ཟླ9པའི་ཚེས8ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁངགི་ཏང་ཙུའུ་ཡིས་རྒྱས་འཛོམས་ཚོགས་འདུ་ཐེངས་རེ་བརྒྱད་པ་དང་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་སྤྱི་བསྡོམས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གནས་ཚུལ་སྤྱི་བསྡོམས་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་བའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་ཚོགས་འདུར་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་། ཝང་ཅིན་ཀྲེ། ཁྲེན་ཏུང་ཁྲང་། ལས་ཁུངས་ཀྱི་ཏང་ཡོན་ཡོངས། ལས་བྱེད་ལས་བཟོ་བ་བཅས་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ཤིང་། ལངས་གནས་མཐོན་པོས་གཅིག་འདོམས་དང་གོང་འོག་སྣེ་ཁྲིད། སྐུལ་འདེད་ནན་གཏོང་བཅས་རྒྱུན་འཁྱོངས་བྱས་ཏེ། སྤྱིའི་ཆ་ནས་ཚད་གཞི་མཐོ་བའི་བཀོད་སྒྲིག་དང་སྤུས་ཚད་མཐོན་པོས་སྒྲུབ་པ། ལས་ཆོད་ཆེན་པོས་དོན་འཁྱོལ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཞིང་། དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་བརྟན་ཐོག་ཡར་འཕེལ་དང་། བདེན་སྲུང་གསར་གཏོད། སྤུས་འདེགས་ནུས་སྐྱེད་བྱུང་།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། བློ་སྒྲིལ་སེམས་སྐྱེད་ཀྱིས་གཞུང་ལུགས་ཇེ་དྲག་ཏུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་ཞུན་བརྡར་ལ་བརྟེན་ནས་བསམ་པའི་རྨང་རྐང་བརྟན་པོར་བཏང་ནས། ཆབ་སྲིད་སྟེང་གི་མི་གོ་ཆོད་ཅིག་བྱེད་དགོས། དངོས་སྒྲུབ་ནན་འཛིན་གྱིས་དག་ཐེར་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ། གནད་དོན་མཁྲེགས་གཏོར་ལ་བརྟེན་ནས་མི་འདང་ས་དང་ཞན་ཆ་གསབ་ནས། ལས་སྒོར་ཤེས་རྟོགས་ཡོད་མཁན་ཞིག་བྱེད་དགོས། སྒྲིག་སྲོལ་ཁྲིམས་འཛུགས་ལ་བརྟེན་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་ཚོད་འཛིན་ལ་བརྟེན་ནས་རྒྱུན་རྣམ་ཡུན་ཕན་ལ་སྐུལ་འདེད་བཏང་ནས་སྒྲིག་ཁྲིམས་ཤེས་རྟོགས་མཁན་ཞིག་བྱེད་དགོས། སློབ་སྦྱོང་དང་བཀོལ་སྤྱོད། ཁས་ལེན་སྒྲུབ་པ་བཅས་ལ་བརྟེན་ནས་འགན་སྒྲུབ་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ། དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ཉམས་ལེན་བྱས་ནས་དོན་འཁྱོལ་སྟེང་མི་གོ་ཆོད་ཅིག་བྱེད་དགོས་ལ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་གསར་བ་དང་གྲུབ་འབྲས་གསར་བར་བསྒྱུར་དགོས།