ཁུ་ནུ་རིག་གནས་གླེང་སྟེགས་མཚོ་སྔོན་དུ་སྤེལ། ལུའོ་ཏུང་ཁྲོན་དང་ལིའུ་ཅན། ཀྲའོ་རོའུ་བཅས་གླེང་སྟེགས་སུ་ཞུགས་ཤིང་གཏམ་བཤད་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ8པའི་ཚེས19ཉིན་གྱི་སྔ་དྲོར། “གཙང་བོའི་འབྱུང་ཡུལ་གྱི་རྡོ་བརྐོས། ཧྭ་ཞའི་གཅིག་མཐུན་གྱི་འབྱུང་ཁུངས”ཞེས་པ་བརྗོད་དོན་བྱས་པའི་ཁུ་ནུ་རིག་གནས་གླེང་སྟེགས་ཟི་ལིང་དུ་སྤེལ། མགོ་རྩོ་མཛད་སྒོའི་སྔོན་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་ཏུང་ཁྲོན་གྱིས་ཚོགས་ཞུགས་མགོ་ཁྲོད་དང་སྐུ་མགྲོན་ལྷན་དུ་མཚོ་སྔོན་གྱི་ཁུ་ནུ་རིག་གནས་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

ཟླ8པའི་ཚེས19ཉིན་གྱི་སྔ་དྲོར། “གཙང་བོའི་འབྱུང་ཡུལ་གྱི་རྡོ་བརྐོས། ཧྭ་ཞའི་གཅིག་མཐུན་གྱི་འབྱུང་ཁུངས”ཞེས་པ་བརྗོད་དོན་བྱས་པའི་ཁུ་ནུ་རིག་གནས་གླེང་སྟེགས་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་ཏུང་ཁྲོན་དང་། ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་གཞོན་པ་ལིའུ་ཅན། ཀྲུང་གོ་ཚན་རིག་གླིང་གི་མགོ་གཙོ་གཞོན་པ་ཀྲའོ་རོའུ་བཅས་གླེང་སྟེགས་སུ་ཞུགས་ཤིང་གཏམ་བཤད་བྱས།

ཟླ8པའི་ཚེས19ཉིན་གྱི་སྔ་དྲོར། “གཙང་བོའི་འབྱུང་ཡུལ་གྱི་རྡོ་བརྐོས། ཧྭ་ཞའི་གཅིག་མཐུན་གྱི་འབྱུང་ཁུངས”ཞེས་པ་བརྗོད་དོན་བྱས་པའི་ཁུ་ནུ་རིག་གནས་གླེང་སྟེགས་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་ཏུང་ཁྲོན་གླེང་སྟེགས་སུ་ཞུགས་ཤིང་གཏམ་བཤད་བྱས།

ཞིང་ཆེན་རིམ་པའི་མགོ་ཁྲིད་མགོན་པོ་བཀྲ་ཤིས་དང་ལིའུ་ཆིས་ཧྥན། ཝང་ཏ་ནན། ལིའུ་ཐུང་ཏི། ཁྲིན་ཅེས་ཝེ་བཅས་ཞུགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཐད་གཏོགས་ལས་དོན་སྡེ་ཁག་དང་། རྒྱལ་ནང་གི་རིག་གཞུང་ཞིབ་འཇུག་ལས་ཁུངས། ཀྲུང་དབྱང་དང་ས་གནས་ཀྱི་སྨྱན་སྦྱོར། སྤུན་ཟླའི་ཞིང་ཆེན་དང་ཆུས། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་དང་རིག་གནས་ཁེ་ལས། མཐོ་རིམ་སློབ་གླིང་དང་སྦྲེལ་དྲའི་ཚན་རྩལ་སྨྱན་བྱད་ཁེ་ལས། སྤྱི་ཚོགས་ཚོགས་སྤྱིའི་འཐུས་ཚབ་བཅས་ཁྱོན་སྡོམ་མི200ལྷག་ཞུགས་ཡོད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མངགས་བཅོལ་ལྟར། ལུའོ་ཏུང་ཁྲོན་གྱིས་ཤིས་ཚིག་ནང་དུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ། གླེང་སྟེགས་སྒྲུབ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཆེད་མཁས་པ་དང་སྐུ་མགྲོན་རྣམས་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུས། ཐེངས་འདིའི་གླེང་སྟེགས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་རིག་གཞུང་ཞིབ་འཇུག་ལས་ཁུངས། ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར། ཆེད་མཁས་པ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཁུ་ནུ་རིག་གནས་ནི་ཀྲུང་ཧྭའི་ཤེས་རིག་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཤིག་ཡིན་ལ། དེས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་དང་ཆབ་སྲིད་ཀྱི་ཕུགས་འདུན། མི་རིགས་ཀྱི་སྙིང་སྟོབས། རིན་ཐང་ལྟ་བ་སོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་ཅིང་། ད་ལྟའི་དུས་སུ་ཁུ་ནུ་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དེར་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ནི་ཁུ་ནུའི་རི་རྒྱུད་གཙོ་བོའི་ཁུལ་དུ་གནས་ཡོད་པས། ཁུ་ནུ་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་རྟེན་གཞི་གལ་ཆེན་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་པ་དང་། ཧུར་ཐག་གིས་ཁུ་ནུ་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་མ་ཟད། ཁུ་ནུ་རིག་གནས་ཀྱི་ཞིབ་འགྲེལ་དང་ཤུལ་བཞག་སྲུང་སྐྱོབ། རིག་རྩལ་གསར་རྩོམ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། མཚོ་སྔོན་ཁུ་ནུ་རིག་གནས་སློབ་གླིང་བཙུགས་ཏེ། མུ་མཐུད་དུ་ཁུ་ནུ་རིག་གནས་ཆེད་དོན་ཞིབ་འཇུག་དང་རིག་ཚན་སྣ་མང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་བཞིན་ཡོད་པས། ཁུ་ནུ་རིག་གནས་ཀྱིས་སྤྱི་ཚོགས་སྟེང་ཐེབས་པའི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད། ཐེངས་འདིའི་གླེང་སྟེགས་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། ཁུ་ནུ་རིག་གནས་འབྱུང་ཁུངས་སྔོག་འདོན་ཟབ་སྤེལ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་ཚུལ་བསྒྱུར་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན་ལ། ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར་དང་རྒྱལ་ནང་གི་ལོ་རྒྱུས་རིག་པའི་མཁས་པ་རྩེ་གྲ། རིག་གནས་ཐོན་ལས་ཀྱི་སྣེ་ཁྲིད་མི་སྣ་བཅས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་ལ་འཚོལ་ཞིབ་དང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རིག་གཞུང་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན་པས། དེ་ལས་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད། ཁོའི་རེ་བར་ཐེངས་འདིའི་གླེང་སྟེགས་མགོ་རྩོམ་ས་བྱས་ཏེ། རྒྱལ་ཡོངས་ཀྱི་ཆེད་མཁས་པ་དང་མཉམ་དུ་ཁུ་ནུ་རིག་གནས་ཀྱི་གཞུང་ལུགས་རྨང་གཞི་ལ་འགྲེལ་བཤད་ལེགས་པོ་བྱེད་པ་དང་། དུས་རབས་གསར་བའི་ཁུ་ནུའི་གཏམ་རྒྱུད་ལེགས་པོར་འཆད་པ། རིག་གནས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་ནུས་པ་གང་ལེགས་འདོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པ་དང་མི་རིགས་བསྐྱར་དར་གྱི་བྱ་བཞག་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ལིའུ་ཅན་གྱིས་མགོ་རྩོམ་མཛད་སྒོའི་སྟེང་ཞིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་མཐོ་རིམ་རིག་མཛོད་སྙན་ཞུདཔལ་ཡོན་གྱི་རྩ་བ་དང་གྲགས་འགུལ་ཏེ— ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་སྙིང་སྟོབས་ཀྱི་གོ་དོན། དུས་རབས་རིན་ཐངཞེས་པ་ཁྱབ་བསྒྲགས་བྱས། ཁོས་བཤད་རྒྱུར། ཞིན་ཧྭ་གསར་འགྱུར་ཁང་ནི་ཀྲུང་གོའི་རྒྱལ་ཁབ་འཕྲིན་གཏོང་ལས་ཁུངས་ཤིག་ཡིན་པར་མ་ཟད། འཛམ་གླིང་རང་བཞིན་གྱི་འཕྲིན་གཏོང་ལས་ཁུངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རིག་མཛོད་གསར་པ་ཞིག་ཀྱང་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས“ཁུ་ནུ་རིག་གནས་ཀྱི་གཏམ་རྒྱུད”ལེགས་པོར་འཆད་པར་ཤུགས་སྣོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཕྱོགས་སོ་སོ་དང་མཉམ་དུ། མུན་མཐུད་དུ་རིག་མཛོད་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་སྤེལ་ནུས་པ་ཆེ་རུ་གཏོང་བ། སྤེལ་རེས་སྟེགས་བུ་འཛུགས་པ་བཅས་བྱས་ཏེ། ཁུ་ནུ་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་གླེང་ཕྱོགས་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་ཡིན་ཟེར།

ཀྲའོ་རུའེ་ཡིས་བཤད་རྒྱུར། ཐེངས་འདིའི་གླེང་སྟེགས་ནི་སྒར་ཐང་ཆིན་རྒྱལ་རབས་ཀྱི་རྡོ་བརྐོས་ཀྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་གལ་ཆེན་སྐོར་ལ་གྲོས་བསྡུར་གཏིང་ཟབ་བྱེད་དགོས་པར་མ་ཟད། དངོས་དཔང་རིག་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་ལེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་ལོ་རྒྱུས་རྩ་བར་འཚོལ་ཞིབ་བྱེད་པའི་དངོས་ཕན་གྱི་ལས་དོན་ཞིག་ཡིན་པས། དོན་སྙིང་ཆེན་པོ་ལྡན་པ་མ་ཟད་དུས་བབས་དང་མཐུན་ཞིག་ཀྱང་ཡིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གིས་མཚོ་སྔོན་དང་མཉམ་ལས་འབྲེལ་བ་དམ་ཟབ་བྱ་རྒྱུར་རེ་བ་བཅངས་ལ། ཁུ་ནུ་རིག་གནས་ཞིབ་འཇུག་བརྒྱུད་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་ཞུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་ལོ་རྒྱུས་ཞིབ་འཇུག་ཟབ་སྤེལ་བྱེད་པ། ཁུ་ནུ་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་བཟོ་བར་ལོ་རྒྱུས་ཀྱི་རྒྱབ་རྟེན་དང་རིན་ཐང་ཁྲིད་སྟོན་མཁོ་འདོན་བྱེད་འདོད་ཡོད་ཟེར།

མགོ་རྩོམ་མཛད་སྒོའི་སྟེང་། ལུའོ་ཏུང་ཁྲོན་དང་མགོན་པོ་བཀྲ་ཤིས། ལིའུ་ཅན། ཀྲའོ་རུའེ། ལིའུ་ཆི་ཧྥན་སོགས་མགོ་ཁྲིད་དང་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཏེ་ཐེངས་འདིའི་གླེང་སྟེགས་ཀྱི་ཡོལ་བ་དངོས་སུ་ཕྱེས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་སྒྲོམ་གཞི་ལ་མིང་རྟགས་བཀོད། ཡུལ་དངོས་སུ་དྲིལ་བསྒྲགས་གློག་བརྙནགནམ་འོག་གི་ཁུ་ནུཞེས་པ་བཏང་བ་དང་བརྗོད་དོན་ཞབས་བྲོརྡོ་བརྐོས་ཀྱི་སྙན་གླུ་རིང་མོཞེས་པ་འཁྲབ་སྟོན་བྱས། མགོ་རྩོམ་མཛད་སྒོ་མ་འཚོགས་སྔོན་ལ། མགོ་ཁྲིད་སྐུ་མགྲོན་ཚོས་མཚོ་སྔོན་གྱི་ཁུ་ནུ་རིག་གནས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་བྱས།

མགོ་རྩོམ་མཛད་སྒོའི་རྗེས་སུ་སྤེལ་བའི་གླེང་སྟོགས་དངོས་ཀྱི་སྟེང་ནས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལིའུ་ཙུའོ་ཁུའེ་དང་། པེ་ཅིང་སློབ་ཆེན་མི་ཆོས་རིག་པའི་དགེ་རྒན་ཆེན་མོ་ལི་ལིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་པུའུ་ཞན་ཆུན། ཀང་མིང་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཁྲེན་ཕིན་ཀའོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུའུ་ཞིན་ཧྭ་དང་ཐུང་ཐའོ། རོལ་རྩེད་ཚན་རིག་མཉམ་འབྲེལ་གསར་གཏོད་པ། 《ལྷ་སྒྲུང་ནག་པོ:ཝུའུ་ཁུང》ཞེས་པའི་འགྲེམ་སྤེལ་འགན་འཁུར་མི་སྣ་ཡུའུ་རན་ཞིང་། ཐེང་ཞུན་ཀུང་སིའི་ཁྲོམ་ར་དང་སྤྱི་འབྲེལ་སྡེ་ཁག་གི་འགན་འཛིན་ཐང་ཡེ་ཕིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སུའོ་ཏན་ཀྲི། ཞིན་ཧྭ་གསར་འགྱུར་ཁང་ཞིབ་འཇུག་གླིང་ཞི་ཅིན་ཕིང་རིག་གནས་བསམ་བློ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྥུ་ཡན་སོགས་སྐུ་མགྲོན་གྱིས་སྔ་རྗེས་སུ་གཏམ་བཤད་བྱས་ཏེ། ཕྱོགས་མི་འདྲ་བ་ནས་ཁུ་ནུ་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་དང་། ཡིག་ཆའི་དངོས་དཔང་གསེད་བཀྲོལ། སྙིང་སྟོབས་ཀྱི་དོན་སྙིང་ལ་དབྱེ་ཞིབ་བྱས་ཏེ་རྒྱུན་འཛིན་དང་གསར་གཏོད་སྐོར་ལྷན་དུ་བགྲོ་གླེང་བྱས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།