ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཡིན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དངོས་སུ་ལག་བསྟར་བྱས་ནས། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཁྲིམས་གཞུང་ཅན་གྱི་མ་ལག་བཅོས་སྐྱོང་གི་དུས་རིམ་གསར་པར་སླེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུ་གཙོ་བོ་ཡིན་ལ། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་ཞིབ་མོར་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་མཛུབ་སྟོན་འོག རང་རྒྱལ་གྱིས་རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་རབ་མཛེས་ཀྲུང་གོ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་ཇེ་བརྟན་དུ་བཏང་།
མིག་སྔར་ཆུ་འབྲུབ་པའི་དུས་ལ་འཁེལ་ཡོད་པ་དང་། རྒྱལ་ཡོངས་ཀྱི་འབབ་རྒྱུད་ཧྲིལ་པོའི་མ་ལག་བཅོས་སྐྱོང་གི་ཆུ་བོ་ཐོག་མ་ཡིན་པའི་ཆ་ནས། ཧྥུའུ་ཅན་ཕུའུ་ཐེན་མུའུ་ལན་ཞི་ཆུ་བོའི་ཡོངས་སུ་རིམ་སྤོར་བྱས་པའི་གཞི་གཅིག་ཅན་གྱི་རིག་ནུས་དོ་དམ་སྲུང་སྐྱོང་ལས་སྟེགས་སུ། དུས་ཐོག་གཞི་གྲངས་གཅིག་བསྡུས་བྱས་ནས། ཆུ་ལོག་དང་ཆུའི་སྤུས་ཚད་ཀྱི་ཉེན་ཁ་རང་འགུལ་གྱིས་ཚོར་ཐུབ་པར་མ་ཟད།ཕྱོགས་སོ་སོ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཇུས་གཞི་གྲུབ་ཡོད་ལ། ཆུ་དཔོན་དང་མཚེའུ་དཔོན། ནགས་དཔོན་བཅས་ཀྱི་མཉམ་འགུལ་ལམ་སྲོལ་འཚོལ་ཞིབ་བྱས་ནས། འབབ་རྒྱུད་ཀྱི་དོ་དམ་སྲུང་སྐྱོང་དེ་རྗེས་སུ་ཐག་གཅོད་པ་ནས་སྔོན་ལ་སྔོན་འགོག་བྱེད་པའི་ཕྱོགས་སུ་བསྒྱུར།
ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐེན་གྲོང་ཁྱེར་མུའུ་ལན་ཆུ་བོའི་འབབ་རྒྱུད་ཀྱི་དོ་དམ་སྲུང་སྐྱོབ་ལས་སྒྲུབ་མི་སྣ་ཝུའུ་ལི་ཧྲན་གྱིས་བཤད་རྒྱུར། སྔོན་ཆད་ཆུ་བོར་སྐོར་ཞིབ་བྱེད་སྐབས་མིག་གཉིས་ལ་བརྟེན་ནས་གནད་དོན་བཙལ་དགོས། ད་ལྟ་འཁོར་སྐར་དང་གནམ་མིག ད་དུང་མི་མེད་གནམ་གྲུ་སྤྱད་དེ་ལྟ་བཞིན་ཡོད། ཆུ་ལམ་གང་ཞིག་ལ་གནད་དོན་ཡོད་ན། AIཡིས་ཐད་ཀར་དུ་གསལ་འདེབས་བྱེད་པ་དང་། མངོན་མེད་རྐྱེན་ངན་འཕྲལ་དུ་ཐག་གཅོད་ཐུབ་ཟེར།
ད་ལོ་ནི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་ལོ10འཁོར་བའི་ལོ་ཡིན་ལ། ད་ལྟ་རྒྱལ་ཡོངས་སུ་ཆུ་དཔོན་དང་མཚེའུ་དཔོན་ས་ཡ་གཅིག་འབུམ་གཉིས་ལྷག་དང་ནགས་དཔོན་ས་ཡ་གཅིག་འབུམ་གསུམ་ལྷག་གིས་རྒྱུན་པར་རི་ཆུར་སྐོར་ཞིབ་སྲུང་སྐྱོབ་བྱས་ནས། “དོ་དམ་བྱེད་མཁན་མེད་པ”ནས“དོ་དམ་བྱེད་མཁན་ཡོད་པ”དང་།“དོ་དམ་བྱེད་མི་ཐུབ་པ”ནས“དོ་དམ་ཡག་པོ་བྱེད་པའི”བར་འགྱུར་ལྡོག་ཕྱིན་ཡོད། སྤྱོད་གོ་ཆོད་པའི་བཅོས་སྐྱོང་ལག་ལེན་ཆ་ཚང་དེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ནང་བཀོད་ནས། ཡུན་རིང་གི་ཁྲིམས་སྐྱོང་འགན་སྲུང་ཐོབ་ཡོད།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2013ལོ་ནས་བཟུང་ཆོད་གཏམ་གལ་ཆེན་བཏོན་ཏེ། ལམ་ལུགས་ནན་མོ་དང་ཁྲིམས་སྐྱོང་དམ་པོ་ལག་བསྟར་བྱས་ན། ད་གཟོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་ཐུབ་ཅེས་གསུངས། འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་དངོས་ཡོད་འགལ་བར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅིས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་གནད་དོན་འབུར་ཐོན་མང་ཤོས་སྒྲིག་སྲོལ་འཐུས་ཚང་མིན་པ་དང་ལམ་ལུགས་གཟབ་ནན་མིན་པ། ཁྲིམས་སྐྱོང་དམ་པོ་མིན་པ། ལག་བསྟར་གནད་འཁེལ་མིན་པ། ཆད་གཅོད་ནུས་ལྡན་མིན་པ་བཅས་དང་འབྲེལ་བ་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ལམ་བུར་འཇུག་དགོས་ཞེས་ནན་གྱིས་བསྟན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་གཅིག་འདོམས་སྐུལ་འདེད་བཏང་སྟེ། 《སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་བསྒྱུར་གྱི་སྤྱིའི་ཇུས་གཞི》དང་བཅོས་བསྒྱུར་ཇུས་གཞི40ལྷག་བཏོན་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་དང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་སོགས་ལམ་ལུགས་གལ་ཆེན་གསར་གཏོད་ལག་བསྟར་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཆེད་དོན་བཅའ་ཁྲིམས30ལྷག་ཙམ་བཟོས་ནས་བཟོ་བཅོས་བརྒྱབ་སྟེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་དོན་ཐོག་ཏུ་འཁྱོལ་བར་རྨང་གཞི་བརྟན་པོ་བཏིང་།
ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཚན་ཧྥ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ངེས་པར་དུ་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་དགོས་ཞེས་བསྟན། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དེས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོན་ཡོད། ཁྲིམས་གཞུང་གིས་ཁྲིམས་སྐྱོང་ནན་མོར་བརྟེན་ནས་སྐྱེ་ཁམས་ཀྱི་རྩ་བ་སྲུང་སྐྱོབ་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་ནས་ལྗང་མདོག་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་གང་མགྱོགས་སྒོས་ཆགས་པར་བྱེད་པ་དང་། རབ་མཛེས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་། དེས་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་དེ་ཁྲིམས་གཞུང་ཅན་གྱི་དུས་རིམ་གསར་པར་སླེབས་པ་མཚོན་ཡོད་ཟེར།
ལམ་ལུགས་ཅི་ཙམ་ཆ་ཚང་ཡང་། གཙོ་བོ་ལག་བསྟར་ལ་རག་ལས་ཡོད། སྔོན་ཆད་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་ཁྲིམས་སྲོལ་གྱིས་མི་འདང་བ་དང་ཁྲིམས་འགལ་གནས་ཚུལ་རྒྱུན་དུ་འབྱུང་བ། ལག་བསྟར་མི་འདང་བ་སོགས་ཀྱི་གནད་དོན་འབུར་ཐོན་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དེ“ཤོག་ངོས”ནས“ས་ངོས”སུ་ལག་བསྟར་བྱས་པ་དང་། “གཟབ་ནན”གྱི་བླང་བྱ་དེ་ལྟ་སྐུལ་དོ་དམ་དང་ཞབས་ཞུ། ཆད་གཅོད་བཅས་ཀྱི་གོ་རིམ་རེ་རེར་ཁྱབ་པར་བྱས།
ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ཐད“ཁྱོན་ཡོངས”འབུར་དུ་བཏོད་ནས“དོ་དམ་བྱེད་མི་ཐུབ་པའི”གནད་དོན་ཐག་བཅད། ད་ལྟ་རྒྱལ་ཡོངས་སུ་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ས་ཡ་བཞི་དང་ཆིག་འབུམ་ལྔ་ཁྲི་སུམ་སྟོང་བཙོག་འབུད་ཆོག་འཐུས་དོ་དམ་ཁྲོད་བཞག ཚེས་བཅོ་ལྔ་ཉིན་ནས་བཟུང་། ཆོག་འཐུས་འཛིན་ཡིག་ཡོད་པའི་བཙོག་འབུད་སྡེ་ཁག་གིས་ཁག་བགོས་ནས་བཙོག་འབུད་ཆོག་འཐུས་ཀྱི་གློག་རྡུལ་ལག་ཁྱེར་གསར་བརྗེ་བྱས་ཏེ། རླུང་ཁམས་ཆེན་པོ་དང་ཆུ། ས་རྒྱུ་སོགས་རྒྱུ་རྐྱེན་གཙོ་བོའི“ལག་ཁྱེར་གཅིག”གི་དོ་དམ་མངོན་འགྱུར་བྱེད་དགོས། ཁེ་ལས་ཀྱིས“བཅོས་སྒྱུར་མི་བྱེད་པའི”གནད་དོན་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁྲིམས་གཞུང་གི་བཅོས་སྐྱོང་འོས་འཚམ་བྱེད་པའི་དགོངས་པ་དོན་འཁྱོལ་བྱས་ཏེ། ཐོག་མར་འགལ་མཁན་ལ་ཆད་པ་མི་གཅོད་པ་དང་ཅུང་ཙམ་འགལ་མཁན་ལ་ཆད་པ་མི་གཅོད་པ་ལག་བསྟར་བྱས་ཏེ། རང་འགུལ་ཞབས་ཞུ་ལག་བསྟར་བྱེད་རྒྱུ་རེད།
ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་གྲོང་ཁྱེར་ཝུའུ་ཁྲོན་རྫོང་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་རུ་ཆེན་གྱི་རུ་གཙོཝང་ཅན་མིང་གིས་བཤད་རྒྱུར།
ང་ཚོས་ཁེ་ལས་ལ་ཁྲིད་སྟོན་བྱས་ནས་སྦག་བཙོག་བཅོས་སྐྱོང་གི་སྒྲིག་བཀོད་ཚད་ལྡན་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩིས་ཁྲ་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་གཞན་དབང་དག་ཐེར་དེ་རང་འགུལ་སྒྲིག་མཐུན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་ཡིན་ཟེར།
ལྟ་སྐུལ་དང་ཆད་གཅོད་ཐད“ནན་མོ”འབུར་དུ་ཐོན་པར་བྱས་ཏེ། “ཆད་གཅོད་ནུས་ལྡན་མིན་པའི”གནད་དོན་ཐག་བཅད། འགྱུར་བ་མེད་པའི་ལྟ་སྐུལ་ནི་ཐོག་མཐའ་བར་གསུམ་དུ་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པའི“མཚོན་ཆ་རྣོན་པོ”དེ་ཡིན། ལོ་བཅུའི་རིང་། རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ལ། རིམ་རྩིས་བྱས་ན་མི་ཁྲི་ལ་ཉེ་བར་འགན་འཁྲི་བདའ་འདེད་བྱས། མིག་སྔར། རེས་སྐོར་གསུམ་པའི་ལྟ་ཞིབ་ཁག་དྲུག་པས་དངོས་འཛིན་གཟབ་ནན་བྱེད་བཞིན་ཡོད་དེ། ཁོར་ཡུག་འབག་བཙོག་ལ་དམ་པོར་དམིགས་ཡོད་པར་མ་ཟད། སྐྱེ་ཁམས་གཏོར་བརླག་ལའང་ཞིབ་བཤེར་ནན་མོ་བྱས་ཏེ། རིམ་པ་རེ་རེ་བཞིན་ཁོངས་གཏོགས་ས་ཆའི་འགན་འཁྲི་ཇེ་དམ་དུ་བཏང་། “ཁེ་ལས་ཀྱིས་འབག་བཙོག་བཟོ་བ་དང་། མང་ཚོགས་ལ་གནོད་འཚེ་ཕོག་པ། སྲིད་གཞུང་གིས་འགན་ཁུར་བ”བཅས་ཀྱི་དཀའ་གནད་ལ་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་སྐྱིན་ཚབ་འཇལ་བའི་རྐྱེན་སྲོལ་གྱིས་དུས་གཅིག་ཏུ་ནུས་པ་བཏོན་པས། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ལ་སྐྱིན་ཚབ་འཇལ་བའི་གྱོད་དོན་ཕལ་ཆེར་ཁྲི་བདུན་བསྒྲུབས་ནས། སྐྱིན་ཚབ་འཇལ་བའི་མ་དངུལ་སྒོར་སྒོར་ཐེར་ཆེན་གསུམ་ཐེར་འབུམ་ལྔ་དུང་ཕྱུར་ལྔ་ཙམ་ཡིན་ལ། གནོད་སྐྱོན་ཐེབས་པའི་སྐྱེ་ཁམས་ཁོར་ཡུག་འབོར་ཆེན་ཞིག་སླར་གསོ་ལེགས་པོ་བྱུང་།
དམངས་ཡོངས་ཀྱི་མཉམ་བཅོས་ཐད“དངོས་སྒྲུབ”འབུར་དུ་ཐོན་པར་བྱས་ཏེ། “མཉམ་ཞུགས་བྱེད་ཚད་མི་མཐོ་བའི”གནད་དོན་ཐག་གཅོད་བྱས། 《མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་དམངས་ཡོངས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི》བཏོན་ནས་ལག་བསྟར་བྱས་ཏེ། སྤྱི་དམངས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་ཐབས་ལམ་མུ་མཐུད་ནས་རྒྱ་བསྐྱེད། སྒོ་འབྱེད་ལས་ཁུངས་ཉིས་སྟོང་ལྷག་གིས་ཆེད་ལས་ཁོར་སྲུང་གི་སྒྲིག་བཀོད་དེ་སྤྱི་དམངས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་སློབ་ཁྲིད་དུ་བསྒྱུར། ས་གནས་མང་པོས་ལྗང་མདོག་འགུལ་སྐྱོད་ཀྱི་སྐར་བསགས་སོགས་ཀྱི་ཡར་སྐུལ་བྱེད་ཐབས་འཚོལ་ཞིབ་བྱས་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཧུའུ་ཁྲང་ཝེ་ཡིས་བཤད་རྒྱུར། གཟའ་མཇུག་གི་སྐབས་སུ་བྱིས་པ་མཚོ་འགྲམ་དུ་ཁྲིད་ནས་སྐྱེ་ཁམས་དང་བླངས་ཀྱི་བྱེད་སྒོར་ཞུགས་སུ་བཅུག་པ་ཡིན། བྱིས་པ་ཚོའི་མིག་ཧ་ཅང་རྣོ་བས། མཚོ་འགྲམ་དུ་འགྱིག་དམ་ཡོད་པ་མཐོང་བ་ན་སེམས་ཁྲལ་ཆེན་པོ་བྱེད་བཞིན་འདུག ངའི་སེམས་སུ་འདི་ནི་ཟབ་ཞུགས་ཆེས་ཡག་པོ་དེ་ཡིན་པས། བྱིས་པ་ལ་ཆུང་དུས་ནས་གནས་འདིའི་རི་ཆུར་མི་ཚང་མས་མཉམ་དུ་སྲུང་སྐྱོང་བྱེད་དགོས་པ་ཤེས་སུ་འཇུག་དགོས་ཟེར།
སྐྱེ་ཁམས་དར་ན་དཔལ་ཡོན་དར། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཁྲིད་སྟོན་འོག ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྔོ་ལྗང་གི་རི་ཀླུང་སྲུང་སྐྱོང་བྱེད་པ་དང་། ལམ་ལུགས་གསར་གཏོད་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དེ་ལེ་བར་ཁྲི་ཡི་རི་ཆུའི་མཚམས་སུ་སྤེལ་བཞིན་ཡོད།