མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ(ཤུལ་བཞག་རིག་གནས)ཀྱི་གྲོས་མོལ་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་པོ་རུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། གསར་འགོད་པ། ལྷ་ཆེན་རྒྱལ། ཤ་མོ།

ཟླ8པའི་ཚེས22ཉིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ཟབ་སྤེལ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་མཛུབ་སྟོན་དང་། ཨ་ཁུ་པདྨ་མཚོ་སྐོར་གསོལ་མགྲོན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་དང་མཚོ་ལྷོ་ཁུལ་ཀརྨ་དགའ་བྲིས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟིས་འགན་སྒྲུབ་མཛད་པ། གསེར་ཆེན་རྫོང་རིག་གནས་ཁང་གིས་རོགས་སྒྲུབ་མཛད་པའི་མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ(ཤུལ་བཞག་རིག་གནས)ཀྱི་གྲོས་མོལ་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་པོ་ལྷོ་རྒྱུད་ཀྱི་ཨ་ཁུ་པདྨ་གསོལ་མགྲོན་ཁང་དུ་བསྡུས།

གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཞིབ་འཇུག་པ་དང་ཆེད་མཁས་པ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ། ས་གནས་ཀྱི་རིག་གནས་ཡུལ་སྐོར་གཙོ་གཉེར་སྡེ་ཁག་གི་མགོ་ཁྲིད། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་ཚབ་པ་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་བྱེད་མི་སྣ་སོགས་སྐུ་མགྲོན30ལྷག་ཐེངས་འདིའི་གྲོས་མོལ་ཚོགས་འདུར་ཞུགས་ཏེ། འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གསར་གཏོད་ཐད་ཞིབ་འཇུག་བགྲོ་གླེང་མཛད།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དཔེའི་འགྲེམ་སྟོན་ལ་གཟིགས་བཞིན་པའི་ཚུལ།

ཐེངས་འདིའི་གྲོས་མོལ་ཚོགས་འདུས་འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ——མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པའི་རིག་གནས་སྤྱི་ཡོངས་རང་བཞིན་དང་ཐོན་སྐྱེད་རང་བཞིན་སྲུང་སྐྱོབ་བྱེད་པ་བརྗོད་གཞིར་བཟུང་སྟེ། མཚོ་སྔོན་པོའི་མཐའ་འཁོར་གྱི་འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་རྩ་བའི་དགེ་མཚན་ལ་བརྟེན། འབྲོག་པའི་རིག་གནས་དང་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་རྗེ་གེ་སེར་རྒྱལ་པོའི་སྒྲུང་། ཐང་ག །བོད་ཀྱི་ཡིག་གཟུགས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིན་ཐང་གཏིང་ཟབ་སྒོས་སྔོག་འདོན་དང་། འབྲོག་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་དང་ཤུལ་བཞག་རིག་གནས་རྒྱུན་འཛིན། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་གཅིག་གྱུར་བཀོད་འདོམས་གྱིས་སྐུལ་འདེད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པ་དང་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་བསྐྲུན་པར་རོགས་འདེགས་སྒོས། ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་རྒྱུ་རེད།

འགྲེམ་སྟོན་བརྩམས་ཆོས།

འགྲེམ་སྟོན་བརྩམས་ཆོས།

སྦྲ་ནག་ཀ་བརྒྱ་མ།

ཚོགས་ཞུགས་མི་སྣའི་མཉམ་པར།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།