《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས》ཞེས་པ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ9ཚེས1ཉིན་དཔར་དུ་སྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་བདུན་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་འཁྱོངས་བྱེད་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2013ལོའི་ཟླ6པ་ནས2026ལོའི་ཟླ7པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བསྡུས་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གིས་ཏང་ལ་དོ་དམ་བྱས་ན་གཞི་ནས་ཏང་ལ་དོ་དམ་ཡག་པོ་བྱེད་ཐུབ་པ་དང་། ཏང་ནན་སྐྱོང་བྱས་ན་གཞི་ནས་ཏང་བཅོས་སྐྱོང་ཡག་པོ་བྱེད་ཐུབ། ཏང་ནན་གྱིས་སྐྱོང་བར་ངེས་པར་དུ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་འགན་འཁྲི་རུ་བརྩིས་ནས། འགན་འཁྲི་ཤེས་རྟོགས་དང་འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ཏེ། ཏང་ཡོངས་ཀྱིས་མཉམ་དུ་དམ་འཛིན་བྱེད་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། བརྗོད་དོན་གསལ་ཞིང་བླང་བྱ་ཁ་གསལ་གྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་མཁན་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་བྱེད་པ་ལེགས་པར་འདེམས་སྤྱོད། དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་ཤུགས་ཆེར་གཏོང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་སོགས་ལ་དམིགས་ནས། ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་ཁ་གསལ་བཟོ་དགོས། ནུས་ཆེའི་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་ནན་མོ། གནད་སྨིན་འགན་འཁྲི་རྩད་གཅོད་སོགས་ལ་དམིགས་ནས། རིམ་པ་སོ་སོའི་སྒྲིག་ཨུའི་ལྟ་སྐུལ་འགན་འཁྲི་ཁ་གསལ་བཟོ་དགོས། འགོ་ཁྲིད་ཚན་ཆུང་དམ་འཛིན་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས། ཏང་ཨུ་དང་ཏང་རྩ་འཛུགས་ཧྲུའུ་ཅིའི་འགན་འཁུར་བ་དང་པོའི་འགན་འཁྲི་ཁ་གསལ་བཟོ་དགོས། འགན་འཁྲི་དང་ལས་འགན་ལས་བགོས་དང་ཟུང་འབྲེལ་བྱས་ནས། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ལྟར། འགོ་ཁྲིད་ཚན་ཆུང་གི་ཁོངས་མི་གཞན་དག་གི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཁ་གསལ་བཟོ་དགོས། རང་གཅུན་ནན་མོ་དང་ཕན་ཚུན་ལྟ་སྐུལ། ཕན་ཚུན་དྲན་སྐུལ་རོགས་རམ་བཅས་ལ་དམིགས་ནས་། ཏང་ཡོན་དང་ལས་བྱེད་པའི་ལས་གནས་ཀྱི་ཁྱད་ཆོས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པའི་བྱེ་བྲག་གི་འགན་འཁྲི་ཁ་གསལ་བཟོ་དགོས། ཚན་རིག་དང་མཐུན་པའི་འགན་འཁྲི་རྩད་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། འགན་འཁྲི་འཁུར་མཁན་གཙོ་བོ་དོན་ཐོག་ཏུ་འཁྱོལ་བ་དང་། འགན་འཁྲི་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བ། དཔྱད་ཞིབ་དང་འགན་འཁྲི་རྩད་གཅོད་དོན་ཐོག་ཏུ་འཁྱོལ་བ་བཅས་ལ་བརྟེན་ནས། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། 

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་འགན་གཙོ་བོ་འཁུར་བ་དང་ལས་རིགས་གཙོ་བོ་དམ་འཛིན་ཡག་པོ་བྱེད་པ། བྱེད་པོ་ཡག་པོ་བྱེད་པ་བཅས་བྱས་ཏེ། འཐབ་ཕྱོགས་རེ་རེ་དང་ཁྱབ་ཁོངས་རེ་རེ། གོ་རིམ་རེ་རེའི་ཏང་འཛུགས་བྱ་བ་ཞིབ་ཕྲའི་ངང་དམ་འཛིན་བྱེད་དགོས། ཏང་ཨུའི་ཧྲུའུ་ཅི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཧྲུའུ་ཅི་བྱས་ཏེ། “ཏང་འཛུགས་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་བབས་ལས་འགན་ཡིན་པ་དང་། ཏང་འཛུགས་དམ་འཛིན་མི་བྱེད་པ་ནི་འགན་འཛོལ་ཡིན་པ། ཏང་འཛུགས་དམ་འཛིན་ཡག་པོ་བྱེད་མི་ཐུབ་པ་ནི་འགན་མ་ཐེག་པ་ཡིན་པ་”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཏང་འཛུགས་ཀྱི་འགན་འཁྲི་རིམ་པ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རང་གཅུན་ནན་མོ་དང་རང་འགན་རང་འཁུར། བདག་གཉེར་ནན་མོ། རིམ་པ་རེ་རེ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བཅས་བྱས་ཏེ། གཟབ་ནན་གྱི་རྣམ་པ་བསྐྲུན་རྒྱུ་དང་དར་སྲོལ་བཟང་པོ་འཛུགས་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།