《བླ་ཤིང》ལ་སྐབས33པའི་གསེར་གླག་བྱ་དགའི་ཁྲོད་འོས་འདེམས་བྱ་དགའ་བདུན་ཐོབ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ8པའི་ཚེས25ཉིན། ཀྲུང་གོའི་བརྙན་འཕྲིན་གསེར་གླག་འོས་འདེམས་མིང་ཐོ་སྤྱི་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་པའི་དངོས་ཡོད་བརྗོད་དོན་བརྙན་འཕྲིན་ཟློས་གར《བླ་ཤིང》ལ་འོས་འདེམས་བྱ་དགའ་བདུན་ཐོབ་པས། སྐབས་འདིའི་འཁྲབ་སྟོན་རིགས་བཞིའི་བྱ་དགའ་ཡོངས་ཀྱི་ཁྲོད་འོས་འདེམས་མིང་ཐོའི་ཁྲོད་ཚུད་པའི་བརྙན་འཕྲིན་ཟློས་གར་གཅིག་པུ་ཡིན། འོས་འདེམས་མིང་ཐོའི་ཁྲོད་བརྙན་འཕྲིན་ཟློས་གར་གྱི་བརྩམས་ཆོས་དང་འཁྲབ་གཞུང་རྩོམ་པ་པོ་ཞའོ་ཡུས་ཧྥན་སོགས་དང་། འཁྲབ་ཁྲིད་པ་ལི་ཞའེ། སྐྱེས་པའི་གཙོ་འཁྲབ་པ་ཧུའུ་ཀི། སྐྱེས་མའི་གཙོ་འཁྲབ་པ་དབྱང་ཙི། སྐྱེས་པའི་འཁྲབ་རོགས་ལི་ཀང་ཅེ། སྐྱེས་མའི་འཁྲབ་རོགས་མའེ་ཐིན་བཅས་ཡོད།

《བླ་ཤིང》གིས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ལག་ལེན་རྒྱབ་ལྗོངས་སུ་བྱས་ཏེ། སྐོར་ཞིབ་མི་སྣའི་གཙོད་ལ་སྲུང་སྐྱོབ་དང་། རི་ཆུ་ནགས་གསུམ་སྲུང་བའི་ཡིད་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད། 2019ལོར་གསར་རྩོམ་གྱི་འགོ་བརྩམས་པ་དང་། ལོ་བདུན་གྱི་རིང་ཧུར་ཐག་བྱས་ཏེ། ཐེངས་མང་བོར་མཚོ་སྔོན་དུ་སོང་ནས་ཡུལ་དངོས་རྟོག་ཞིབ་དང་། བསོད་ནམས་དར་རྒྱས་གཞིར་བཟུང་ནས་མི་སྣ་མང་བོར་བཅར་འདྲི་བྱས། ཟློས་གར་ཡོངས་ཆ་སྙོམས་མཚོ་འཕགས་སྨི4000ཡན་གྱི་ཁོར་ཡུག་ཏུ་ཉིན188ལ་ཕབ་བསྐྲུན་བྱས། ད་ལོའི་ཟླ1པོའི་ཚེས30ཉིན་ནས་བཟུང་། ཟློས་གར་དེ་ཀྲུང་དབྱང་བརྙན་འཕྲིན་ཟློས་གར་འཕྲིན་ལམ་གྱི་དུས་མཚམས་གལ་ཆེན་དང་། བརྙན་འཕྲིན་ལས་ཁུངས་དང་དྲ་ལམ་སྤྱི་སྟེགས་མང་བོ་ཞིག་ནས་བཏང་། རྒྱལ་ཡོངས་ཀྱི་སྐར་ཁུང་འཕྲིན་ལམ་སོ་སོའི་དགོང་མོའི་དུས་ཚོད་ནང་ལྟད་མོ་བའི་གྲངས་ཚད་ཨང་དང་པོ་ཟིན་པ་དང་། ཏིའུ་པན་དཔྱད་འདེམས་སྐར་གྲངས8.4ཐོབ། དེ་སྔོན་པའེ་ཡུས་ལན་བྱ་དགའི་འོས་འདེམས་མིང་ཐོ་བརྒྱད་ཀྱི་ཁྲོད་ཚུད་པར་མ་ཟད། ཆེས་བཟང་བའི་སྐྱེས་པའི་གཙོ་འཁྲབ་དང་ཆེས་བཟང་བའི་སྐྱེས་མའི་གཙོ་འཁྲབ། ཆེས་བཟང་བའི་འཁྲབ་ཁྲིད་པའི་བྱ་དགའ་ཆེན་པོ་གཉིས་ཐོབ།

ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཨ་མདོའི་སྐད་དང་ཁམས་པའི་སྐད་དུ་བསྒྱུར་བསྐྲུན་བྱས་ཏེ།  ཨ་མདོའི་སྐད་ཀྱི་ཟློས་གར་སྤྱི་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་ཨ་མདོ་བརྙན་འཕྲིན་ནས་ཐོག་མར་བཏང་། དེ་དང་མཉམ་དུ་གློག་བརྙན་བརྩམས་ཆོས་དང་རིག་གནས་ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ།“བླ་ཤིང་དང་མཉམ་དུ་མཚོ་སྔོན་བསྐོར་བ”སོགས་ཀྱི་་བརྙན་ཐུང་སྤེལ་ནས་མཚོ་སྔོན་ཡུལ་སྐོར་འཚོལ་བཤེར་བྱེད་ཚད་ན་ནིང་གི་དུས་མཉམ་ལས་བརྒྱ་ཆ་ཉིས་བརྒྱ་བཅུ་འཕར་སྣོན་བྱུང་། ཡུལ་ལྗོངས་ཕབ་སྐྲུན་བྱེད་ས་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ཁུ་ལུ་ཁུ་གྲོང་རྡལ་གྱི་སིམ་རྣམ་གློག་བརྙན་རིག་གནས་ཡུལ་སྐོར་རྟེན་གཞི་འཛུགས་བསྐྲུན་བྱས་པ་དང་། སྒོ་ཕྱེས་ཚུན་རིམ་རྩིས་བྱས་པ་ལྟར་ན་ཡུལ་སྐོར་བ་འབུམ་བཞི་ཁྲི་བཞི་བརྒྱད་སྟོང་ཉིས་བརྒྱ་ལ་ལྷག་སྣེ་ལེན་བྱས་པ་དང་འཛད་སྤྱོད་སྒོར་བྱེ་བ་བཞི་ས་ཡ་དྲུག་ལྷག་གིས་ཡར་སྐུལ་བྱས་ཡོད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།