྡུར་ལ་ཞུགས་པའི་བསྐྱོན་པའི་མཉམ་པར།

དཔལ་ལྡན་པདྨས་སྐས་རིམ་སྦྱོང་བརྡར་མ་ལག་འཛུགས་པ་དང་ཞིང་ཆེན་དབྱུག་གྲུག་མཐུན་ཚོགས་སུ་ཞུགས་ཏེ། བྱིས་པ་སྔར་ལས་མང་པོ་དབྱུག་གྲུག་ལ་བརྟེན་ནས་ཕྱི་ཡི་རྒྱལ་ཁམས་ལ་བལྟ་ཐུབ་པའི་རེ་བ་ཡོད་ཟེར།

  དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།  

ལོ་མང་པོའི་རིང་། ཁོས་འབྲོག་ཁུལ་གྱི་ན་ཆུང་རྣམས་ཁྲིད་ནས་རྒྱལ་ཡོངས་ཀྱི་འགྲན་སྡུར་ཁྲོད་ཞུགས་ཏེ་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་མྱོང་བ་མ་ཟད། བྱིས་པ་གང་མང་ཞིག་གིས་ཀྱང་སློབ་ཆེན་ནམ་ཆེད་ལས་རུ་ཁག་ཏུ་རྒྱུགས་འཕྲོད།

ལོ་ངོ20ཡི་སྔ་རོལ་ཏུ། དབྱུག་གྲུག་གི་ས་བོན་རྡོག་གཅིག་མཐོ་སྒང་དུ་རྩ་བ་ཚུགས་ཤིང་། ད་ལྟ། དཔལ་ལྡན་པདྨས་མུ་མཐུད་དུ་དབྱུག་རྩེད་སྤོ་ལོ་ལ་བརྟེན་ནས་མཐོ་སྒང་གི་ན་ཆུང་གཞོན་ནུའི་ཕུགས་བསམ་འཚོལ་སྙེག་གི་ལམ་བུར་སྲུང་སྐྱོབ་བྱེད་བཞིན་ཡོད།

  དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

  དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ། 

  དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།  

 

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སྦྱོང་བརྡར་སྐབས་སུ་སློབ་མ་ཚོ་དང་མཉམ་དུ་ཁ་བརྡ་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་སློབ་མ་ཚོ་ཁྲིད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབྱུག་རྩལ་སྤོའི་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

2026ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ན་ཆུང་གཞོན་ནུའི་དབྱུག་གྲུག་འགྲན་སྡུར་བྱང་ཕྱོགས་འགྲན་ཁུལ་གྱི་འགྲན་སྡུར་ལ་ཞུགས་པའི་ཡུལ་དངོས།

2026ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ན་ཆུང་གཞོན་ནུའི་དབྱུག་གྲུག་འགྲན་སྡུར་བྱང་ཕྱོགས་འགྲན་ཁུལ་གྱི་འགྲན་སྡུར་སྔོན་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་དབྱུག་གྲུག་རུ་ཁག་གི་རུ་མིས་འགྲན་ཡར་དྲི་མེད་ཀྱི་ཁ་བཏགས་འབུལ་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བཞིན་པའི་ཚུལ།

དཔལ་ལྡན་པདྨས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་མའི་སྣེ་ཁྲིད་ནས་སྦྱོང་བརྡར་བྱེད་བ ཞིན་པའི་ཚུལ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།