མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ལིའུ་མེ་ཕིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཚའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་་དང་། ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། ཆབ་སྲིད་འཛུགས་སྐྱོང་གི་རྩ་བའི་ལས་འགན་དང་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་བསམ་བློའི་མཚོན་ཆ། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས། ལམ་ལུགས་འཛུགས་སྐྱོང་གི་རྩ་བའི་འགན་སྲུང་བཅས་ལ་དམ་འཛིན་ནན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱེད་པའི་ལས་འགན་གཙོ་བོ་བཅས་ལ་དམིགས་ཏེ། སྐོར་ཞིབ་བྱ་བ་ལེགས་པོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་བཏང་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྔར་ལས་ཞབས་འདེགས་ལེགས་པོ་ཞུ་དགོས་པར་བསྟན།

ཚོགས་འདུའི་སྟེང་འདི་སྐད། སྲུང་སྐྱོང་གཉིས་ཀྱི་རྩ་བའི་ལས་འགན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་དམངས་ཆེན་སྲིད་གྲོས་དང་ཏང་ཨུ་སྲིད་གཞུང་གི་གཞུང་སྒྲུབ་ཁང་གཉིས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དང་། རྩ་འཛུགས་དང་མང་ཚོགས་ཚོགས་པ་སོགས་ཀྱི་བྱ་བའི་བཀོད་སྒྲིག་བླང་བྱ་ལྟར་ལྟ་སྐུལ་ལ་ཤུགས་སྣོན་དང་།  ཆབ་སྲིད་ཀྱི་ནོར་འཁྲུལ་ཤེས་པ་ལ་ཡོ་བསྲང་ནན་མོ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་བརྟན་པོ་འདོན་དགོས།

ཐེངས་འདིའི་སྐོར་ཞིབ་ནི་ཟླ9པའི་ཟླ་སྟོད་ནས་ཟླ11པའི་ཟླ་སྟོད་བར་སྤེལ་རྒྱུ་ཡིན་ལ། ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་སྒྲིག་ཁྲིམས་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་། ཞིང་ཆེན་སྲིད་གྲོས་ལས་ཁུངས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་དོ་དམ་ཅུས། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་བཅས་ལ་རྒྱུན་རྣམ་སྐོར་ཞིབ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།