བོད་ལྗོངས་སྐྱིད་གྲོང་འགག་སྒོར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བའི་སྐབས་དོན་གནས་ཚུལ་ཕྱོགས་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད10དང་སྐར་མ30ཙམ་ལ ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུངསྟེ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མང་ཚོགས་ཤི་རྨས་དང་འབྲེལ་རྒྱུན་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།

མིག་སྔར། བོད་ལྗོངས་དམག་ཁུལ་གཞིས་རྩེ་ཡན་ལག་དམག་ཁུལ་གྱི་པུའུ་ག་གེ་མོ་ཞིག་གིས་འཕྲལ་སྡོམ་རོགས་སྐྱོབ་དམག་ཤུགས་གཅིག་རྗེས་གཉིས་མཐུད་ངང་ཡུལ་དངོས་སུ་མངགས་གཏོང་བྱས་པ་དང་། དྲག་ཆས་ཉེན་རྟོག་གཞིས་རྩེ་ཡན་ལག་རུ་ཁག་གི་དཔོན་དམག་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད་ཡོད་པ་རེད། 

གནོད་འཚེ་བྱུང་རྗེས། འཕྲལ་སྡོམ་དོ་དམ་པུའུ་ཡི་གཅིག་གྱུར་བཀོད་གཏོང་གཞིར་བཟུང་ནས། ཀྲུང་གོ་ཨན་ནུང་སྡེ་ཚོགས་ཀྱིས་འཕྲལ་མར་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་ལེན་དུ་བསྟར་ཞིང་།  གང་འགྱོགས་ཅི་འགྱོགས་ཀྱིས་གཅིག་འགྱུར་འཆར་འགོད་ཐོག་འཕྲལ་སྡོམ་རོགས་དཔུང་ཤུགས་བཀོད་འདོམས་བྱས་ཏེ་པེ་ཅི་དང་། ལྷ་ས། ཁྲེང་ཏུའུ། ཁྲུང་ཆིང་སོགས་ས་ཁུལ་ནས་ས་གཤིས་དང་། བཟོ་གྲྭ། རོགས་སྐྱོབ་སོགས་ལག་རྩལ་ཆེད་མཁས་པ་དང་ཉེན་སེལ་རྐང་འཛིན་རུ་ཁག་བཅས་རིམ་དང་པོརུ་མི200བསྡུ་རུབ་བྱས་པ་དང་།  ནུས་མང་མྱུལ་ཞིབ་ཚད་ལེན་མི་མེད་གནམ་གྲུ་དང་། རྩ་གསུམ་སྐུལ་འོད་བཤར་འབེབས་ཡོ་བྱད། ཚེ་སྲོག་འཚོལ་ཞིབ་ཡོ་བྱད། ལས་གྲྭའི་ཉེན་སེལ་སྒྲིག་ཆས་ཆེ་གྲས120བཅསའཁྱེར་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ་རེད།

རིམ་པ་གཉིས་པའི་རུ་ཁག་གི་རུ་མི100ཡིས་རོགས་སྐྱོ་གྲ་སྒྲིག་བྱས་འདུག ། རོགས་སྐྱོབ་དཔུང་ཤུགས་གནོད་འཚེ་ཕོག་ཡུལ་དུ་འབྱོར་རྗེས་འཕྲལ་མར་མི་སྣ་འཚོལ་སྐྱོབ་དང་། ས་གནས་ས་ཐོག་ཏུ་རྩད་ཞིབ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་སོགས་ཀྱི་འབྲེལ་ཡོད་ལས་དོན་བསྒྲུབ་རྒྱུ་རེད། 

སྡེ་ཚན་གཉིས་ཀྱིས་སྒོར་དུང་ཕྱུར1.2བཏང་ནས་བོད་ལྗོངས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་འཕྲལ་སྡོམ་ཉེན་སྐྱོབ་གེགས་སེལ་ལ་རོགས་སྐྱོར་བྱས་པ་རེད།

ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེ་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.2འཕྲལ་མར་སྔོན་ལ་བཏང་སྟེ། བོད་ལྗོངས་ཀྱིས་སྐྱིད་གྲོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐད་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག ཉེན་སེལ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་ལོག་སྐྱོན་ཕོག་པའི་དམངས་ཁང་ཉམས་གསོ་སོགས་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ནས། གནོད་འཚེའི་གྱོང་གུན་དང་མིཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱས།

སྡེ་ཚན་གཉིས་ཀྱིས་བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ལ་དམིགས་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་གོ་ཚུགས།

རྒྱལ་ཁབ་གནོད་འགོག་གེགས་སེལ་ཨུ་ཡོན་ལྷན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གེགས་སེལ་འཕྲལ་སྡོམ་དང་ལེན་བྱེད་གོ་ཚུགས་ཏེ རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་གུར་དང་། དྲོད་ཐབ། གྱོན་ཆས་དང་ཉལ་ཆས། ལྟེབ་ཁྲི། བརླན་འགོག་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི3བཏང་ནས མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་ར་རྒྱབ་སྐྱོར་བྱས་པ་རེད། 

རང་བྱུང་ཐོན་ཁུངས་པུའུ་ཡིས་བོད་ལྗོངས་སུ་ས་གཤིས་གནོད་འཚེ་འགོག་སྲུང་གི་རིམ་པ་གཉིས་པའི་དང་ལེན་བྱེད་གོ་ཚུགས་པ 

རང་བྱུང་ཐོན་ཁུངས་པུའུ་ཡིས་ཟླ8པའི་ཚེས26ཉིན་གྱི་ཆུ་ཚོད15ཡི་སྟེང་། ས་གཤིས་གནོད་འཚེ་འགོག་སྲུང་གི་རིམ་པ་གཉིས་པའི་འཕྲལ་བསྟུན་དང་ལེན་བྱེད་གོ་ཚུགས་པ་དང་འབྲེལ་ལས་དོན་ཚོ་ཆུང་ཡུལ་དངོས་སུ་མངགས་ནས་ཉེན་སེལ་རོགས་སྐྱོབ་དང་ཞོར་ཐོན་ས་གཤིས་གནོད་འཚེ་འགོག་སྲུང་སོགས་ཀྱི་ལས་དོན་སྤེལ་བ་རེད།  

རང་བྱུང་ཐོན་ཁུངས་པུའུ་ཡིས་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐི་ལ་འཕྲལ་མར་ཆེད་མཁས་པའི་ལས་དོན་ཚོ་ཆུང་ཡུལ་དངོས་སུ་མངགས་ནས་ས་གནས་ལ་གཞོགས་འདེགས་བྱས་ཏེ མི་འཚོལ་སྐྱོབ་དང་ཉེན་སེལ་རོགས་སྐྱོབ་བྱེད་པའི་རིང་གི་ལག་རྩལ་འདེགས་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་མ་ཟད། གཅིག་ཤེས་ཀུན་གྲོལ་གྱིས་གནས་ཚུལ་དེ་དང་འདྲ་བའི་འོག་ས་གཤིས་གནོད་འཚེའི་སྐོར་ཞིབ་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན་སྔོན་བརྡ། སྔོན་འགོག་ཁ་གཏད་གཅོག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་རེ་བ་བཏོན་པ་རེད།  ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུའུ་དང་རང་བྱུང་ཐོན་ཁུངས་པུའི་ས་གཤིས་གནོད་འཚེའི་ལག་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱིས ཆེད་མཁས་པ་བཀོད་གཏོང་དང་། སྒྲིག་འཛུགས་མཐུན་སྦྱོར། གྲོས་མོལ་ཞིབ་འཇུག་བརྡར་ཤ་གཅོད་པ། ལག་རྩལ་འདེགས་སྐྱོར་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་ར་ཤུགས་སྣོན་པ་རེད།

སྡེ་ཚན་གསུམ་གྱིས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི3བཏང་ནས་བོད་ལྗོངས་གནོད་འཚེའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་ར་རྒྱབ་སྐྱོར་བྱས་པ། 

རྒྱལ་ཁབ་གནོད་འགོག་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་ཡུལ་གྱི་གེགས་སེལ་ལས་དོན་གྱི་དགོས་མཁོར་དམིགས་ཏེ རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུའུ་དང་མཉམ་དུ་གུར་དང་། དྲོད་ཐབ། གྱོན་ཆས་དང་ཉལ་ཆས། ལྟེབ་ཁྲི། བརླན་འགོག་གདན་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི3བཏང་ནས མང་ཚོགས་གནས་སྤོ་བཀོད་སྒྲིག་དང་གེགས་སེལ་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་ར་རྒྱབ་སྐྱོར་བྱས་པ་རེད། 

ནེ་པ་ལ་རུ་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ནེ་པ་ལསྡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱིས་བདེ་འཇགས་ཉེན་ཟོན་ལ་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་བྱས།

ནེ་པ་ལར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་འཕྲལ་སྡོམ་ལམ་སྲོལ་ལག་ལེན་དུ་བསྟར་ནས གནོད་འཚེ་ཕོག་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ཉེན་ཁ་དང་འབྲེལ་བ་ཡོད་པའི་གནས་ཚུལ་འཕྲལ་མར་ཤེས་རྟོགས་བྱས་ཏེ ནེ་པ་ལའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད་པར་སྐུལ་འདེད་བྱས། 

ནེ་པ་ལར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ནེ་པ་ལར་སྡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ལ་དྲན་སྐུལ་བྱས་དོན། 

གནམ་གཤིས་སྔོན་བརྡ་དང་ཉེན་བརྡའི་ཆ་འཕྲིན་སྣ་ཚོགས་དུས་ཐོག་ཏུ་བལྟ་དགོས་པ་དང་། 

ལམ་གྱི་གནས་ཚུལ་ལ་དོ་སྣང་དང་། ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་དོ་སྣང་བཅས་བྱས་ཏེ། བདེ་འཇགས་དང་བློས་འགེལ་ཆོག་པའི་འགྲིམ་འགྲུལ་ཡོ་བྱད་དང་ལམ་ཐིག་འདེམས་དགོས།  རི་ཁུལ་གྱི་ལུང་གཞུང་དང་། གཙང་བོའི་འགྲམ་རྒྱུད། གཤོང་ས་དང་ཞོད་སྐྱོན་འབྱུང་སླ་བ་སོགས་ཉེན་ཆེ་བའི་ས་ཁུལ་ལ་གཡོལ་དགོས།  

རང་འགུལ་ངང་ཉེན་ཁའི་གནས་སུ་གཏན་ནས་མ་སྐྱོད་ཅིག དགོས་ངེས་མེད་ན་རི་བོ་དང་ཆུ་ཡོད་སར། ལུང་ཁུག་སོགས་ཆུ་མི་འགྲོ་བ་དང་།  འཕྲིན་གཏོང་སྒྲིག་བཀོད་འཐུས་ཚང་མིན་པའི་ས་ཁུལ་ཏུ་མི་འགྲོ་རོགས། 

དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུན་ཐག་དམ་པོར་འཛིན་དགོས། ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཇེ་ཆེར་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ། ཉེན་བརྡ་གཏོང་ཤུགས་བཅས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྐྱོང་བྱས་ནས་ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཨར་ལས་ལས་སྒྲུབ་ཀྱི་བདེ་འཇགས་འགོག་སྲུང་བྱེད་ཐབས་སྲ་བརྟན་དུ་བཏང་སྟེ། བདེ་འཇགས་ལས་འཛོལ་ཚབས་ཆེན་འབྱུང་བར་སྔོན་འགོག་དང་གཡོལ་ཐབས་མཐའ་གཅིག་ཏུ་བྱེད་དགོས། གནོད་འཚེ་སྔོན་འགོག་གི་དངོས་ཟོག་གྲ་སྒྲིག་སྔ་སྣུར་ཡག་པོ་བྱས་ཏེ། གེགས་སེལ་གྱི་ཁ་གཏད་འཇལ་ནུས་ཆེ་རུ་བཏང་ནས་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས།

གལ་ཏེ་གློ་བུར་དུ་གནོད་འཚེ་བྱུང་ཚེ ནུས་ཤུགས་ཡོད་རྒུས་འབྲེལ་གཏུག་ཤར་བགྲོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ས་གནས་དེ་གའི་གཞུང་ཕྱོགས་ཀྱི་མཛུབ་ཁྲིད་ལ་བརྩི་སྲུང་བྱས་ནསདུས་ཐོག་ཏུ་ཉེན་གཡོལ་གནས་སྤོ་བྱས་ཏེ་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས། 

གཞན་ཡང་ ཚེས26ཉིན་ནེ་པ་ལའི་ཡུལ་སྐོར་ཨུ་ལྷན་གྱིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། རགས་རྩིས་བྱས་པ་ལས་མངོན་པ་ནི། ཉིན་དེའི་སྔ་དྲོ་རྒྱལ་ཁབ་དེའི་བྱང་རྒྱུད་དུ་བྱུང་བའི་ཆུ་ལོག་གིས་ཡུལ་སྐོར་བ384ལ་འབྲེལ་གཏུག་བྱེད་ཐབས་བྲལ་ཞིང་། དེའི་ནང་ནེ་པ་ལའི་ཡུལ་སྐོར་བ93ཚུད་ཡོད་པ་དང་ གཞན་ཚང་མ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཡིན་པ་རེད། གཞན་ཡང་ ཚེས26ཉིན་ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། གནོད་འཚེ་ཕོག་པའི་ས་ཁུལ་དུ་རྐྱེན་ལམ་དུ་ཤོར་བའི་མི16གི་བེམ་པོ་རྙེད་སོན་བྱུང་ཡོད

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།