ཟླ8པའི་ཚེས20ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་རེ་བདུན་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་བརྡ་ཁྱབ་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲིན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལོའུ་ཀང་། ཝང་ཅིན་ཀྲེ། ཚའེ་ཁྲིན་ཡུང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་། ལིའུ་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས།
གྲོས་ཚོགས་ལས་བསྟན་དོན། ཕྱིར་སྡོད་རང་མིའི་ལས་དོན་དང་རྨང་གཞིའི་སློབ་གསོ། ས་གཤིས་གནོད་འཚེ་འགོག་བཅོས་དང་ལོ་སྨད་ཀྱི་དཔལ་འབྱོར་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པར་དམིགས་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དང་། གྲོང་ཁྱེར་གསར་སྒྱུར་སོགས་ཀྱི་བྱ་བའི་བླང་བྱར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། དམངས་ཆེན་བྱ་བའི་དངོས་ཡོད་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་སྟོད་ཀྱི་བྱ་བའི་ཉམས་མྱོང་ཕྱོགས་སྡོམ་བཟང་པོ་བྱེད་པ་དང་། ཁྲིམས་མཐུན་འགན་སྒྲུབ་དང་གཙོ་གནད་བྱ་བའི་ཟུང་འབྲེལ་གནས་ཡང་དག་སྒོས་འཚོལ་བ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ཀྱིས་འཕེལ་རྒྱས་ལ་འགན་སྲུང་བྱེད་པ་དང་། ཕན་ནུས་མཐོ་བའི་ལྟ་སྐུལ་གྱིས་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས། དེ་དང་མཉམ་དུ། ནུས་པ་ཡོད་རྒུས་གཞི་རིམ་དམངས་ཆེན་གྱི་བྱ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྫོང་དང་ཞང་གི་དམངས་ཆེན་སྐབས་བརྗེ་འདེམ་བསྐོའི་རྗེས་མཐུད་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཕྱིར་སྡོད་རང་མི་དང་མི་རིགས་བྱ་བའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས་ལ། ཁྲིམས་སྐྱོང་འགན་སྲུང་གིས་དུས་རབས་གསར་བའི་ཕྱིར་སྡོད་རང་མིའི་ལས་དོན་དང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞི་གྲངས་ཀྱི་སྟོབས་ནུས་སྩོལ་བ་དང་། གསར་གཏོད་འགན་སྒྲུབ་ཀྱི་ཁྲིད་ཕྱོགས་གསལ་བོ་བརྟན་པོའི་ངང་འཛུགས་པ་དང་། རིག་ནུས་དམངས་ཆེན་གྱི་སྟེགས་བུ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་ཐབས་རིག་ནུས་ཀྱིས་དམངས་ཆེན་བྱ་བའི་སྤུས་འདེགས་ནུས་འཕར་ལ་རོགས་ཤུགས་འདོན་དགོས།
གྲོས་ཚོགས་ལས་ད་རུང《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་ཀྱི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱ་བའི་སྤྱི་སྡོམ་སྙན་ཞུའི་མ་ཡིག》སོགས་ལ་གྲོས་ཞིབ་བྱས།