དེ་རིང་ཞོགས་པ་ནས་སང་ཉིན་བར་མཚོ་སྔོན་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཐོག་ཆར་རམ་ཆར་རླུང་གཡུག་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ8པའི་ཚེས27ཉིན་གྱི་ཆུ་ཚོད6པར་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲག་ཆར་གྱི་ཉེན་བརྡ་སེར་པོ་བསྒྲགས་པ་སྟེ།

སྔོན་དཔག་བྱས་པ་ལྟར་ན། ཟླ8པའི་ཚེས27ཉིན་གྱི་ཆུ་ཚོད8པ་ནས་ཚེས28ཉིན་གྱི་ཆུ་ཚོད8པའི་བར་མཚོ་སྔོན་གྱི་ཤར་རྒྱུད་དང་། ཧྲན་ཞི(陕西)ཡི་དབུས་བྱང་རྒྱུད། ཧྲན་ཞི(山西)ཡི་དབུས་བྱང་རྒྱུད། ཧྲན་ཏུང་གི་བྱང་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཀོང་ཏུང་གི་དབུས་ནུབ་རྒྱུད། ཀོང་ཞི་ཡི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧྲན་ཞི(山西)དབུས་རྒྱུད་དང་། ཧྲན་ཏུང་གི་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཞི་ཡི་དབུས་ལྷོ་རྒྱུད། ཀོང་ཏུང་གི་དབུས་རྒྱུད་སོགས་ཀྱི་ས་ཆ་ཁ་ཤས་སུ་དྲག་ཆར་ཆེན་པོ(ཧའོ་སྨི100ནས160བར)འབབ་རྒྱུ་རེད། གོང་གསལ་གྱི་ས་ཁུལ་ཁག་ཅིག་ཏུ་དུས་ཐུང་གི་དྲག་ཆར་འབབ་རྒྱུ་དང་། (ཆུ་ཚོད་རེར་ཆར་ཆུ་འབབ་ཚད་ཆེ་ཤོས་ཧའོ་སྨི20ནས50བར་དང་། ས་ཆ་ཁ་ཤས་སུ་ཧའོ་སྨི70ཡན་ལ་བསླེབ་སྲིད)  ས་ཆ་ཁ་ཤས་སུ་ཐོག་ཆར་རམ་ཆར་རླུང་སོགས་གཏད་རྒྱུག་གི་གནམ་གཤིས་དྲག་པོ་འབྱུང་རྒྱུ་རེད།

ཟླ8པའི་ཚེས27ཉིན་གྱི་ཆུ་ཚོད6པར་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱི་ཉེན་བརྡ་སྔོན་པོ་བསྒྲགས་པ་སྟེ།

སྔོན་དཔག་བྱས་པ་ལྟར་ན་ཟླ8པའི་ཚེས27ཉིན་གྱི་ཆུ་ཚོད8པ་ནས་ཚེས28ཉིན་གྱི་ཆུ་ཚོད8པའི་བར་ཧྭ་པེ་ཡི་ནུབ་རྒྱུད་དང་། ཧོང་ཧོའེ་ཡི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ཧྭ་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་རིམ་པ8ཡན་གྱི་ཐོག་ཆར་དང་ཆར་རླུང་དྲག་པོ་གཡུག་རྒྱུའམ་ཡང་ན་སེར་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་པ་དང་། དེའི་ནང་ཀྲེ་ཅང་ཤར་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ཏུ་རིམ་པ10ཡན་གྱི་ཐོག་ཆར་དང་ཆར་རླུང་དྲག་པོ་གཡུག་རྒྱུ་རེད།

ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་པེ་ཡི་ནུབ་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་ཕྱོགས། ཧྭ་ནན་སོགས་ས་ཁུལ་ཁག་ཅིག་ཏུ་ཆུ་ཚོད་རེར་ཆར་ཆུ་འབབ་ཚད་ཧའོ་སྨི20ལས་ཆེ་བའི་དུས་ཐུང་གི་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ།  དེའི་ནང་ཧན་ཞི(陕西)ཡི་དབུས་རྒྱུད་དང་། ཧྲན་ཞི(山西)ཡི་ལྷོ་ནུབ་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཆུ་ཚོད་རེར་ཆར་ཆུ་འབབ་ཚད་ཧའོ་སྨི50ལས་ཆེ་བ་འབབ་རྒྱུ་དང་། ཆེས་ཆེ་ན་ཧའོ་སྨི70ཡན་ལ་བསླེབ་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།