སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འབྲེལ་ཡོད་འགན་ཁུར་བློ་མཐུན་ཁྲིད་དེ། ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་བོད་ལྗོངས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་འདམ་རུད་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ། ཉེན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གནང་བ་དང་། ཉེན་སེལ་མྱུར་སྐྱོབ་མི་སྣ་དང་གནོད་ཐེབས་བདེ་འགོད་མང་ཚོགས་ལ་འཚམས་འདྲི་གནང་།