ཕྱི་དངུལ་ཁེ་ལས་མཚོ་སྔོན་དུ་བསྐྱོད་པའི་སྲིད་གཞུང་དང་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་དང་དངུལ་གཏོང་གྲོས་སྡུར་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་ཕྱི་དངུལ་ཁེ་ལས་མཚོ་སྔོན་དུ་བསྐྱོད་པའི་སྲིད་གཞུང་དང་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུ་དང་དངུལ་གཏོང་གྲོས་སྡུར་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་རེན་ཧུང་པིན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲང་ཅིན་ཀང་གིས་བརྗོད་དོན་འོས་སྦྱོར་བྱས་པ་དང་། ཝང་ཧའེ་ཧུང་གིས་འགོ་འཛིན་བྱས་ལ། ཀྲང་ཞའོ་རུང་ཚོགས་འདུར་ཞུགས།

ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཕྱོགས་སྒོ་འབྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱོན་ཡོངས་ཁྲོད་གཏིང་ཟབ་ངང་འདྲེས་པར་བྱས་ལ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་རང་འགུལ་གྱིས་ཞབས་འདེགས་ཞུས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རིམ་ནུས་རྒྱུན་མ་ཆད་པར་འཕར་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་བསྟུད་མར་བསྐྱེད་པར་བྱས། ད་ལྟའི་མཚོ་སྔོན་གྱིས་སྔར་ལས་སྒོ་འབྱེད་ཡིད་ཆེས་ཀྱི་རྣམ་འགྱུར་གྱིས་འཛམ་གླིང་ལ་ཁ་ཕྱོགས་པ་དང་།  འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་དཔལ་འབྱོར་གོ་ལ་ཅན་གྱི་ཁྲོད་འདྲེས་པའི་བརྒྱུད་རིམ་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་སྟོང་གསར་བ་རྒྱ་བསྐྱེད་དེ། ལོ་རྒྱུས་སྟེང་གི་ཆེས་བཟང་པའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་། ཞུགས་འཐུས་སྔོན་གྱི་རྒྱལ་དམངས་ཐོབ་ཐང་དང་ལྡོག་ཕྱོགས་གསལ་ཁྲའི་དོ་དམ་ལམ་ལུགས་ཚད་གཞི་མཐོན་པོས་དངོས་འབེབས་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ནས། ཕྱི་དངུལ་དང་ཕྱི་ཕྱོགས་ཚོང་པ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་གཏོང་བ་བཅས་ཀྱི་ཁྲོད་ཟབ་ཞུགས་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་པ་དང་ཞབས་ཞུའི་འགན་སྲུང་སྔར་ལས་བཟང་པོ་འདོན་སྤྲོད་བྱ་རྒྱུ་ཡིན། ང་ཚོས་རྒྱ་ཆེའི་ཕྱི་དངུལ་ཁེ་ལས་དང་ཚོང་ཚོགས་མཐུན་ཚོགས་དང་མཉམ་དུ། རབ་མཛེས་མཚོ་སྔོན་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་བརྗེ་རེས་སྔར་ལས་ཟབ་སྤེལ་དང་མཉམ་ལས་སྔར་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་གྱི་ལེའུ་གསར་བ་མཉམ་དུ་འབྲི་འདོད་ཡོད།

རེན་ཧུང་པིན་གྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་འདི་ཉིད་ཁྱད་ལྡན་གྱི་ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྨང་གཞིར་རྐང་བཙུགས་ནས། ཁྱད་ཆོས་གསལ་ཞིང་དགེ་མཚན་འབུར་དུ་ཐོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། སྔར་ལས་སྒོ་འབྱེད་དཀྱེལ་ཡངས་ཀྱི་རྣམ་འགྱུར་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་བཞིན་ཡོད། ཕྱི་དངུལ་ཁེ་ལས་ཀྱིས་ཐེངས་འདིའི་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་གོ་སྐབས་གསར་བ་དམ་འཛིན་ནན་མོ་བྱེད་པ་དང་། ལག་རྡང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བའི་རེ་བ་བཅངས་ཡོད། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་བར་གྱི་མཉམ་ལས་ཟབ་སྤེལ་བྱེད་ཅིང་། ཀྲུང་གོ་དང་ཕྱི་ཕྱོགས་ཁེ་ལས་ཀྱིས་མཚོ་སྔོན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་མཚོ་སྔོན་གྱི་ཁེ་ལས་གོ་ལ་ཧྲིལ་བོའི་ཐོན་ལས་ལས་བགོས་དང་མཉམ་ལས་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བསྐྲུན་པར་རོགས་ཤུགས་འདོན་རྒྱུ་ཡིན།

ཀྲང་ཅིན་ཀང་གིས་འོས་སྦྱོར་བྱེད་སྐབས་བསྟན་དོན། ཁེ་ལས་པའི་གྲོགས་པོ་ཚོ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིར་འཛོམས་ནས། ཚྭ་མཚོའི་མུ་ཕྲེང་ཧྲིལ་བོའི་རིམ་སྤོར་དང་རྒྱལ་སྤྱིའི་ཉོ་ཚོང་དངུལ་གཏོང་གི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ་དང་། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་རྟེན་གཞིར་དམིགས་ཏེ། ཐཱན་མེད་ཐོན་ལས་སྡེ་ཚོགས་དང་ལྗང་མདོག་ཕྱི་དངུལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། རྒྱལ་སྤྱིའི་ཡུལ་སྐོར་དམིགས་སར་གཞིགས་ནས། རིག་གནས་ཡུལ་སྐོར་ཁམས་གསོ་རྩེ་གྲ་དང་རྒྱལ་སྤྱིའི་ལས་རྣམ་སྐྱེད་སྲིང་གི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་ལ་དམིགས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཕྱིར་གཏོང་ཡོང་འབབ་འཕར་བའི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པ། ལྗང་གློག་རིག་རྩིས་གསར་དར་ཐོན་ལས་ཀྱི་ཁྱབ་ཁོངས་ལ་གཞིགས་ནས། ཐཱན་མེད་ཐོན་ལས་དང་གཞི་གྲངས་དཔལ་འབྱོར། རྒྱལ་ཁོངས་བརྒལ་བའི་རྩིས་ནུས་རྒྱལ་སྤྱི་ཅན་བཅས་ཀྱི་གོ་སྐབས་གསར་བ་མཉམ་སྤྱོད་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱས་པ་ཡིན། མཚོ་སྔོན་གྱིས་འཛམ་གླིང་གི་ལས་རིགས་སོ་སོའི་མཉམ་ལས་གྲོགས་པོ་དང་མཉམ་དུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་མཉམ་དུ་འབྲི་འདོད་ཡོད།

ཀྲུང་གོ་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཕྱི་དངུལ་ཁེ་ལས་དང་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་ཚོང་ཚོགས། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ཁེ་ལས་བཅས་ཕལ་ཆེར་མི་བརྒྱ་དང་དྲུག་ཅུ་ཚོགས་འདུར་ཞུགས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱི་འགན་ཁུར་མི་སྣས་ཚོང་འགུག་འོས་སྦྱོར་བྱས། མཉམ་སྤྱོད་གློག་ལས་སྨན་བཅོས་ཚད་ཡོད་ཀུང་ཟི་དང་། ཀྲུའོ་ཅི་མགྲོན་ཁང་སྡེ་ཚོགས་སོགས་ཕྱི་དངུལ་ཁེ་ལས་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོར་ཞུགས་པའི་ཀྲུང་ཕྱིའི་ཁེ་ལས་ཀྱི་འགན་ཁུར་མི་སྣས་མཉམ་ལས་འདོད་མོས་དང་དངུལ་གཏོང་རེ་འདུན། སྲིད་ཇུས་འཛུགས་སྐྱོང་བཅས་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་སུ་དྲི་བར་ལན་བཏབ་པ་དང་ཁེ་ལས་ཀྱིས་དོ་ཁུར་བྱས་པའི་གནད་དོན་དང་ལེ

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།