རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱིས་ཉིན་རེའི་ཆ་སྙོམས་ཚིག་གཞི་བཀོལ་སྤྱོད་བྱེད་ཚད་ལོ་གཉིས་ནང་ལྡབ་སྟོང་ཕྲག་འཕར་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་རྩིས་ནུས་དྲ་བར་མ་འཇོག་སྒོར་དུང་ཕྱུར་ཁྲི་4གཏོང་འགོ་ཚུགས་པ། ཚིག་གཞི་བཟོ་གྲྭ་དང་རྒྱལ་ཐོན་རྩིས་ནུས་འབྱུང་ཁམས་འཛུགས་སྐྲུན་མགྱོགས་སུ་ཕྱིན་པ་བཅས་བྱུང་ཡོད།

གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་ཉིན་རེའི་ཆ་སྙོམས་ཚིག་གཞི་སྤྱོད་ཚད་དུང་ཕྱུར་ཁྲི་500ལས་བརྒལ་ཡོད། གྲངས་ཀ་འདི་ཧང་སངས་དགོས་པ་ཞིག་ཡིན་ཞིང་། 2024ལོའི་ལོ་འགོར་དུང་ཕྱུར་1000ཙམ་ལས་ཟིན་གྱི་མེད་པ་དང་། ལོ་གཉིས་ཀྱི་དུས་ཚོད་ནང་ལྡབ་སྟོང་ཕྲག་འཕར་ཡོད། ཚིག་གཞི་བཀོལ་སྤྱོད་བྱེད་ཚད་གློ་བུར་དུ་འཕར་བ་དེ་ནི་དཔེ་དབྱིབས་ཆེན་མོའི་འགྲན་རྩོད་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་པས་ཡིན་པ་རེད།

ལས་རིགས་ནང་ཁུལ་གྱི་མི་སྣས། མིག་སྔར་གོ་ལ་ཧྲིལ་པོའི་དཔེ་དབྱིབས་ཆེན་མོའི་འགྲན་རྩོད་ཛ་དྲག་ཤོས་དང་རིམ་སྤོར་བྱེད་མགྱོགས་ཤོས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་དང་། ཀྲུང་གོའི་དཔེ་དབྱིབས་ཆེན་མོ་གོ་ལ་ཧྲིལ་པོའི་མདུན་གྲལ་དཔུང་ཁག་ནང་གནས་ཡོད། འགྲན་རྩོད་ཀྱི་འགག་གནད་ཀྱང་དཔེ་དབྱིབས་ཀྱི་རིག་སྟོབས་རྐྱང་པ་ནས་རིག་ནུས་བཀོལ་སྤྱོད་དང་འབྱུང་ཁམས་འཛུགས་སྐྱོང་བྱེད་པའི་ཕྱོགས་ཡོངས་ཀྱི་འགྲན་བསྡུར་ལ་འགྱུར་ཡོད་ཅེས་བསྟན་འདུག

ཉིན་རེར་ཆ་སྙོམས་ཚིག་གཞི་བཀོལ་སྤྱོད་བྱེད་ཚད་དུང་ཕྱུར་ཁྲི་500ཟིན་པ་ནས་མཁོ་སྤྲོད་ལྡབ་10མ་འདང་བའི་བར་དང་། དེ་ནས་སྒོར་དུང་ཕྱུར་ཁྲི་4ཡི་མ་འཇོག་འཆར་གཞི་བཏོན་པའི་བར། འཆར་འགོད་ཀྱི་བློ་གྲོས་དང་ཐོན་ལས་ཀྱི་དུས་ཡུན་ལ་ཚོད་བགམ་བྱེད་པའི་འགྲན་བསྡུར་ཞིག་འགོ་ཚུགས་ཡོད་པ་རེད།