ཟླ9པའི་ཚེས10ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁོངས་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་དྲུག་པ་པེ་ཅིང་དུ་འཚོག་འགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁོངས་པུའུ་ཀྲང་གྲོས་ཚོགས་ཐེངས་བཅུ་དྲུག་པ་ཚེས10ཉིན་པེ་ཅིང་དུ་འཚོག་འགོ་བརྩམས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གྲོས་ཚོགས་ལ་ཞུགས་ནས་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་ཁོངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པའི་མཛུབ་ཁྲིད་འོག ཀྲུང་གོའི་ནུས་ཁོངས་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ལ། ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ནུས་ཁུངས་གསར་པའི་ཐོན་ལས་མགྱོགས་མྱུར་ངང་རྒྱ་སྐྱེད་པ་མ་ཟད། ནུས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་ནུས་ཁོངས་་དངོས་གཉེར་མཉམ་ལས་ལཟབ་ཞུགས་བྱས་པ་དང་། ཁུལ་ཁོངས་ནུས་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། གོ་ལ་ཧྲིལ་པོའི་ནུས་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཐད་བྱས་རྗེས་གལ་ཆེན་བཞག་ཡོད།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ནུས་ཁོངས་ཁྲོམ་ར་བརྟན་བརླིང་ཡོང་བར་བྱེད་པའི་སྲུང་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་གྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་ནུས་ཁོངས་མཉམ་ལས་ཀྱི་དངོས་སྒྲུབ་མཁན་བཅས་བྱས་ཏེ་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་ནུས་ཁོངས་བདེ་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཁོང་གིས་གྲོས་གཞི་ཁག་གསུམ་བཏོན་པ་སྟེ། གཅིག་ནི་སྤྱི་ཕན་མཉམ་སྤྱོད་ལ་ཤུགས་བསྣན་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་ཁོངས་ཁེབས་རུང་རང་བཞིན་མཐོར་འདེགས་གཏོང་བའི་གྲོས་འགོ་དོན་འཁྱོལ་བྱེད་པ་དང་། སྔོན་ལ་ལྗང་མདོག་ནུས་ཁོངས་ཀྱི“ཆུང་ཞིང་མཛེས་པའི”རྣམ་གྲངས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཁ་གྲམ་རང་བཞིན་གྱི་ནུས་ཁོངས་དང་གློག་གསོག་རྨང་གཞིའི་སྒྲིག་ཆས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཉིས་ནི་གསར་གཏོད་མཉམ་ལས་ལ་ཤུགས་བསྣན་ཏེ་ལག་གདང་སྦྲེལ་ནས་གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་ནས། རྣམ་པ་གསར་པའི་ནུས་གསོག་དང་གྲངས་འཛིན་གློག་དྲ་སོགས་གསར་དར་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱས་ཏེ། བྱང་ཆ་ལྡན་པའི་ལག་རྩལ་དང་བཀོལ་སྤྱོད་ཀྱི་ཡུལ་རྣམ་ཁྱབ་གདལ་གཏོང་བ། གསུམ་ནི་མཐུན་སྦྱོར་མཉམ་བཅོས་ལ་ཤུགས་བསྣན་ནས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ཏེ། སྔར་ལས་བདེ་འཇགས་དང་། ལས་ཆོད་ཆེ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ནུས་ཁོངས་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། ནུས་ཁོངས་ཀྱི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་་བརྟན་བརླིང་དང་ཤར་གཏོང་ཐུབ་པར་འགན་ལེན་བྱེད་པ་དང་། ཁུལ་ཁོངས་དང་གོ་ལ་ཧྲིལ་པོའི་ནུས་ཁོངས་ཁྲོམ་ར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་ཡིན།
ཐེངས་འདིའི་ཚོགས་འདུ་ཡི་བརྗོད་དོན་གཙོ་བོ་ནི“ཐུན་མོང་གིས་སྤྱི་ཕན་དང་། གསར་གཏོད། མཉམ་སྒྲུབ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ནུས་རྒྱུའི་གཅིག་མཐུན་འདུས་གྲུབ་བསྐྲུན་དགོས”ཞེས་པ་དེ་ཡིན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་པའི་དཔལ་འབྱོར་དངོས་ཚན་གྱི་ནུས་ཁུངས་པུའུ་ཀྲང་ངམ་འཐུས་མི་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་མི300ཙམ་འགོ་རྩོམ་མཛད་སྒོར་ཞུགས།