ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན27995རྩད་ཞིབ་ཐག་གཅོད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་རྩད་ཞིབ་ཐག་གཅོད་བྱས་པའི་ཟླ་རེའི་གཞི་གྲངས་བསྒྲགས། བརྡ་ཁྱབ་ལས་མངོན་པ་ལྟར་ན། ད་ལོའི་ཟླ7པར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཉིས་ཁྲི་བདུན་སྟོང་དགུ་བརྒྱ་གོ་ལྔ་རྩད་ཞིབ་ཐག་གཅོད་བྱས་ཤིང་། མི་གྲངས་སུམ་ཁྲི་བཞི་སྟོང་དྲུག་བརྒྱ་གྱ་གསུམ་ལ་སྐྱོན་བརྗོད་སློབ་གསོ་བྱས་པ་དང་ཐག་གཅོད་བྱས། (དེའི་ནང་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ2ཡོད་པ་དང་། ཐིང་རིམ་པའི་ལས་བྱེད་པ100ཡོད།) མི་གྲངས་ཉིས་ཁྲི་སུམ་སྟོང་བཞི་བརྒྱ་ཉེར་གཉིས་ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད།

བརྡ་ཁྱབ་བཏང་བ་ལྟར་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་ཀྱི་གནད་དོན་ཆིག་ཁྲི་ལྔ་སྟོང་ཆིག་བརྒྱ་དོན་དགུ་རྩད་ཞིབ་ཐག་གཅོད་བྱས་པ་དང་། མི་གྲངས་ཆིག་ཁྲི་དགུ་སྟོང་བཞི་བརྒྱ་ལ་སྐྱོན་བརྗོད་སློབ་གསོ་བྱས་པ་དང་ཐག་གཅོད་བྱས། དེའི་ཁྲོད། ལས་འགན་སྒྲུབ་པ་དང་འགན་འཁྲི་ཁུར་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ནས་འགན་མ་ཁུར་བ་དང་། ལས་དོན་མ་སྒྲུབ་པ། ལས་དོན་བྱུང་རྒྱལ་དུ་སྒྲུབ་པ། ལས་སྒྲུབ་རྫུན་བཟོ་བྱས་པ་བཅས་ལ་རྩད་ཞིབ་ཐག་གཅོད་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་སོགས་ཀྱི་གནད་དོན་ཆེས་མང་ཞིང་། གནད་དོན་ཆིག་ཁྲི་ཉིས་སྟོང་ལྔ་བརྒྱ་ང་གསུམ་རྩད་ཞིབ་ཐག་གཅོད་བྱས་ཏེ། མི་གྲངས་ཆིག་ཁྲི་དྲུག་སྟོང་ཆིག་བརྒྱ་བཅུ་གཅིག་ལ་སྐྱོན་བརྗོད་སློབ་གསོ་བྱས་པ་དང་ཐག་གཅོད་བྱས།

བརྡ་ཁྱབ་བཏང་བ་ལྟར་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་བསྡོམས་པས་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་གནད་དོན་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་བཅུ་དྲུག་རྩད་ཞིབ་ཐག་གཅོད་བྱས་ཤིང་། མི་གྲངས་ཆིག་ཁྲི་ལྔ་སྟོང་ཉིས་བརྒྱ་གྱ་གསུམ་ལ་སྐྱོན་བརྗོད་སློབ་གསོ་བྱས་པ་དང་ཐག་གཅོད་བྱས། དེའི་ཁྲོད་སྒྲིག་སྲོལ་དང་འགལ་བའི་སྒོ་ནས་ཁྱད་ལྡན་ཐོན་རྫས་རྩ་ཆེན་དང་ལེགས་སྐྱེས་དང་སྒོར་མོ་སོགས་སྟེར་བ་དང་བླངས་པའི་གནད་དོན་བརྒྱད་སྟོང་ཆིག་བརྒྱ་སོ་བརྒྱད་རྩད་ཞིབ་ཐག་གཅོད་བྱས། སྒྲིག་སྲོལ་དང་འགལ་བའི་སྒོ་ནས་ཕོགས་སྣོན་དང་ཁ་གསབ་སྟེར་བའམ་ཡང་ན་ཕན་བདེ་སྟེར་བའི་གནད་དོན་ཆིག་སྟོང་སུམ་བརྒྱ་དོན་དགུ་རྩད་ཞིབ་ཐག་གཅོད་བྱས་པ་དང། སྒྲིག་སྲོལ་དང་འགལ་བའི་སྒོ་ནས་ཟ་འཐུང་བྱས་པའི་གནད་དོན་ཉིས་སྟོང་ཉིས་བརྒྱ་ང་བདུན་རྩད་ཞིབ་ཐག་གཅོད་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།