ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་ལེགས་བཅོས་བྱ་བའི་དུས་ཚིགས་གསུམ་པའི་བཀོད་གཏོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས14ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་ལེགས་བཅོས་བྱ་བའི་དུས་ཚིགས་གསུམ་པའི་བཀོད་གཏོང་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་ལེགས་བཅོས་བྱ་བའི་སྐོར་གྱི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཅིག་བསྡུས་ལེགས་བཅོས་བྱ་བའི་བཀོད་གཏོང་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འགག་སྒྲོལ་དམག་འཐབ་ཀྱི་ལས་འགན་གཙོ་བོར་ཞིབ་འཇུག་དང་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་།  ཞིང་ཆེན་གྱི་འགོ་ཁྲིད་ལིའུ་མེ་ཕིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གཅིག་བསྡུས་ལེགས་བཅོས་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། རང་ཞིང་གི་རྒྱལ་ཡོངས་རང་བཞིན་གྱི་ལེགས་བཅོས་ལས་གཞི་བཞིའི་ལག་བསྟར་གནས་ཚུལ་ཁྱབ་བསྒྲགས་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་དང་ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས། ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མིན་ཡོན་རྫོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་གཅིག་བསྡུས་ལེགས་བཅོས་བྱ་བའི་ཐད་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། མིག་སྔར་གཅིག་བསྡུས་ལེགས་བཅོས་འགག་སྒྲོལ་དམག་འཐབ་ཀྱི་གནད་འགག་དུས་རིམ་དུ་སླེབས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་དང་། ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སྔར་ལས་ཤུགས་འདོན་པའི་ཆོད་སེམས་བཅངས་པ་དང་། ཉིན་གཅིག་ལའང་ལྷོད་གཡེང་མི་བྱེད་པའི་རྣམ་འགྱུར་སྲུང་འཛིན་བྱེད་ཅིང་། སེམས་ཤུགས་གཅིག་སྒྲིལ་གྱིས་གཅིག་བསྡུས་ལེགས་བཅོས་བྱ་བ་སྔར་ལས་ནན་འཛིན་བྱས་ཏེ། དམངས་འཚོར་ཕན་ཐོགས་པ་དང་བཅོས་སྐྱོང་ལེགས་སྒྱུར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་བརླིང་སྲུང་འཛིན་བྱེད་པ་བཅས་ཀྱི་ཕན་འབྲས་སྔར་ལས་ཆེན་པོ་བརྩོན་ལེན་བྱ་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཏང་ཙུའུ་ཡིས་སྤོབས་སེམས་དང་ཡིད་ཆེས་ཆེན་པོས་གནད་འཁེལ་ཤུགས་འདོན་དང་རྒྱུན་འཁྱོངས་མཐིལ་ཕྱིན་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུནདང་ཞིང་སྡེའི་ཐུན་མོང་རྒྱུ་གསུམ་དོ་དམ། སྨན་བཅོས་འགན་བཅོལ་མ་དངུལ་དོ་དམ། རྒན་གསོའི་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལེགས་བཅོས་བཟང་པོ་བྱེད་པ་དང་། སློབ་ལྭ་ཉོ་བསྡུ་དང་བསླབ་དེབ་མངག་ཉོ། རོང་འབྲོག་ཁུལ་གྱི་འཐུང་ཆུ་གཙང་སྒྱུར་སོགས་དམངས་འཚོའི་དངོས་དོན་གཅིག་འདོམས་དམ་འཛིན་ལེགས་པོ་བྱེད་པ། གྱོད་དཔེ་བཤེར་བསྒྲུབས་ལ་དམ་པོར་དམིགས་པ་དང་། ཐག་གཅོད་དམག་འཐབ་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། རྒྱུན་རྣམ་ལེགས་བཅོས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ལོ་གསུམ་གྱི་གཅིག་བསྡུས་ལེགས་བཅོས་ཐད་སྔར་ལས་རྒྱལ་ཁ་བརྩོན་ལེན་བྱེད་པ་དང་། མང་ཚོགས་ཀྱི་དངོས་ཡོད་ཁེ་ཕན་ལ་སྲུང་སྐྱོང་ལེགས་པོ་བྱས་ནས། ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས།

ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱེད་སྐབས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། གཅིག་བསྡུས་ལེགས་བཅོས་བྱ་བ་ལེགས་པོར་བསྒྲུབ་པའི་ལས་འགན་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། དགོས་གཏུགས་འདུ་ཤེས་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་བ། འགག་སྒྲོལ་དམག་འཐབ་ཀྱི་གནད་འགག་དུས་རིམ་བེད་སྤྱོད་དང་དམ་འཛིན་ལེགས་པོ་བྱེད་པ། ལས་གཞི་གཙོ་བོའི་དངོས་དོན་ལ་དམིགས་པ་དང་། དོན་ཚན་དང་རིམ་པ་ཁག་མཐུན་སྦྱོར་ཤུགས་འདོན་བྱེད་པར་ཤུགས་སྣོན་པ། ཏང་ཨུ་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་ལྟ་སྐུལ་འགན་འཁྲི། ལས་རིགས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་བཅས་དངོས་འབེབས་ནན་མོ་བྱེད་པ། ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེན་པོས་གཅིག་བསྡུས་ལེགས་བཅོས་ཟབ་སྤེལ་བྱེད་པ་དང་། གནད་འགག་རང་བཞིན་གྱི་ཐོད་བརྒལ་དང་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་འབད་པས་བརྩོན་ལེན་བྱས་ཏེ། ལོ་གསུམ་གྱི་གཅིག་བསྡུས་ལེགས་བཅོས་བྱ་བར་སྔར་ལས་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་དགོས།

ཚོགས་འདུ་བརྙན་རིས་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན། ཀྲུའུ་ཞང་ཧྥིན། ཚའོ་ཅུན། དབྱང་ཀྲི་ཝུན། ལིས་ཧུང་ཡཱ་བཅས་ཚོགས་ར་གཙོ་བོ་དང་ཡང་ན་ཡན་ལག་ཚོགས་ར་རུ་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།