
ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་གཟབ་རྒྱས་ཚོགས་ནས། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་མཁས་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་གཟབ་རྒྱས་ཚོགས་ནས། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་མཁས་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་རྗེས་དྲན་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། བློ་མཐུན་ཅང་ཙེ་མིན་གྱི་མཛད་རྗེས་རླབས་ཆེན་ལ་སེམས་གཏིང་ནས་རྗེས་དྲན་ཞུས་པ་དང་། བློ་མཐུན་ཅང་ཙེ་མིན་གྱི་བླ་ན་མེད་པའི་ཉམས་འགྱུར་ལ་སློབ་སྦྱོང་ཡག་པོ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་མི་ཆད་པར་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།

ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་གཟབ་རྒྱས་ཚོགས་ནས། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་མཁས་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་རྗེས་དྲན་ཞུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་རྔམ་བརྗིད་ལྡན་པ་གཟབ་ནན་གྱི་རྣམ་པས་ཁེངས། ཀྲུའུ་ཞི་སྟེགས་བུའི་གོང་དུ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་ཞེས་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དཀྱིལ་དུ་བློ་མཐུན་ཅང་ཙེ་མིན་གྱི་པར་རིས་ཆེན་པོ་ཞིག་དང་། དེའི་གཤམ་དུ1926-2026ཞེས་པའི་ཡི་གེ་ཡོད། ཉིས་ཐོག་གི་རྒྱང་གཟིགས་སྟེགས་བུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེང་བ་དང་། ཏང་གི་གཞི་རྩའི་རིགས་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་པའི་སྦྱར་ཡིག་བཀལ་ཡོད།
སྔ་དྲོའི་ཆུ་ཚོད10པར། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས།

ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་གཟབ་རྒྱས་ཚོགས་ནས། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་མཁས་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་རྗེས་དྲན་ཞུས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཚེ་གང་བོ་ནི། གཟི་བརྗིད་ལྡན་པའི་མི་ཚེ། འཐབ་འཛིང་བྱས་པའི་མི་ཚེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ། མི་དམངས་བདེ་སྐྱིད་ཡོང་བ་བཅས་མངོན་འགྱུར་བྱེད་ཆེད་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་པ་དང་ཚེ་གང་འབད་འཐབ་གནང་བའི་མི་ཚེ་རེད། ཁོང་གིས་དབུ་ཁྲིད་གནང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་ཀྱི་འཛུགས་སྐྱོང་དང་ཏང་གི་འཛུགས་སྐྱོང་བྱ་བར་སྐུལ་འདེད་གནང་ནས་འཛམ་གླིང་ཀུན་གྱིས་དོ་སྣང་བྱས་པའི་གྲུབ་འབྲས་གསར་པ་བླངས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གཏོད་པ། མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་ཆུ་ཚད་ལ་སླེབས་རྒྱུ་མངོན་འགྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བདེ་བླང་ངང་དུས་རབས་ཉེར་གཅིག་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་བསུབ་ཐབས་མེད་པའི་མཛད་རྗེས་ཕུལ་བས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་སྙིང་ཐག་པ་ནས་གུས་བཀུར་ཞུ་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཆེན་པོ་ཐོབ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་ངོ70ལྷག་གི་གསར་བརྗེའི་མི་ཚེའི་ཁྲོད། ལྷག་པར་དུ་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྗེས་སུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་ཆེན་ཁྲོད། བློ་མཐུན་ཅང་ཙེ་མིན་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་ཞིག་གི་མཁས་མཛངས་དང་། གནད་འགག་ནུས་པ། དབུ་ཁྲིད་ཀྱི་སྒྱུ་རྩལ་བཅས་གསལ་བོར་བསྟན་ཡོད་པས། ང་ཚོས་ནམ་ཡང་སློབ་སྦྱོང་བྱེད་རིན་ཡོད་པ་དང་། ནམ་ཡང་ང་ཚོ་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་ཉམས་འགྱུར་བླ་ན་མེད་པ་བསྟན་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་དང་། ཏང་དང་མི་དམངས་ལ་བློ་དཀར་ཐག་ཆོད། བློ་རྩ་བརྟན་པོས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དུ་འབད་འཐབ་གནང་སྟེ། ང་ཚོས་ཁོང་གི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་དད་མོས་ལ་སློབ་སྦྱོང་བྱེད་དགོས། ཐོག་མའི་དམ་བཅའ་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། མར་ཁེ་སིའི་རིང་ལུགས་ལ་འཛིན་པའི་དད་མོས་དང་། གུང་ཁྲན་རིང་ལུགས་ལ་འཛིན་པའི་དད་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་ཡིད་ཆེས་བཅས་བརྟན་དུ་གཏོང་དགོས། ཏང་གི་གཞི་རྩའི་རིགས་གཞུང་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་མཐའ་འཁྱོངས་བྱེད་དགོས། རང་རྟོགས་ངང་འདུ་ཤེས་བཞི་ཇེ་དྲག་དང་ཡིད་ཆེས་བཞི་ཇེ་བརྟན། སྲུང་སྐྱོང་གཉིས་ལེགས་པར་བསྒྲུབ་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན། བློ་མཐུན་ཅང་ཙེ་མིན་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས། མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་གནང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ཏེ་བྱ་བ་བཀོད་སྒྲིག་དང་སྐུལ་འདེད་བཏང་། ང་ཚོས་ཁོང་གི་ལྷག་བསམ་ཟོལ་མེད་ཀྱི་དམངས་ལ་བཅངས་པའི་བརྩེ་སེམས་ལ་སློབ་སྦྱོང་བྱས་ཏེ། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པ་ཞེས་བློ་ལ་བརྟན་པོར་ངེས་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ། སྤྱི་ཞབས་པའི་འདུ་ཤེས་འཛིན་ཤུགས་ཇེ་ཆེར་གཏོང་བ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་སྐྱོད་པ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་སྐྲུན་བྱེད་པ། མི་ཡི་ཕྱོགས་ཡོངས་འཕེལ་རྒྱས་དང་། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་སྤོ་ཐུབ་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད་བཅས་མཐའ་འཁྱོངས་གནང་བ་མ་ཟད། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། རིགས་གཞུང་གསར་གཏོད་དང་། ལམ་ལུགས་གསར་གཏོད། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད། ད་རུང་ཕྱོགས་གཞན་པའི་ཐད་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གནང་། ང་ཚོས་ཁོང་གི་དུས་བསྟུན་མདུན་སྐྱོད་ཀྱི་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ལེན་པར་བྱེད་དགོས། ཕྱོགས་ཡོངས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་སྐུལ་སློང་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱི་གཟིགས་རྒྱང་རིང་བ་དང་། དུས་དཔག་བབ་བསྟུན་ལ་མཁས་ཤིང་། ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་གཞིགས་ནས་གནད་དོན་ལ་ལྟ་ཞིབ་དང་བསམ་གཞིགས་བྱེད་མཁས་པ། འཛམ་གླིང་ལ་ཁ་ཕྱོགས་པ་དང་མ་འོངས་པར་དམིགས་པའི་ཐབས་ཇུས་གལ་ཆེན་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། ང་ཚོས་ཁོང་གི་ཡུན་རིང་ལ་བསམ་གཞིག་གཏོང་བའི་འཐབ་ཇུས་ཀྱི་བསམ་གཞིག་ལ་སློབ་སྦྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་གྱིས་འཆར་འགོད་དང་། འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་བྱས་ཏེ། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུག་པ་མེད་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་དྲང་ནུས་སྔར་བས་མང་བ་སྣོན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བློ་མཐུན་ཅང་ཙེ་མིན་གྱིས་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་འགག་རྩའི་དུས་སུ་འཕྲལ་ཐག་ཆོད་པོས་ཇུས་ཐག་གཅོད་ཕོད་པ་དང་། ཉེན་ཁ་དང་འགྲན་སློང་ལ་བབ་བརླིང་ངང་ཁ་གཏད་གཅོག་པ། དཀའ་ངལ་དང་ཉེན་ཁ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་བར་སྟོང་རྒྱ་ཆེན་པོ་དང་། ཁོར་ཡུག་བཟང་པོ་བསྐྲུན། ང་ཚོས་ཁོང་གི་བློ་རྩ་བརྟན་པོའི་ཐུན་མོང་མ་ཡིན་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། མ་མཐའི་མཚམས་ཐིག་གི་བསམ་གཞིག་འཛུགས་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་གྱུར་འཆར་འགོད་ལེགས་པོ་བྱེད་པ། ཞུམ་པ་མེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དང་ཁྱད་དུ་འཕགས་པའི་འཐབ་རྩོད་ཀྱི་འཇོན་ཐང་ལ་བརྟེན་ནས། རླུང་འཚུབ་རླབས་དྲག་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་བཅས་ཀྱི་ཉམས་སད་གལ་ཆེན་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་ནས། མུ་མཐུད་དུ་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བའི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་མུ་མཐུད་དུ་འབྲི་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡུན་རིང་འབད་བརྩོན་བྱས་པ་བརྒྱུད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་ནས། ཀྲུང་གོའི་ས་གཞི་ཆེན་མོ་བརྟན་ལྷིང་འཆམ་མཐུན་དང་། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མདུན་ལམ་འོད་སྟོང་ལྡན་པ་དང་། མི་རབས་ཁ་ཤས་ཀྱིས་འབད་འཐབ་བྱེད་པའི་ཕུགས་འདུན་དེ་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱུང་བཞིན་ཡོད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་བ། ཡིད་ཆེས་བརྟན་པོ་དང་འབད་པ་ལྷུར་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་པ། ཀྲུང་གོའི་མི་དམངས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་རྒྱུན་ཆད་མེད་པར་བཏོད་དེ། ཀྲུང་ཧྭ་མི་རིགས་ཀྱི་སྔར་ལས་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་རྩོམ་དགོས།
ལི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས། བློ་མཐུན་ཅང་ཙེ་མིན་གྱི་འོད་སྟོང་འབར་བའི་འཐབ་འཛིང་གི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་གནང་བ་དང་། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ལ་བཞག་པའི་ཉམས་པ་མེད་པའི་མཛད་རྗེས་ལ་ཚད་མཐོའི་གདེང་འཇོག་གནང་ཡོད་པས། བློ་མཐུན་ཅང་ཙེ་མིན་གྱི་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་དད་མོས་དང་། དམངས་ལ་བཅངས་བའི་བརྩེ་སེམས་ཟོལ་མེད། དུས་བསྟུན་མདུན་སྐྱོད་ཀྱི་གསར་གཏོད་སྙིང་སྟོབས། ཕུགས་རྒྱང་རིང་བའི་བསམ་གཞིག་གི་འཐབ་ཇུས་བསམ་བློ། བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་བཅས་ལ་སློབ་སྦྱོང་ནན་ཏན་བྱ་དགོས་ཞེས་བསྟན་ཡོད་ཅིང་། གསུང་བཤད་ལ་ཆབ་སྲིད་རང་བཞིན། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དོན་འཁྱོལ་མཐར་ཕྱིན་དམ་འཛིན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཆེ་རུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པར་བསྒྲུབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཚོགས་ཆེན་བརྗིད་ཉམས་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཁྲོད་མཇུག་སྒྲིལ།

ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་ཆེན་གཟབ་རྒྱས་ཚོགས་ནས། རླབས་ཆེན་གྱི་མར་ཁེ་སིའི་རིང་ལུགས་པ་དང་། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་མཁས་པ། དམག་དོན་པ། ཕྱི་འབྲེལ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་རྗེས་དྲན་ཞུས།
ཚོགས་ཆེན་དུ་ཞུགས་མཁན་ལ་ད་དུང་ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧི་ལི་ཧྥེང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ལི་ཁྲང་ཁྲུན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་ལས་གནས་ནས་འཐེན་པའི་བློ་མཐུན་རྣམས་ཡོད།
ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་ཨུ་ཡོན་དང་རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་འཐུས་མི། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེ། དེ་སྔའི་ཉེ་འགྲམ་གྱི་ལས་བྱེད་མི་སྣ་དང་ཕ་ཡུལ་གྱི་འཐུས་མི། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེ། དེ་སྔའི་ཉེ་འཁོར་གྱི་ལས་དོན་མི་སྣ་དང་ཕ་ཡུལ་གྱི་འཐུས་མི། ཅང་ཙེ་མིན་གྱི་སྐུ་ཚེ་གང་བོའི་དགོངས་པ་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཞུགས་པའི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་དང་། པེ་ཅིང་དུ་བཅའ་སྡོད་བྱས་པའི་དམག་དཔུང་གི་དཔོན་དམག་འཐུས་མི་སོགས་མི6000ཉེ་བ་ཚོགས་ཆེན་ལ་ཞུགས།
ཚོགས་ཆེན་མ་འཚོག་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེར་བྱམས་བརྩེའི་མཇལ་འཕྲད་གནང་བ་མ་ཟད། ཁོ་ཚོ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན།