【དུས་རབས་གསར་པ། རྒྱང་ལམ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྟོག་ཞིབ་ཏུ་བསྐྱོད་པ། 】ནུས་ཁུངས་གཙང་མས་རླབས་རྒྱུན “གནས་བཞི”རུ་འཕྱུར་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ད་ལོ་ནི2016ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་ཏེ། “ནུས་ཁུངས་གཙང་མས་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས”ཞེས་པའི་བཀའ་བཅོལ་གལ་ཆེན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཡིན། ལོ་ངོ་བཅུ་ཡི་རིང་ལ། མཚོ་སྔོན་གྱིས་མངགས་བཅོལ་ནན་པོ་བློ་ལ་བརྟན་པོར་ངེས་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཐད་བླང་བྱ་གལ་ཆེན་གཏན་འཁེལ་བྱས་ཤིང་། ས་མཐོའི་ཐུན་མོང་མ་ཡིན་པའི་འོད་རླུང་གློག་ཤུགས་ཀྱི་ཐོན་ཁུངས་ལ་གཞི་ཚུགས་ནས་སྐྱེ་ཁམས་གཙིགས་འཛིན་དང་གནོད་མེད་ཐྰན་ཉུང་གོང་འཕེལ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་སྟོབས་ཆེར་བཏང་། ས་མཐོའི་ནུས་རྒྱུ་གཙང་མས་ཚྭ་མཚོ་ཐོན་ལས་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། གནོད་མེད་ཞིང་འབྲོག་ལས་སོགས་ཐོན་ལས་འབྲེལ་ཐག་ལ་ནུས་པ་བསྩལ་ཏེ་མཐུན་སྦྱོར་རིམ་སྤར་བྱས་པ་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཚོ་སྔོན་གྱི་ལག་ལེན་ལ་གནོད་མེད་ཀྱི་སྒུལ་ནུས་ཆེན་པོ་བསྣན།  

2016ལོའི་ཟླ་8པར་ཕྱིར་དྲན་བྱས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་དུས“ནུས་རྒྱུ་གཙང་མས་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་དགོས”ཞེས་པའི་མངགས་བཅོལ་གལ་ཆེན་དེ། ལོ5འདས་རྗེས་ཀྱི2021ལོའི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་དུས་མཚོ་སྔོན་གྱིས་ཐོན་ལས་ཀྱི“གནས་བཞི”མགྱོགས་མྱུར་བསྐྲུན་དགོས་པའི་བླང་བྱ་གལ་ཆེན་བཏོན་པ་སྟེ། “འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་དམིགས་ས།  གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་གཏོད་དགོས”ཞེས་པ་དེ་རེད།

ལོ10ཡི་རིང་ལ་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་གལ་ཆེན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ། གནོད་མེད་ཐྰན་ཉུང་གོང་འཕེལ་མཐའ་འཁྱོངས་ཐོག  ཐུན་མིན“འོད་རླུང”ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་པས། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྔར་བས་ཁ་གསལ་དུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་སྟོང་ཧྥུ750ཅན་གྱི་སྒོ་ལུང་གློག་སྒྱུར་ས་ཚིགས།

མཐོ་ས་གསར་པ་མཐོང་བ་སྟེ། འཚོལ་ཞིབ་ཀྱི་རྗེས་སྙེག་པ་ནས་རྒྱལ་ཁབ་ཀྱི་མིང་བྱང་བར།

 མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་བཏུལ་ཐང་དུ་འོད་ཤུགས་པང་ལེབ་མུ་མེད་བྱེ་ཐང་དུ་སྔོ་ལྟེམ་མེར་བཀྲམས་ཤིང་། རླུང་འཁོར་ཤོན་ཤུབས་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ངེས་མེད་དུ་འཁོར་བ་དང་། གློག་གཏོང་བྱེད་སྐུད་ལམ་རིང་མོ་རི་ཀླུང་དང་རྩྭ་ཐང་གྲངས་མེད་བརྒལ་ནས་ཞིང་འབྲོག་གྲོང་སྡེ་ཀྱིས་གཏན་འཇགས་ཀྱི་གློག་ཤུགས་གཙང་མ་ཞིག་ལོངས་སུ་སྤྱོད་པའི་རྣམ་པ་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི“རླུང་འོད་གློག་ཤུགས་ཧྲིལ་པོའི”བསྡུས་གཟུགས་རེད།
    ལོ་ངོ10ཡི་ཡར་སྔོན་དུ་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་མགོ་སོ་མ་རྩོམ་པའི་དུས་ཡིན་པས། ཐོན་ཁུངས་གསར་འདོན་བྱེད་ཚད་དམའ་བ་དང་ལག་རྩལ་གསོག་འཇོག་གི་ཚད་མི་འདང་བའི་ཚུལ་ནས་གནས་ཡོད། ལོ་ངོ10ཡི་རྗེས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྟོང་ཝ་ཁྲི་སྟོང་ཅན་གྱི་ནུས་རྒྱུ་གསར་པའི་རྟེན་གཞི་གཉིས་ཀྱི་གཞི་ཁྱོན་ཆགས་ཤིང་། “བྱེ་ཀླུང་ཐང་རྒོད”དུ་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་གང་མགྱོགས་ཀྱིས་གསར་སྤེལ་བྱས་པས། མྱ་ངམ་ཐང་ཆེན་དེར་རླུང་འཁོར་དང་འོད་ཤུགས་ཀྱི་དཔུང་ཆེན་པོས“རྨད་བྱུང་རླུང་འོད་གློག་ཤུགས”ཀྱི་ཐོན་ཁུངས་དགེ་མཚན་དོན་དངོས་ཀྱི་གློག་ནུས་སུ་བསྒྱུར།
    2026ལོའི་ཟླ་6པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་གཞི་ཁྱོན་སྟོང་ཝ་ཁྲི7958ཟིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གློག་གསོག་ཤོང་ཚད་བསྡོམས་འབོར་གྱི93.3%ཟིན། ནུས་རྒྱུ་གསར་པའི་གློག་འདོན་གཞི་ཁྱོན་སྟོང་ཝ་ཁྲི6317ཟིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་གློག་འདོན་ཤུགས་བསྡོམས་འབོར་གྱི74.06%ཟིན། འོད་ཤུགས་དང་རླུང་ཤུགས་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་གཞི་ཁྱོན་ལྡབ་ཁ་ཤས་འཕར་ཏེ། ལོ་རེའི་ཆ་སྙོམས་ཀྱི་གློག་གཙང་མ་འདོན་ཚད་རྒྱུན་ཆད་མེད་པར་འཕར་ཡོད། ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་དང་གློག་གཏོང་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་བྱེད་པོའི་གོ་བབ་བཟུང་ནས“བྱེད་པོ་གཉིས”ཀྱི་རྣམ་པ་གྲུབ།

 ནུས་ཁུངས་གསར་པ་འཕེལ་རྒྱས་ཀྱི་འགྲན་སློང་ཆེ་ཤོས་ནི“རླབས་འགུལ་རང་བཞིན”དེ་རེད། མཛེས་ལྗོངས་ཐོན་ཁུངས་གྱིས“གནམ་གཤིས་ལ་བརྟེན་ནས་འཚོ་བ་སྐྱེལ་ན”གློག་ནུས་བརྟན་པོར་འདོན་པར་འགན་ལེན་ཇི་ལྟར་བྱེད་ཅེས་པར།  མཚོ་སྔོན་གྱིས་དེ་ལ་ལན་རབ་དང་རིམ་པ་བཏབས།དེ་ནི་གཞི་ཁྱོན་ཆེན་པོར་འཕེལ་བ་ཞིག་ཡིན་པ་མ་ཟད། ལག་རྩལ་ཀྱི་གསར་བརྗེ་ཐེངས་ཤིག་ཀྱང་རེད། ལོ་བཅུའི་རིང་མཚོ་སྔོན་གྱིས་སྣ་ཆིག་རྐྱང་གི་འོད་ཤུགས་ལྷུ་ལག་བཟོ་སྐྲུན་གནས་གཅིག་ཏུ་གོང་སྤེལ་བྱེད་སྟངས་བསྐྱུར་ཏེ། སྟོད་སྨད་རྒྱུད་ཀྱི་ཐོན་ལས་འགག་སྒོ་གཏོར་དང་ཆབས་ཅིག  མཛེས་ལྗོངས་རྟེན་གཞི་ཆེ་གྲས་དང་། སྣ་མང་ནུས་གསོག་སྒྲིག་བཀོད། རིག་ནུས་བཀོད་གཏོང་(ཁང་པ་སོགས་ཀྱི)སྟེགས་བུ་བཅས་དུས་གཅིག་ཏུ་བཀོད་སྒྲིག་བྱས་ནས་ཐོན་ཁུངས་ཀྱི་ནུས་པ་དེ་བརྒྱུད་རིམ་རང་བཞིན་གྱི་ཐོན་ལས་ལེགས་ཆར་བསྒྱུར། འདི་ལྟ་བུའི་ནུས་རྒྱུའི་ས་ཁྲའི་རྒྱབ་ཏུ་ཉིན་བཞིན་བརྟན་ཞིང་རིག་ནུས་གློག་དྲ་ཞིག་ཡོད་པ་ཡིན་པས། ས་མཐོའི་ཐོན་ཁུངས་ཀྱི་དགེ་མཚན་གཟེངས་སུ་བཏེགས་པ་མ་ཟད“མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རྒྱལ་ཁབ་ཀྱི་མིང་བྱང་ཞིག་ཏུ་བསྒྱུར་ཡོད།

 ལག་རྩལ་ཀྱི་འདེགས་སྐྱོར་མ་ལག་ཀྱང་རྒྱུན་མཐུད་འཕེལ་རྒྱས་བྱུང་།  འཛམ་གླིང་སྟེང་གི་ནུས་རྒྱུ་གསར་པ་ཐག་རིང་དུ་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་ཆེ་གྲས་ཐོག་མ་སྟེ་སྟོང་ཧྥུ±800ཅན་གྱི་མཐོ་གནོན་ཆེན་པོ་མཚོ་སྔོན་ལྷོ་རྒྱུད་ཀྱི་གློག་རྒྱུན་བརྗེ་གསོར་ས་ཚིགས་སུ་ཀྲའོ300ཅན་གྱི་དུས་མཉམ་སྙོམས་སྒྲིག་ཆས་ཆེ་གྲས4ཡིས“རིམ་འདས་གློག་ཤུགས་བརྟན་ཆས”བཞིན་ནུས་རྒྱུ་གསར་པའི་གཞི་ཁྱོན་ཆེན་མོ་སྦྲེལ་མཐུད་ལ་འདེགས་སྐྱོར་མཁོ་འདོན་བྱེད་ཀྱིན་ཡོད། དེ་དང་ཐག་ཉེ་སའི་ནུས་རྒྱུ་གསར་པའི་ས་ཚིགས་སུ་ཁྱབ་ཚུལ་རྣམ་པའི་སྙོམ་སྒྲིག་སྒྲིག་ཆས33གྱིས་གློག་གནོན་འཕར་ཆག་སྙོམས་སྒྲིག་གནད་འཁེལ་བྱེད་ཀྱིན་ཡོད།  ནུས་གསོག་དང་འོད་གློག་ས་ཚིགས་དེ་རྩེ་སྙོམས་གློག་ཁུངས་གློག་ཁུངས་ཡིན་པའི་ངོས་ནས“ནུས་གསོག་རྫིང་བུ”ཡི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་རེད། དེ་ལྟ་བུའི“གཅིག་སྡུད་རྣམ་པའི་སྙོམ་སྒྲིག་ཆེ་གྲས+ཁྱབ་ཚུལ་རྣམ་པའི་སྙོམ་སྒྲིག་ཆས+ནུས་གསོག”བཅས་ཀྱི་ཕྱོགས་བསྡུས་མཉེན་གཤིས་འདེགས་སྐྱོར་མ་ལག་གིས་ནུས་རྒྱུ་གསར་པའི་གཞི་ཁྱོན་ཆེན་མོ་གཅིག་སྡུད་སྦྲེལ་མཐུད་བྱེད་ཅིང་། དེ་དང་འབྲེལ་ནས་གློག་གནད་མཐོ་ཤོས་ཀྱི་ཐག་རིང་སྐྱེལ་འདྲེན་བྱེད་པའི་ལག་རྩལ་གི་འགག་གནད་སེལ་བས། རྒྱལ་ཡོངས་ཀྱི་གློག་ལས་ཁོངས་གཏོགས་གསར་པར་འཛུགས་སྐྲུན་ཐད་ལ་འདྲ་བཤུས་དང་རྒྱ་ཆེར་སྤེལ་ཆོག་པའི“མཚོ་སྔོན་གྱི་ཇུས་གཞི”མཁོ་འདོན་བྱས་ཡོད་པ་རེད།

ནུས་རྒྱུ་གསར་པའི་ཐོན་ནུས་འབོར་ཆེན་དེ་ནི་བློ་རིག་བཀོད་གཏོང་མ་ལག་ཆ་ཚང་ཞིག་གི་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་འབྲལ་ཐབས་མེད། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་ནི་གློག་ལས་ཁོངས་གཏོགས་དེའི“གྲངས་ཀའི་ཀླད་ཆེན”ཡིན། དེར་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་ས་ཚིགས་ཀྱི་འཁོར་སྐྱོད་གཞི་གྲངས་ཕྱོགས་གཅིག་ཏུ་བསྡུས་ནས་ཡོད་ཅིང་། རླུང་གློག་དང་འོད་ཤུགས་ཀྱི་འཁྱོག་ཐིག་དུས་ལྟར་མར་ལྡིང་མ་ལྡིང་བྱེད་པ་དང་། གཞི་གྲངས་ཆེན་པོའི་རྩི་ཐབས་ལ་བརྟེན་ནས་འགུལ་རྣམ་གྱིས་སྔོན་དཔག་བྱས་པའི་ཡུལ་ལྗོངས་ལ་ནུས་ཤུགས་འདོན་པར་འགྱུར་བ་བཏང་བས།   རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཞིང་ཆེན་ཡོངས་དང་ཞིང་ཆེན་ལས་བརྒལ་བའི་གློག་ཤུགས་དུས་ཐོག་ཏུ་གཅིག་གྱུར་འཆར་འགོད་བཟོ་བ་དང་། ཐོན་ཁུངས་གྱིས་འཕྲུལ་ཚན་སྡེབ་སྒྲིག་བཀོད་གཏོང་བཀའ་བཀོད་སྔ་མོ་ནས་ལེགས་སྒྱུར། འགུལ་རྣམ་གྱིས་ཁྱབ་ཚུལ་ལེགས་སྒྱུར། ཕྱི་ཕྱོགས་སྐྱེལ་ལམ་གྱི་བཀོལ་སྤྱོད་བྱས་ཚད་ལ་ཚད་གཞི་མཐོ་ཤོས་བཅས་བཏོན་ཏེ།  མཐོ་སྒང་གི་ནུས་ཁུངས་གཙང་མའི་གློག་ཁུངས་རྒྱལ་ཡོངས་ནས་བཀོད་སྒྲིག་མངོན་འགྱུར་བྱུང་། ད་ཆ་གནད་ལ་འཁེལ་བའི་སྔོན་དཔག་དང་། མཉེན་གཤིས་སྙོམས་སྒྲིག དྲ་རྒྱ་ཡོངས་ལེགས་སྒྱུར་བཅས་ཀྱི་ཁྲོད་ནུས་རྒྱུ་གསར་པའི་རླབས་འགུལ་རང་བཞིན་རིམ་བཞིན་མེད་པར་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འོད་ཤུགས་གློག་ཚུགས། 

འཕར་རྩ་གསར་པ་སྟེ། “ཞིང་ཆེན་ནང་ཁུལ་གྱི་འཁོར་རྒྱུག”ནས“རྒྱལ་ཡོངས་སུ་བཀོད་སྒྲིག”བྱས་པའི་བར། 

གལ་སྲིད་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ཐོན་ཁུངས་ནི་མཚོ་སྔོན་གྱི་འབྱུང་རྩ་ཡིན་ཞེས་ཞེ་ན།      སྲ་ཞིང་བརྟན་པའི་གློག་དྲའི་དྲ་སྒྲོམ་ནི་ཐོན་སྐྱེད་དང་དགོས་མཁོ་སྦྲེལ་མཐུད་བྱེད་པའི་ཁྲག་འདོན་འཕར་རྩ་ཞིག་ཡིན་ལ།  དེ་བཞིན་གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ནི་ཁྲག་རྒྱུན་འཁོར་རྒྱུག་གི་མ་ལག་ལྟ་བུ་རེད།     ལོ་ངོ10ཡི་རིང་མཚོ་སྔོན་གྱིས་ཞིང་ཆེན་ནང་ཁུལ་གྱི་རྐང་འཛིན་དྲ་སྒྲོམ་དམ་པོ་སྦྲེལ་ཏེ།    ཞིང་ཆེན་ལས་བརྒལ་བའི་ཕྱིར་སྐྱེལ་ལམ་བུ་རྒྱ་ཆེར་བཏང་བ་དང་། “ས་གནས་དེ་ག་དང་ཐག་ཉེ་སར་བསྡུ་ལེན་དང་།     ས་ཁོངས་བརྒལ་ནས་རྒྱལ་ཡོངས་སུ་བཀོད་སྒྲིག་བྱེད་པའི”གློག་ཤུགས་མ་ལག་གསར་ཤོས་བཏོད་པས།     གློག་དྲ་དེ་གློག་གཏོང་གཞི་རྟེན་ཙམ་མ་ཡིན་པར་ཐོན་ལས་ཀྱི“གནས་བཞི”སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྣེ་ཁྲིད་པའི་འགག་རྩའི་འདེགས་སྐྱོར་ཞིག་ཏུ་གྱུར་ཡོད།     

ཞིང་ཆེན་ནང་ཁུལ་གྱི་སྟོང་ཧྥུ750དང་སྟོང་ཧྥུ330ཡི་རྐང་འཛིན་དྲ་སྒྲོམ་གྱིས་ཁྱབ་ཁོངས་ཡོངས་སྦྲེལ་བ་ཡིས་མཚོ་ནུབ་དང་མཚོ་ལྷོའི་ནུས་རྒྱུ་གསར་པའི་རྟེན་གཞི་དང་བཟོ་ལས་གླིང་ཆེ་གྲས་ཁག་སྦྲེལ་མཐུད་བྱས་པ་དང་། ལྗང་མདོག་གློག་ཤུགས་གིས་ཐོན་ལས་ཀྱི“གནས་བཞི”སྦྲེལ་བའི་སྦྲེལ་ཐག་ཧྲིལ་པོ་རིམ་སྤར་ཕྱོགས་སྒྱུར་བྱེད་པར་སྣེ་ཁྲིད་བྱས། ས་གནས་དེ་གའི་མ་གནས་དམའ་བའི་ལྗང་མདོག་གློག་ཤུགས་གྱི་དགེ་མཚན་ལ་བརྟེན་ནས་གློག་འབྱེད་ཧ་ཡང་དང་བདར་མང་སེལ་སོགས་ནུས་གྲོན་ཆེ་བའི་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་བ་དང་། “གནོད་མེད་གློག་ཤུགས་ཧ་ཡང”དེ་ཐཱན་ཉུང་བའི་དབང་གིས་རྒྱལ་སྤྱིའི་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་པ་དང་།  ཐཱན་མེད་ཐོན་ལས་གླིང་དང་གནོད་མེད་ཆིང་བཟོའི་དཔེ་སྟོན་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱུང་།   

ཚྭ་མཚོ་རྫས་འགྱུར་བཟོ་ལས་དང་འོད་ཤུགས་བཟོ་སྐྲུན་གྱི་བརྒྱུད་རིམ་ཡོངས་ཀྱིས་ས་གནས་དེ་གའི་གནོད་མེད་གློག་ཤུགས་སྤྱད་དེ་ཐོན་ལས་འཁོར་རྒྱུན་ཁྲོད་ཀྱི་ཐཱན་འབུད་ཚད་ཉུང་དུ་བཏང་།  རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གནོད་མེད་ཐོན་ལས་ཀྱི་སྤུས་རྟགས་བཏོད་དེ།  གནོད་མེད་གློག་ཤུགས་ཐོན་ཐོན་ལས་ཀྱི“གནས་བཞི”ཡི་ཕན་འབྲས་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པ་རེད།

“ཕྱི་རྒྱལ་གྱི་མཁོ་མཁན་སྐུ་མགྲོན་གྱིས་བློར་འབབ་པ‘གནོད་མེད་གློག་འབྱེད་ཧ་ཡང’གི་ཐཱན་ཉུང་གི་སྒོ་བྱང་དེ་རེད།  ང་ཚོའི་བཟོ་གྲྭའི་ཧ་ཡང་འཕང་མ་ནི་འབྱུང་ཁུངས་གཏུགས་ཆོག་པའི་གནོད་མེད་གློག་ཤུགས་ཐོན་སྐྱེད་ཀྱི་ཐོབ་ཐང་ཡོད་པས། ཏུན་རེར་སྒོར་ཆིག་སྟོང་ལྷག་ཙམ་དང་ཐ་ན་ཉིས་སྟོང་ལྷག་ཙམ་མང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་གློག་འབྱེད་ཧ་ཡང་འོས་ཐོབ་ཀྱི་ལག་རྩལ་མི་སྣ་ཞིག་གིས་དེ་ལྟར་བཤད།   

དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་གཙང་མ་དང་གནོད་མེད་རྩིས་ཤུགས་བཀོད་གཏོང་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་ཐོན་སྐྱེད་དང་། སྐྱེལ་འདྲེན། འཛད་སྤྱོད་བཅས་ཀྱི་སྦྲེལ་ཐག་ཆ་ཚང་གི་གཞི་གྲངས་གསལ་པོར་མངོན་པ་དང་། གློག་ཤུགས་གཙང་མ་རེ་རེའི་གར་གཏོང་མཆེད་ཁུངས་འཚོལ་ཐུབ་ལ་རྗེས་འདེད་བྱེད་ཐུབ་ཀྱི་ཡོད།  དེ་ལྟ་བུའི“བློ་རིག་ཀླད་ཆེན”གྱིས་དྲ་རྒྱ་ཡོངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་ལ་བཀོད་འདོམས་ཐུབ་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཐཱན་ཉུང་གཏོང་གི་ཕན་འབྲས་དངོས་ཀྱི་རིས་གཟུགས་མངོན་འགྱུར་བྱས་ནས་སྲིད་གཞུང་གི་ཐབས་ཇུས་དང་ཁེ་ལས་ཀྱི་བཙོག་འབུད་ཉུང་གཏོང་ཐད་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

ཕྱི་ཕྱོགས་སུ་ཞིང་ཆེན་ལས་བརྒལ་བའི་གློག་གཏོང་སྐུད་ལམ་རིང་མོ་རི་ཀླུང་འཕྲེད་གཞུང་དུ་བརྒལ་ཏེ་ས་མཐོའི་གནོད་མེད་གློག་ཤུགས་རྒྱལ་ཡོངས་སུ་སྐྱོད་པའི་དངོས་ཁམས་ཀྱི་བར་ཁྱམས་བཏོད་པས། མཚོ་སྔོན་གྱི་གློག་དྲ་དེ་ནུབ་བྱང་གི་མཐའ་སྣེ་གློག་དྲ་ནས“འགག་རྩའི་གློག་དྲའི”ཕྱོགས་སུ་འཕེལ།  སྟོང་ཧྥུ±800ཅན་གྱི་མཚོ་སྔོན་དང་ཡོ་ནན་གྱི་དམིགས་བསལ་གློག་གནོན་ལས་གྲྭས་རིམ་རྩིས་ནས་གནོད་མེད་གློག་ཤུགས་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར་ལས་བརྒལ་བསྐྱལ་ཏེ། ས་མཐོའི“རླུང་གློག་དང་འོད་གློག”ཧྭ་ཀྲུང་སོགས་ས་ཁུལ་དུ་རྒྱུན་ཆད་མེད་པར་སྐྱེལ།  སྟོང་ཧྥུ±400ཅན་གྱི་མཚོ་བོད་ཐད་རྒྱུག་གློག་ཤུགས་ཀྱིས་ཤོང་ཚད་ཆེར་བསྐྱེད་དེ་རིམ་སྤར་བྱས་པས་གློག་གཏོང་ཤོང་ཚད་ལྡབ་འཕར་བྱུང་ནས་དགུན་དཔྱིད་ཆར་ཆུ་མེད་པའི་དུས་སུ་མཚོ་སྔོན་གྱི་གློག་བོད་ལྗོངས་སུ་འདྲེན་པ་དང་། དབྱར་སྟོན་ཆར་ཆུ་མོད་པའི་དུས་སུ་བོད་ལྗོངས་ཀྱི་གློག་ཕྱིར་སྐྱེལ་པའི་ཕྱོགས་གཉིས་ཀར་ཕན་ཚུན་རོགས་རམ་ཐུབ་པའི་རྣམ་པ་ཆགས་པས། མཐོ་སྒང་གི་དམངས་ཚིས་འགན་སྲུང་དང་རྒྱལ་ཡོངས་ཀྱི་གནོད་མེད་གློག་ཤུགས་ཀྱི་འགན་འཁྲི་ཉིས་བརྩེགས་ཁུར་དུ་བླངས་ཡོད།   

ཞིང་ཆེན་ནང་ཁུལ་གྱི་གློག་ཤུགས་རང་སྤྱོད་ནས་རྒྱལ་ཡོངས་སུ་མཁོ་འདོན་བྱེད་པ་དེས་རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་གྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་བའི་ཟུར་ཞིག་མཚོན་ཡོད། གློག་ཤུགས་ཁྲོམ་ར་ཅན་གྱི་ཉོ་ཚོང་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ། མཚོ་སྔོན་གྱི་གནོད་མེད་མདོག་གློག་ཤུགས་དེ་རྒྱལ་ཡོངས་ཀྱི་ནུས་རྒྱུའི་ཁྲོམ་ར་ནང་འདྲེས་སུ་བཅུག་ནས་རྒྱལ་ཡོངས་ཀྱི་གློག་སྤྱོད་དགོས་མཁོར་གནད་ལ་འཁེལ་བའི་སྒོ་ནས་འཚམ་པར་བྱས་ཡོད། དུས་ཡུན་འབྲིང་རིང་གི་གནོད་མེད་གློག་ཤུགས་ཀྱི་ཁ་ཆད་དང་། ཞིང་ཆེན་ལས་བརྒལ་བའི་ལག་ཡོད་ཚོང་ཟོག་དང་། ལྗང་མདོག་ལག་ཁྱེར་བཅས་ཀྱི་ཉོ་ཚོང་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། མཚོ་སྔོན་གྱི་གནོད་མེད་གློག་ཤུགས་ཕྱི་སྐྱེལ་གྱི་གྲོགས་ཚོམས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)23བར་བསྐྱེད།  མཚོ་སྔོན་དང་ཧྲང་ཧའེ་དབར་ཡུན་རིང་གི་གནོད་མེད་གློག་ཤུགས་མཁོ་འདོན་གྱི་གྲོས་མཐུན་བཞག་ནས་ལོ་ལྟར་ཧྲང་ཧའེ་ལ་སྟོང་ཝ་དུང་ཕྱུར40ཡི་གློག་ཤུགས་གཙང་མ་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཧེ་ལུང་ཅང་དང་མཉམ་དུ་ཞིང་ཆེན(གྲོང་ཁྱེར)ལས་བརྒལ་བའི་མཉམ་འབྲེལ་གློག་སྐྱེལ་ལམ་སྲོལ་བཙུགས་ནས་ཐུན་མོང་ཐོག་པེ་ཅིང་ལ་གནོད་མེད་གློག་ཤུགས་སྐྱེལ་འདྲེན་བྱེད་ཀྱི་ཡོད།

སྟོང་ཧྥུ3±800ཅན་གྱི་མཚོ་སྔོན་ནས་ཡོན་ནན་དབར་གྱི་མཐོ་གནོན་ཆེ་ཤོས་ཐད་རྒྱུག་ལས་གྲྭ་དེ་རི་ཀླུང་དང་རྩྭ་ཐང་མང་པོ་བརྒལ་ཏེ། མཚོ་སྔོན་གྱི་གནོད་མེད་གློག་ཤུགས་རྒྱུན་ཆད་མེད་པར་ཧྭ་ཀྲུང་ས་ཁུལ་དུ་བསྐྱལ།

སྒུལ་ནུས་གསར་པ་སློང་བ་སྟེ།“གནོད་མེད་གློག་ཤུགས་ཀྱི་དམངས་ཕན”ནས“ཐོན་ལས་ཀྱི་རྣམ་པ་གསར་པའི”བར། 

གནོད་མེད་གློག་ཤུགས་ཀྱི་དོན་སྙིང་ནི་གློག་ཕྱིར་སྐྱེལ་བ་ཙམ་མ་ཡིན་པར་དེ་བས་ཀྱང་ཉར་འཇོག་བྱེད་རྒྱུ་གལ་ཆེ། ལོ་ངོ10ཡི་རིང་ལ། མཚོ་སྔོན་གྱིས་གནོད་མེད་གློག་ཤུགས་ཀྱི་འཛད་སྤྱོད་རྣམ་པ་རྒྱ་ཆེར་བཏང་སྟེ། ཐག་རིང་ལུང་ཁུག་ཏུ་ཆགས་པའི་འབྲོག་ཁུལ་གྱི་གློག་དྲའི་རྨང་གཞི་སྒྲིག་བཀོད་ཁ་གསབ་བྱས་ཏེ་མ་གནས་དམའ་བའི་གནོད་མེད་གློག་ཤུགས་ལ་བརྟེན་ནས་ཐོན་ལས་གསར་གཏོད་དང་དམངས་ཚིས་ལེགས་བསྒྱུར་ལ་སྐུལ་འདེད་བཏང་། གནོད་མེད་གློག་ཤུགས་ཀྱིས་གྲོང་ཁྱེར་ལ་འཇའ་ཚོན་ལྟ་བུའི་གློག་འོད་ཀྱི་ཁྱབ་པར་མ་ཟད། ས་མཐོའི་སྦྲ་གུར་ལ་དེ་ལས་ལྷག་པའི་དྲོད་ཁོལ་འཁྱིལ་བ་སོགས་བཟོ་ལས་འཕྲུལ་འཁོར་ཆེན་པོ་སྒུལ་བ་ལ་བརྟེན་ནས་རྩིས་ཤུགས་དུས་རབས་ཀྱི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཐོན་པར་སྐུལ་འདེད་བཏང་བ་རེད།

གློག་དྲ་དེ་གཙང་གསུམ་ཆུ་མགོའི་ལྟེ་ཁུལ་དུ་རྒྱུན་ཆད་མེད་པར་བསྲིངས་པས་དམངས་ཚིས་ཀུན་ཕན་གྱི་ཚིས་གཞི་སྔར་བས་དྲོ་སྐྱིད་ཀྱི་མདངས་མངོན། བོད་འབྲེལ་གྱི་ཐག་རིང་ལུང་ཁུག་ས་ཁུལ་ལ་དམིགས་ཏེ་མཚོ་སྔོན་གྱི་སྟོང་ཧྥུ330ཅན་གྱི་མགོ་ལོག་གི་སྐུད་ལམ་གཉིས་པ་དང་ཡུལ་ཤུལ་སྐུད་ལམ་གཉིས་པ་སོགས་གློག་སྒྱུར་ལས་གྲྭ་བཙུགས་ནས་འཁོར་སྐྱོད་བྱེད་མགོ་ཚུགས་པ་དང་། དེས་མཐའ་སྣེའི་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་གློག་དྲ་ཆུང་གྲས་རིགས་རྒྱུན་མཐུད་གྱིས་ཁ་གསབ་བྱས་པས། ཐག་རིང་ལུང་ཁུག་འབྲོག་ཁུལ་གྱིས་ས་སྣུམ་གྱི་གློག་འདོན་འཕྲུལ་འཁོར་ལ་བརྟེན་པ་དང་དུས་ཚིགས་རང་བཞིན་གྱི་གློག་ཚོད་འཛིན་བྱེད་པའི་རྣམ་པ་རྙིང་པར་རྦད་དེ་འགྱུར་ལྡོག་བཏང་སྟེ་ཐོན་སྐྱེད་འཚོ་བ་རོལ་སྟངས་ཁྱོན་ཡོངས་ནས་ལེགས་སྒྱུར་རིམ་སྤར་ཐུབ་ཡོད།

ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་པན་ཡན་གྲོང་ཚོར་བསྐྱོད་སྐབས་གྲོང་གསེབ་དར་རྒྱས་ཀྱི་ལྗོངས་རིས་ཁྲོད་དུ་གང་ས་གང་དུ་གློག་ཤུགས་ཅན་གྱི་གཟུགས་བརྙན་གྱིས་ཁེངས་ཡོད། ཡུལ་མི་ཞིག་གིས་སེམས་ཚོར་ཆེན་པོས་འདི་སྐད། “སྔོན་ཆད་དགུན་ཁར་ལྕི་བ་བསྲེགས་པས་ཁང་པར་དུ་པས་ཁེངས་ནས་ཕྲུ་གུ་དང་རྒན་རྒོན་ཚང་མ་གློ་ལུ་བྱེད། ད་ཆ་གློག་དྲོད་འཕྲུལ་ཆས་ཀྱི་ཁ་ཕྱེ་ཚེ་ཁ་དབུགས་གཙང་ཞིང་ཁང་པ་ཡང་དྲོ་པོ་ཡོད”ཟེར།  གློག་ཤུགས་ཅན་སྒྱུར་བཀོད་བྱས་པ་ལས་ཡུལ་མི་རྡོ་སོལ་འབུད་པའི་ས་ཐབ་དང་ཁ་བྲལ་ནས་གློག་ལ་བརྟེན་ནས་དྲོད་འདོན་དང་། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་སྒྲིག་ཆས། གྲོང་གསེབ་ཡུལ་སྐོར་གྱི་སྒྲིག་ཆས་བཅས་ཚང་མ་བརྟན་ལྷིང་འཁོར་སྐྱོད་བྱས་པ་དང་། འོད་ནུས་དབུལ་སྐྱོར་གློག་ཁང་གི་ཡོང་འབབ་ཀྱི་ཁེ་སྤོགས་རྒྱུན་མཐུན་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། ཁྱད་ལྡན་ཐོན་ལས་དང་ལས་སྣོན་ཁང་ཡོངས་གློག་འགྱུར་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་། དེ་ལྟར་གནོད་མེད་གློག་ཤུགས་གྱིས་ས་མཐོའི་མི་དམངས་གྱི་སྐྱིད་སྣང་དང་ཐོབ་སྣང་ཚོར་མེད་ཤེས་མེད་ངང་ནས་མཐོ་རུ་གཏོང་བཞིན་ཡོད།

གནོད་མེད་གློག་ཤུགས་ཀྱིས་ཐོན་ལས་ལ་ནུས་པ་བསྩལ་པས།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བྱུང་། གྲང་ངར་ཆེ་བའི་ནམ་ཟླ་དང་གནོད་མེད་གློག་ཤུགས་འདང་ངེས་ཀྱི་དགེ་མཚན་ལ་བརྟེན་ནས་མཚོ་སྔོན་དེ“ཤར་གྲངས་ནུབ་རྩིས”ཞེས་པའི་ཤུགས་ཐོན་ལས་གོ་རིམ་ལྡན་པའི་སྒོ་ནས་ནུབ་ཕྱོགས་སུ་སྤོ་སྒྱུར་བྱས་པ་དང་བསྟུན་ནས་ཟི་ལིང་(རྒྱལ་ཁབ་རིམ་པ)གི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནོད་མེད་གློག་ཤུགས་ཀྱི་གཞི་གྲངས་ཆེན་པོའི་ལྟེ་གནས་གཅིག་རྗེས་གཉིས་མཐུད་དུ་བྱུང་། གཞི་གྲངས་ལྟེ་གནས་ཀྱིས་ལོ་ཧྲིལ་པོར་ས་མཐོའི་འཁྱགས་གྲང་ཐོན་ཁུངས་དང་གནོད་མེད་གློག་ཤུགས་གསོག་འཇོག་དང་རྩིས་རྒྱག་ལས་སྒོ་བཅས་ལ་གཞི་བཅོལ་ཏེ། ཞབས་ཞུའི་ཡོ་ཆས་ཀྱིས་ཉིན་མཚན་མེད་པར་ཤར་རྒྱུད་ཞིང་ཆེན་གྱི་གྲངས་གཞི་འབོར་ཆེན་ཐག་གཅོད་བྱས་པས་གཉེར་སྐྱོང་གི་མ་གནས་ཆུང་དུ་ཕྱིན་པར་མ་ཟད། “གནོད་མེད་རྩིས་ཤུགས”དངོས་མངོན་འགྱུར་བྱུང་།   དེ་ལྟར་གནོད་མེད་གློག་ཤུགས་ནས་གནོད་མེད་རྩིས་ཤུགས་བར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་རིན་ཐང་མངོན་སྟངས་སྣ་མང་དུ་འགྱུར་བཞིན་ཡོད།

གཞན་ཡང་གནོད་མེད་གློག་ཤུགས་ཀྱི་ཆིང་བཟོའི་དཔེ་སྟོན་རྣམ་གྲངས་ཡང་བརྟན་པོར་འཕེལ་བཞིན་ཡོད། འོད་ཤུགས་དང་རླུང་གློག་གི་གློག་ཤུགས་ལྷག་མ་སྤྱད་དེ་གློག་འབྱེད་ཆུས་ཆིང་བཟོས་ནས་རྫས་འགྱུར་བཟོ་ལས་དང་འགྲིམ་འགྲུལ་སོགས་མངའ་ཁོངས་ལ་ཐཱན་མེད་པའི་ནུས་རྒྱུའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཡོད་པ་རེད། གསར་དར་ཐོན་ལས་དེ་དག་གི་བཀོད་པ་དེས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་དེ་གློག་གཏོང་ཁོ་ན་ནས་ཐོན་ལས་འཁོར་འབྲེལ་ཡོངས་གསར་སྤེལ་གཏིང་ཟབ་བྱེད་པའི་ཕྱོགས་སུ་བསྐྱོད་པ་མཚོན་ཡོད།

འཕོ་འགྱུར་ཆེན་པོ་ནི་གློག་དྲའི་ཆགས་གྲུབ་རང་སྟེང་ནས་ཐོན་པ་ཡིན།  

དམིགས་བསལ་གྱི་མཐོ་གནོན་གྱི་དྲ་སྒྲོམ་གཙོ་བོ་ནས་སྟོང་ཧྥུ750ཡི་རྐང་འཛིན་དྲ་རྒྱའི་བར་དང་། སྟོང་ཧྥུ330ཡི་གློག་སྒྱུར་ས་ཚུགས་ནས་མཐའ་སྣེའི་མཁོ་འདོན་འགན་ལེན་རྣམ་པའི་གློག་དྲ་ཆུང་གྲས་བར་དུ། “གཙོ་སྡེབ་ཆུང་སྦྱོར”གྱི་གློག་དྲ་གསར་པ་ཞིག་མཐོ་སྒང་དུ་རིམ་བཞིན་འཕེལ་བཞིན་ཡོད།  ཕུགས་རྒྱང་ལ་ཕྱོགས་ཏེ། མཚོ་སྔོན་དང་ཀོང་ཞི། མཚོ་སྔོན་དང་ཀོང་ཏུང་བར་གྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་ལས་གྲྭའི་འཆར་འགོད་བརྟན་པོའི་ངང་སྤེལ་ནས་འབྱུང་འགྱུར་ཧྭ་དབུས་དང་ཧྭ་ལྷོའི་ཕྱིར་སྐྱེལ་བར་ཁྱམས་གསར་རྐྱང་ཤར་གཏོང་བྱས་ནས་ས་མཐོའི་གནོད་མེད་གློག་ཤུགས་ཕྱིར་སྐྱེལ་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད། ད་ཆ་གློག་དྲ་གསར་པ་དེ་རྒྱལ་ཁབ་རྩེ་རིམ་གྱིས་བཀོད་སྒྲིག་བྱས་པའི“དྲ་བ་དྲུག་པའི”གྲས་ཤིག་ཡིན་པའི་ངོས་ནས་ནུས་རྒྱུའི་བདེ་འཇགས་དང་གནོད་མེད་ཕྱོགས་སྒྱུར་གྱི་འཁྲི་འགན་ཉིས་བརྩེགས་ཁུར་དུ་བླངས་ཡོད་པས། མཚོ་སྔོན་གྱི་གསར་དར་གློག་ཤུགས་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་ནུས་རྒྱུའི་འཐབ་ཇུས་ཀྱི་གར་སྟེགས་མཐོ་པོའི་སྟེང་འགྲེང་ཐུབ་ཡོད།

ལོ་བཅུའི་རིང་ལ་འོད་ཀྱི་རྗེས་སུ་སྙེག ལོ་བཅུའི་རིང་ལ་འབད་པ་ལྷོད་མེད་བྱས།  2016ལོར་འོད་ཤུགས་ཐོན་ལས་རྐྱང་གནས་ནས་མགོ་བཙུགས་པ་ནས་ད་ཆ་མཁོ་འདོན་གྱི་ཕྱོགས་གྱི་སྦྲེལ་ཐག་ཧྲིལ་པོ་གྲུབ་ནས་གློག་དྲ་ལས་མཁོ་འདོན་ཤར་གཏོང་དང་། འཛད་སྤྱོད་ལས་ཐོན་ལས་དམངས་ཚིས་ཕྱོགས་གཉིས་ཀྱི་ནུས་པ་སྤྲོད་པའི་བར་དུ་མཚོ་སྔོན་དང་ཀོང་ཤི་དང་། མཚོ་སྔོན་དང་ཀོང་ཏུང་གི་དམིགས་བསལ་མཐོ་གནོན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། ནུས་གསོག་ཆེ་གྲས་དང་། འོད་ཤུགས་འཁོར་རྒྱུག་ཚུར་བསྡུ། གནོད་མེད་ཆིང་དཔེ་སྟོན་སོགས་ལག་རྩལ་གསར་པ་རྒྱུན་མཐུད་དོན་འཁྱོལ་བྱུང་བ་བཅས་མཚོ་སྔོན་གྱིས་ལོ་བཅུའི་ལག་ལེན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མ་ཐོན་ལས་མཐོ་ས་འཛུགས་སྐྲུན་གྱི་ལས་འགན་ལྕི་པོ་བརྟན་པོའི་ངང་འཁུར།

མགོ་འཛུགས་ས་གསར་ནས་འགྲེང་སྟེ་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི“རྒྱལ་ཁབ་ཀྱི་དོན་ཆེན་”དེར་གཞི་ཚུགས་ནས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་ཡག་པོ་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་གོང་འཕེལ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་ཐུབ་པར་རོགས་རམ་བྱས་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་བརྗིད་ཉམས་ལྡན་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་བརྟེན་ནས་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་ལ་དབང་བའི་གནོད་མེད་ནུས་གཙང་གི་ལེའུ་གསར་པ་ཞིག་རྩོམ་པར་འབད་འབུངས་བྱས།

ལོ་བཅུའི་རིང་འོད་ལ་བརྟེན་ནས་མཐོ་སྒང་བསྐྲུན། གནོད་མེད་གློག་ཤུགས་ཀྱིས་མཐོ་སྒང་ལ་ནུས་པ་སྤྲད།

 གསར་འགོད་པ་ཞིག་ཡིན་པའི་ངོས་ནས་ལོ་མང་རིང་མཚོ་སྔོན་གྱི་འཕེལ་རྒྱས་ཟིན་ཐོ་བཀོད་པའི་གོ་རིམ་ཁྲོད་དུ་མཐོ་སྒང་གི་འགྱུར་ལྡོག་ལ་སེམས་འགུལ་ཐེངས་མང་ཐེབས་མྱོང་། ད་རེས་རྒྱལ་ཁབ་ནུས་རྒྱུ་གཙང་མ་ཐོན་ལས་མཐོ་ས་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་མྱ་ངམ་ཐང་གྱི་ཐང་རྒོད་དང་། ཐོན་ལས་གླིང་ཁུལ། གྲོང་གསེབ་དང་འབྲོག་ཁུལ་སོགས་སུ་བསྐྱོད་དེ་གསར་རྙིང་རིམ་བརྗེ་ཡི་བཅར་འདྲི་གཏིང་ཟབ་མོའི་ཁྲོད། མཚོ་སྔོན་གྱི་ལོ་བཅུའི་རིང་གི་གནོད་མེད་ནུས་རྒྱུ་གསར་སྤེལ་གྱི་ལམ་བུ་དང་། འོད་ལ་ཕྱོགནས་དར་རྒྱས་བྱུང་བའི་འབད་འཐབ་ཀྱི་གསང་བ་དངོས་སུ་རྟོགས།

ལོ་ངོ10ཡི་རིང་ལ་མྱ་ངམ་ཐང་ཆེན་ལ་འགྱུར་ལྡོག་གསར་བ་བྱུང་། ད་ཐེངས་ཀྱི་བཅར་འདྲིའི་ས་ཚིགས་དང་པོ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཏུལ་ཡིན་པ་དང་།  གནས་དེར་སྔོན་ཆད་བྱེ་རླུང་གིས་གཙེ་བས་རྩྭ་ཤིང་ཐར་ཐོར་ལས་མེད་པའི་ཐང་རྒོད་ཆེན་པོ་ཞིག་ཡིན།  ད་ཆ་སྔོ་ལྗང་གི་རླབས་འགྱུ་རྒོད་པའི“འོད་ཤུགས་ཀྱི་རྒྱ་མཚོ་ཆེན་པོ”ཞིག་ཏུ་གྱུར་ཡོད། འོད་ཤུགས་པང་ལེབ་ཀྱིས་གནས་དེའི་ས་ངོས་ཡོངས་སུ་གཡོགས་ཏེ། དཀར་གཙང་གི་རླུང་གློག་འཁོར་ལོ་མཁའ་དབྱིངས་སུ་འཁོར་བསྐྱོད་ནས་ས་མཐོའི་འོད་ཤུགས་དང་རླུང་གློག་གི་ཐོན་ཁུངས་རྒྱུན་ཆད་མེད་པར་ཚུར་བསྡུས་པས། ས་རྒོད་དུ་གྱུར་པའི་མྱ་ངམ་ཐང་དེ་སྔོ་ལྗང་གནོད་མེད་ཀྱི་ནུས་རྒྱུའི་བང་མཛོད་དུ་གྱུར་ནས་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་ནས་གསོན་ཉམས་ལྡན་པའི་བསྡུས་གཟུགས་སུ་གྱུར་ཡོད།

རླུང་གློག་དང་འོད་ཤུགས་ཀྱི་ནུས་རྒྱུས“གནམ་གཤིས་ལ་བརྟེན་ནས་འཚོ་བ་སྐྱེལ་”དགོས་པས། རླབས་འགུལ་རང་བཞིན་དང་སྐབས་བསྟུན་རང་བཞིན་ནི་ལས་རིགས་འཕེལ་རྒྱས་ཀྱི་ཐུན་མོང་གི་དཀའ་གནད་ཅིག་རེད།  སྟོང་ཧྥུ±800ཅན་གྱི་མཐོ་གནོན་ཆེ་ཤོས་མཚོ་སྔོན་ལྷོ་རྒྱུད་བརྗེ་རེས་ས་ཚིགས་སུ།  ངས་ཐག་ཉེ་ས་ནས་ཚན་རྩལ་གྱིས་གནོད་མེད་ཕྱོགས་སྒྱུར་གྱི་འགྲན་མེད་(གནས་སྐབས)སྟོབས་ཤུགས་དངོས་ལ་ནུས་པ་བསྩལ་བཞིན་པ་དངོས་སུ་མཐོང་། གཅིག་སྡུད་རྣམ་པ་དང་ཁྱབ་ཚུལ་རྣམ་པའི་སྙོམ་སྒྲིག་ཆས་ལ་གཞི་བཅོལ་ནས་མཉམ་དུ་ཤུགས་སྣོན་དང་།  ནུས་གསོག་སྒྲིག་ཆས་ཀྱི་ལེ་ལག་འདེགས་སྐྱོར་བཅས་བྱེད་པའི་ཕྱོགས་བསྡུས་མཉེན་གཤིས་མ་ལག་ལ་བརྟེན་ནས་མཚོ་སྔོན་གྱིས་བརྟན་ལྷིང་མིན་པའི་འོད་ཤུགས་དང་རླུང་གློག་ནུས་རྒྱུ་ལེགས་པར་བཏུལ་བ་དང་། ནུས་རྒྱུ་གསར་པའི་གཞི་ཁྱོན་ཆེན་མོ་དྲ་བར་སྦྲེལ་ཏེ་ཐག་རིང་སྐྱེལ་འདྲེན་བྱེད་མཁན་ལས་རིགས་དཀའ་གནད་སེལ་བ་མ་ཟད།   དྲ་བཟོ་དང་རྒྱ་ཆེར་སྤེལ་བའི་གློག་ཤུགས་མ་ལག་གསར་ཤོས་འཛུགས་སྐྲུན་བྱེད་པའི“མཚོ་སྔོན་གྱི་ཇུས་གཞི”བཟོས་ནས་ས་མཐོའི་གནོད་མེད་གློག་ཤུགས་ཕྱིར་གཏོང་དང་ནུས་ཆེའི་བེད་སྤྱོད་ཐུབ་པ་བྱས་ཡོད། 

ནུས་རྒྱུ་གཙང་མའི་རིན་ཐང་ནི་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ཁོ་ན་ཙམ་མ་ཡིན་པར་འབྲེལ་ཐག་ཧྲིལ་པོར་ནུས་པ་སྤྲོད་པ་དང་ཕྱོགས་ཡོངས་ནས་དམངས་ཕན་ཡོང་བ་ལ་དེ་བས་ཀྱང་རག་ལས་ཡོད། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་སུ་གནོད་མེད་གློག་ཤུགས་དང་ས་མཐོའི་གྲང་ངར་ཆེ་བའི་ནམ་ཟླ་སྡེབ་སྒྲིག་བྱས་ནས“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་བྱས་ཏེ། མཚོ་སྔོན་གྱི་གནོད་མེད་གློག་ཤུགས་ཕྱིར་གཏོང་བྱེད་པ་ནས་ལྗང་རྩིས་ཕྱིར་གཏོང་བྱེད་པའི་རིན་ཐང་རིམ་སྤར་བྱས། ས་གནས་དེ་གའི་གློག་འབྱེད་ཧ་ཡང་ཁེ་ལས་ཀྱི་གནོད་མེད་གློག་ཤུགས་ཐོན་སྐྱེད་གྱི་གོ་རིམ་ཧྲིལ་བོས་ཐཱན་ཉུང་གི་གསེར་གྱི་སྒོ་བྱང་བཟོས་ནས་ནུས་རྒྱུ་གཙང་མའི་ཁུངས་འདེད་ཆོག་པ་བྱས་པས། “གནོད་མེད་གློག་འབྱེད་ཧ་ཡང”དེ་ཕྱི་རྒྱལ་དུ་ཕྱིར་ཚོང་བ་དང་། གོང་འཕར་འབབ་འཕར་བྱུང་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན།

དེ་ལས་ཀྱང་མི་སེམས་འགུལ་བ་ནི་གནོད་མེད་ཀྱི་ཚིས་གཞི་དེ་ཁྱིམ་ཚང་ཁྲི་ཕྲག་གི་ཤོག་སྦག་ཁྲོད་སྦས་ཡོད་པ་དེ་རེད། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་ཝུའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོར་བསྐྱོད་སྐབས་གློག་ཤུགས་ཅན་གྱི་སྒྱུར་བཀོད་ཀྱིས་ཡུལ་མིའི་འཚོ་བའི་རྣམ་པ་རྦད་དེ་བསྒྱུར་ཡོད། དུ་བ་ཆེ་བའི་འབུད་ཤིང་དང་ལྕི་བས་དྲོད་འདོན་བྱེད་པའི་སྔོན་ཆད་ཀྱི་འཚོ་བ་དེ་ནུས་རྒྱུ་གཙང་མའི་གློག་གིས་དྲོད་འདོན་པ་སོགས་གློག་གིས་བཟོས་པའི་སྒྲིག་ཆས་སྤྱིར་བཏང་གི་མི་ཁྱིམ་དུ་ཁྱབ་པ་དང་། འོད་ཤུགས་གློག་ཚིགས་ཀྱི་ཁེ་སྤོགས་འབབ་འཕར་རྒྱུན་ཆད་མེད་པ་བགོ་རྒྱུ་ཡོད་པ་བཅས་གནོད་མེད་གློག་ཤུགས་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསལ་པོར་བསྟན་པ་དང་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་ཕྱིན།

2016ལོར་མགོ་རྩོམ་པའི་ནུས་རྒྱུ་གཙང་མ་ཕྱོགས་སྒྱུར་གྱི་རྒྱང་སྐྱོད་གསར་པ་དང་། ལོ་ངོ་བཅུའི་རིང་གི་འབད་བརྩོན་ལྷོད་མེད་འོག  མཚོ་སྔོན་ནི་རྗེས་སྙེགས་འཚོལ་ཞིབ་ནས་སྣེ་ཁྲིད་དཔེ་སྟོན་བར་མཆོང་སྐྱོད་བྱས་པ་དང་། རྐྱང་གནས་འཕེལ་རྒྱས་ནས་སྦྲེལ་ཐག་ཧྲིལ་པོར་འཕེལ་འགྱུར་བྱུང་། ད་ཆ་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མ་སྒྲིག་སྦྱོར་འཕྲུལ་འཁོར་བསྡུར་ཚད་ཀྱིས་མཐོ་ཤོས་ཟིན་ནས་གློག་ཤུགས་མ་ལག་གསར་བ་བསྐྲུན་པའི་གོམ་ཁ་ཇེ་མགྱོགས་སུ་བཏང་། 

གནོད་མེད་གློག་ཤུགས་ཏུའུ་གཅིག་ནི་འགན་འཁྲི་ཞིག་དང་རེ་བ་ཞིག་ཡིན། གཙང་གསུམ་གྱི་ཆུ་མགོར་གཞི་ཚུགས་ཏེ་མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་འཕེལ་རྒྱས་ཀྱི་ལམ་བུ་བརྟན་སྲུང་བྱས་ཏེ་རླུང་གློག་དང་འོད་ཤུགས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་དང་། འཕེལ་རྒྱས་ཀྱི་རྒྱལ་ཁ་ཐོབ་པའི་སྟོབས་སུ་བསྒྱུར་ནས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་པ་དང་དུས་མཚུངས་གནོད་མེད་སྒུལ་ནུས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྤྲད་དེ་སྐྱེ་ཁམས་མཛེས་ཞིང་། ཐོན་ལས་དར་བ། མི་སེར་ཕྱུག་པོ་བཅས་ཀྱི་ས་མཐོའི་ལེའུ་གསར་པ་བརྩམས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།