བོད་ཀྱི་སྐར་རྩིས་རིག་པའི་དཔེ་དེབ《བོད་ཀྱི་རྩིས་རིག་ཀུན་འདུས》པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་སྔོན། 《བོད་ཀྱི་རྩིས་རིག་ཀུན་འདུསདཔེ་དེབ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་པར་སྐྲུན་འགྲེམ་སྤེལ་བྱས། བོད་ཀྱི་རྩིས་རིག་ཀུན་འདུསནི་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་ལོ་ངོ10ལྷག་གི་རིང་ལ་རྩོམ་སྒྲིག་བྱས་པ་ཞིག་རེད། དཔེ་དེབ་དེར་ཁྱོན་བསྡོམས་པོད30ཡོད་པ་དང་། ཡིག་འབྲུ་ཁྲི2600ཟིན་པ། ལོ་རྒྱུས་ཐོག་གི་མཁས་དབང100ལྷག་གི་བརྩམས་ཆོས་གཙོ་བོ183བསྡུས་ཡོད་པས་མ་ལག་ཆ་ཚང་ཞིང་ནང་དོན་དབང་གྲགས་ལྡན་པ་ཞིག་རེད།

བོད་ཀྱི་སྐར་རྩིས་རིག་པ་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ལོ་ངོ1000ལྷག་གི་ལོ་རྒྱུས་ལྡན། དེ་ནི་དུས་རབས་རིམ་བྱོན་གྱི་བོད་ཀྱི་སྐར་རྩིས་མཁས་པ་ཚོས་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་། དངོས་པོ་ཀུན་གྱི་སྐྱེ་འཕེལ་གྱི་འགྱུར་ལྡོག གནམ་གཤིས་ཀྱི་འགྱུར་ལྡོག་བཅས་ལ་ཡུན་རིང་ཞིབ་ལྟ་བྱས་པ་བརྒྱུད། རྒྱུན་ཆད་མེད་པར་སྤྱི་སྡོམ་བྱས་ནས་གྲུབ་པའི་རིག་ཚན་གི་མ་ལག་ཅིག་ཡིན་ཏེ། གནམ་རིག་སྐར་རྩིས་དང་། བོད་ལུགས་གསོ་རིག་གི་ནད་བརྟག་བཅོས་ཐབས། མཐོ་སྒང་གི་འཕྲོད་བསྟེན་གསོ་རིག ཞིང་འབྲོག་ཐོན་སྐྱེད་དང་མི་ཆོས་ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པས་ཚན་རིག་གི་རང་བཞིན་དང་ལག་ལེན་གྱི་རང་བཞིན་གཉིས་ཀ་ལྡན།

ཤེས་རྟོགས་བྱུང་བར་གཞིགས་ན། ཉམས་ཆེན་ཆེ་བའི་ལོ་རྒྱུས་ཡིག་ཆ་སྐྱོབ་ཆེད། རྩོམ་སྒྲིག་ཚོགས་པས་ཀྲུང་གོའི་བོད་རིགས་རང་སྐྱོང་ཁུལ་དང་རྫོང་ཁག་ཏུ་སྐྱོད་ཐེངས་ཟམ་མོ30ལྷག་ཙམ་བྱས་ཏེ་དཔྱད་གཞིའི་ཡིག་ཆ་བསྡུ་རུབ་བྱས་པ་དང་། རྒྱལ་ཁབ་དུ་མའི་ཕྱི་རྒྱལ་གྱི་དཔེ་མཛོད་ཁང་དུ་བསྐྱོད་ནས་ཤོག་དྲིལ་དང་པར་མ་རྙིང་པ་བཙལ་བ། བོད་ཀྱི་སྐར་རྩིས་དང་འབྲེལ་བའི་ཡིག་ཆ་ཁྱོན་བསྡོམས400ལྷག་སྐྱོབ་ཐུབ་པ་བྱུང་།

དཔེ་དེབ་དེས་མ་གཞིའི་རྣམ་པ་སྲུང་སྐྱོབ་དང་། སློབ་གསོའི་ཚད་གཞི། མི་དམངས་ཡོངས་ལ་འཚམ་པའི་རྩ་དོན་བཅས་མཐའ་འཁྱོངས་བྱས་ཤིང་། ཚད་སུམ་ཚད་ལྡན་དབྱེ་བའི་མ་ལག་གསར་གཏོད་བྱས་ཏེ། རྩོམ་སྒྲིག་གི་སྒྲོམ་གཞི་དུམ་བུ6དང་ལེའུ183དོན་ཚན577བཅས་གྲུབ་པ་དང་། དཔེ་དེབ་ཡོངས་ཀྱི་རྣམ་གཞག་དང་། དཀར་ཆག མཆན་འགྲེལ། རྩོམ་པ་པོའི་ཆ་འཕྲིན་བཅས་གཅིག་གྱུར་ཐོག་ཚད་ལྡན་བཟོས་ཡོད།

དཔེ་དེབ་དེས་གནམ་རིག་དུས་རིམ་དང་མཐོ་སྒང་གི་འཕྲོད་བསྟེན་གསོ་རིག་གི་ནང་དོན་སྦྲེལ་མཐུད་བྱས་ཏེ། དུས་ཚོད་དང་བསྟུན་ནས་གསོ་བ་དང་། དུས་ཚིགས་དང་བསྟུན་ནས་ནད་འགོག བོད་སྨན་སྦྱོར་སྡེ་སོགས་མཐོ་སྒང་གི་སྲོལ་རྒྱུན་ཤེས་རབ་བསྡུས་ཡོད། དེ་ནི་བོད་ལུགས་གསོ་རིག་གི་ནད་བརྟག་ནད་བཅོས་གནད་འཁེལ་དང་། མཐོ་སྒང་གི་དལ་བའི་རང་བཞིན་གྱི་ནད་གཞི་འགོག་བཅོས། འཕྲོད་བསྟེན་གསོ་རིག་ཐོན་ལས་གསར་གཏོད་བཅས་ལ་ཡིག་ཆའི་རྒྱབ་རྟེན་གལ་ཆེན་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་མཚོ་བོད་མཐོ་སྒང་གི་ལོ་ངོ་སྟོང་གི་གསོ་རིག་དང་སྐར་རྩིས་རིག་པའི་རྒྱུན་བཟང་དེ་རྒྱུད་འཛིན་བྱས་པ་དང་། ལོ་རྒྱུས་ཀྱི་ཡིག་ཆ་ཞིབ་ཚགས་པོ་བརྒྱུད་མི་རིགས་ཁག་འགྲོགས་ཤིང་འཚོ་བའི་འཕེལ་རྒྱས་ཀྱི་ལམ་བུ་དངོས་ར་སྤྲོད་བྱས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།