ཞི་ཅིན་ཕིང་གིས་བལ་བོར་འདམ་རུད་ཀྱི་གནོད་འཚེ་བྱུང་བའི་ཐད་ནས་བལ་བོའི་སྲིད་འཛིན་ལ་འཚམས་འདྲིའི་གློག་འཕྲིན་སྤྲིངས། ལི་ཆང་གིས་བལ་བོའི་ཙུང་ལིར་འཚམས་འདྲིའི་གློག་འཕྲིན་སྤྲིངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བལ་བོར་འདམ་རུད་ཀྱི་གནོད་འཚེ་ཐེབས་པའི་ཐད་ནས་བལ་བོའི་སྲིད་འཛིན་པའོ་ཏི་འར་ལ་འཚམས་འདྲིའི་གློག་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་སྔོན་ཀྲུང་གོ་དང་བལ་བོའི་མཐའ་མཚམས་སྐྱིད་གྲོང་ནས་རེ་སོ་ཝ་བར་གྱི་འགག་སྒོར་འདམ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ནས་མི་སྣར་ཤི་རྨས་དང་། འབྲེལ་བ་ཆད་པ། རྒྱུ་ནོར་གྱི་གྱོང་གུན་བཅས་ཚབས་ཆེན་བཟོས་ཡོད། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས། རྐྱེན་ལམ་དུ་ཤོར་བའི་འདས་པོར་སེམས་གཏིང་ནས་མྱ་ངན་ཞུ་བ་དང་། རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མི་དང་། རྨས་སྐྱོན་ཕོག་མཁན། གནོད་ཁུལ་གྱི་མང་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་དང་། འབྲེལ་ཡོད་མང་ཚོགས་གནས་སྤོ་བདེ་འགོད།  མྱུར་དུ་རྨས་མ་སྐྱོབ་བཅོས་བཅས་བྱས་ཏེ། མི་སྣ་རྐྱེན་ལམ་དུ་ཤོར་ཚད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་བཞིན་ཡོད་པར་མ་ཟད། ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད།  ཀྲུང་གོ་དང་བལ་བོའི་རི་ཆུ་འབྲེལ་ཞིང་ལས་སྐལ་གཅིག་མཐུན་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧུར་ཐག་གིས་བལ་བོའི་ཕྱོགས་ལ་རོགས་སྐྱོབ་བྱས་ནས། རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ལག་གདང་སྦྲེལ་ན་སྔ་མོ་ནས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་། ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་པར་ཡིད་ཆེས་ཡོད།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་བལ་བོའི་ཙུང་ལི་པ་ལོན་ཏི་ལར་འཚམས་འདྲིའི་གློག་འཕྲིན་སྤྲིངས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།