ཝང་ཧུའུ་ཉིང་གིས་ཨན་ཀོ་ལའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་ཏེ་ཨར་མེ་ཏ་དང་མཇལ་འཕྲད་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ9པའི་ཚེས11ཉིན། ཝང་ཧུའུ་ཉིང་གིས་ཨན་ཀོ་ལའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་ཏེ་ཨར་མེ་ཏ་དང་མཇལ་འཕྲད་གནང་།

ཟླ་དགུ་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཨན་ཀོ་ལའི་རྒྱལ་དམངས་གྲོས་ཁང་གི་གྲོས་གཙོ་ཏེ་ཨ་ཨེར་མེ་ཏ་དང་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན།  2024ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲི་གནང་བའི་སྲིད་འཛིན་ལུའོ་ལུན་སུའོ་དང་ལྷན་དུ་ཀྲུང་ཨན་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཐབ་ཇུས་ཀྱི་ཁྲིད་སྟོན་གནང་། ཀྲུང་ཕྱོགས་ཀྱིས་ཨན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ།  སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་ཨན་གྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་ཨན་རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། 

ཏེ་ཨ་ཨེར་མེ་ཏ་ཡིས་བསྟན་དོན། ཨན་ཀོ་ལ་ཡིས་ཨན་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་འགྲོ་འོང་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས། ཨན་ཀོ་ལ་ཡིས་ཀྲུང་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་པ་དང་།  ཀྲུང་ཕྱོགས་ཀྱིས་ཨན་ཀོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ནུས་ཁུངས་དང་། དཔལ་འབྱོར་ཉོ་ཚོང་། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས། དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད།     

ཧུའུ་ཁྲུན་ཧྭ་སོགས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།