ཟླ་9ཚེས་1ཉིན། ཆུ་བེད་པུས་མུ་མཐུད་གྲོས་མོལ་སྒྲིག་འཛུགས་བྱས་ཏེ། བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་གནོད་འཚེའི་སྦྲེལ་ཐག་ཧྲིལ་པོའི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་བྱས་ཡོད། ཉེ་དུས་ཀྱི་རྒྱང་ཚོར་བརྙན་རིས་ལ་ཞིབ་བསྡུར་དབྱེ་ཞིབ་བྱས་པ་བརྒྱུད། སྐྱིད་གྲོང་གཙང་པོ་རྒྱུག་ཁུལ་དུ་དུས་མཚམས་གོང་མར་གྲལ་བཤེར་ཐུབ་པའི་འཁྱགས་མཚེའུ་14ཡི་ཆུ་ངོས་རྒྱ་ཁྱོན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་མེད་པ་དང་། སྤྱི་ཡོངས་བལྟོས་བཅས་ཀྱིས་བརྟན་པོར་གནས་ཡོད།

ཟླ་9ཚེས་1ཉིན་གྱི་ཆུ་ཚོད་8པར། མི་མེད་གནམ་གྲུས་བླངས་པའི་རྡབ་རྡེག་ཕོག་སའི་འདྲ་པར།
ཚེས་1ཉིན་གྱི་ཆུ་ཚོད་8པར་མི་མེད་གནམ་གྲུས་བླངས་པའི་བརྙན་རིས་ལ་གཞིགས་ན། ནེ་པ་ལའི་མཚོ་ཆེན་གཙང་པོའི་རྡབ་རྡེག་ཕོག་སའི་འཁྱིལ་ཆུ་གཞི་རྩའི་ཆ་ནས་བཤངས་ཟིན་པ་དང་། སྨད་རྒྱུད་ཀྱི་ཆུ་ལམ་ནང་རྒྱུན་གཏན་ལྟར་ཆུ་རྒྱུག་གི་ཡོད། ནེ་པ་ལའི་མཚོ་ཆེན་གཙང་པོའི་རྡབ་རྡེག་ཕོག་སའི་མཐའ་འཁོར་གྱི་འཁྱགས་རོམ་ད་དུང་ཉིལ་ཉེན་ཡོད་པས། ཉེན་ཁའི་མངོན་མེད་རྐྱེན་ངན་ཆེན་པོ་གནས་ཡོད།