ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས14ཉིན། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་ཟི་ལིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཝང་ལུའུ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀོས་ཀྲིག་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་བཟོ་ཏང་ཀོས་ཀྲིག་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀོང་ཆི་ཡིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིའུ་ཐུང་ཏི་དང་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲིན་ཅེ་ཝེ་ཚོགས་འདུར་ཞུགས།

ཝང་ལུའུ་ཡིས་ཞིང་བཟོ་ཏང་ཀྲུང་དབྱང་གི་ཚབ་བྱས་ནས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལོ་ངོ་བཞི་བཅུའི་རིང་ལ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། ལྟེ་བའི་ཞབས་ཞུའི་ཁྱོན་ཡོངས་ལ་དམིགས་ནས། སྲིད་ཞུགས་འགན་སྒྲུབ་ཐད་གྲུབ་འབྲས་བཟང་པོ་བླངས་ཡོད།ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། རང་ངོས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།

པད་གོ་ཡིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་དམིགས་ནས། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བསམ་བློ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་དངོས་གཉེར་གཙོ་འཛིན་བྱས་ཏེ། སྲིད་ཞུགས་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ། ཆབ་སྲིད་གྲོས་མོལ་བཅས་ཀྱི་འགན་ནུས་སྔར་ལས་ལག་བསྟར་བཟང་པོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་མཚོ་སྔོན་ཞིང་བཟོ་ཏང་གི་བྱ་བའི་རྣམ་པ་གསར་བ་བཏོད་ནས། མཚོ་སྔོན་གྱི་ཏང་མང་མཉམ་ལས་བྱ་གཞག་ཡུན་རིང་མཐའ་འཁྱོངས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་ཆེས་ཆེ་བའི་སེམས་མཐུན་སྒོར་རིས་ལེགས་པོར་འབྲི་རྒྱུའི་རེ་བ་བཅངས་ཡོད།

ཚོགས་ཆེན་ལས་ཏང་ནང་དུ་ཞུགས་པའི་དུས་ཡུན་ལོ་བཞི་བཅུར་ལོན་པའི་འཐུས་ཚབ་པར་རྗེས་དྲན་བྱང་བུ་སྤྲད་པ་དང་། ཞལ་འདེབས་མིང་རྟགས་འགོད་པའི་མཛད་སྒོར་བསྡུས་པར་མ་ཟད་བརྗོད་དོན་རིག་རྩལ་འཁྲབ་སྟོན་སྤེལ།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།