ཟླ9པའི་ཚེས1ཉིན་ནས་ཚེས2ཉིན་བར། དུས་རབས་གསར་བའི་བོད་འབྲེལ་གཞི་རིམ་ཆོས་ལུགས་བཅོས་སྐྱོང་གླེང་སྟེགས་སྐབས་ལྔ་པ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
སྐབས་འདིའི་གླེང་སྟེགས་ནི་ཏང་གིས་ཆོས་ལུགས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་གཏོང་བ་དང་། ཆོས་སྲོལ་འཛུགས་སྐྲུན་ཟབ་སྤེལ་སྲ་བརྟན་གཏོང་བ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཧུར་ཐག་གིས་སྣེ་ཁྲིད་བྱེད་པ་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས། གླེང་སྟེགས་ལས་བྱ་བའི་འབྲེལ་འདྲིས་དང་། རིག་གཞུང་ཞིབ་འཇུག ཆོས་ལུགས་འགྲེལ་བཤད་བཅས་གཞི་གཅིག་ཏུ་གྲུབ་པའི་སྟེགས་བུ་བསྐྲུན་ནས། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། ནང་སོགས་སོགས་ཞིང་ལྗོངས་ཀྱི་ཆོས་ལུགས་ཞིབ་འཇུག་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། རྒྱལ་ནང་གི་སློབ་ཆེན་མང་པོ་དང་། ཚན་རིག་ཞིབ་འཇུག་གླིང་གི་ཆེད་མཁས་ཞིབ་འཇུག་པ། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར། སྲིད་གཞུང་མི་རིགས་ཆོས་ལུགས་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཀྱིས་བརྗོད་དོན་ལ་དམིགས་ནས་ཞིབ་འཇུག་གླེང་མོལ་བྱས། ཞིང་ཆེན་ནང་ཁུལ་གྱི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣས་ཆོས་སྲོལ་འཛུགས་པར་ཤུགས་སྣོན་པའི་ཆོས་ལུགས་འགྲེལ་བཤད་བྱས། གླེང་སྟེགས་ལ་དཔྱད་རྩོམ་དང་། རྟོག་ཞིབ་སྙན་ཞུ་དང་བྱ་བའི་ཉམས་མྱོང་གི་བསམ་བློ་བརྗེ་རེས་ཀྱི་རྒྱུ་ཆ110ལྷག་འབྱོར།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་བོད་འབྲེལ་ས་ཁུལ་གྱི་གཞི་རིམ་ཆོས་ལུགས་ལས་དོན་བཅོས་སྐྱོང་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ནས། ཏང་གིས་ཆོས་ལུགས་བྱ་བར་ཁྱོན་ཡོངས་ཀྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་དམ་དུ་བཟུང་སྟེ། ཁྲིམས་སྐྱོང་གིས་གཞི་རིམ་ཆོས་ལུགས་ལས་དོན་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བར་འགན་སྲུང་བྱེད་པ་དང་། ཆོས་སྲོལ་འཛུགས་སྐྲུན་དེ་སྔར་བས་འབུར་ཐོན་གྱི་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཆོས་སྲོལ་བཟང་པོས་དག་གཙང་གཟབ་ནན་གྱི་ཆོས་ལུགས་ཁོར་ཡུག་སྐྱོང་དགོས།
གླེང་སྟེགས་ཀྱི་སྐབས་སུ། ཚོགས་ཞུགས་མི་སྣ་དག་ཡུས་ཧྲུའུ་ཁུལ་རྒྱ་བཟའ་ཀོང་ཇོ་བོད་དུ་བསྐྱོད་པའི་རྗེས་དྲན་ཁང་དང་སྐྱེ་རྒུ་དགོན་པ། ཁྲ་འགུ་དགོན་པ་བཅས་སུ་སོང་ནས་ལྟ་སྦྱོང་བྱས།