དབྱར་གནང་གི་སྐབས་སུ་ལོ་ཆུང་གཞོན་ནུ་དྲ་སྒང་དུ་ཉུལ་མང་ན་ཉེན་ཁ་ཆེ་པས། ང་ཚོས་དོགས་ཟོན་དགོས་པའི་ཉེན་ཁ་རིགས་དྲུག་ལེགས་སྒྲིག་ཡོད་པས། རྒྱ་ཆེའི་ལོ་ཆུང་གཞོན་ནུ་དང་ཁྱིམ་བདག་རྣམས་ཀྱིས་དོ་སྣང་བྱ་རྒྱུ་གལ།
དྲ་སྒང་གི་ཁ་བསླུས་ཉེན་ཁ།
རིན་མེད་ཀྱིས་རོལ་རྩེད་སྒྲིག་ཆས་སྤྱད་ཆོག་པའི་ཁ་བསླུས། ཁོངས་མིས་རྒྱན་ལེན་གྱི་ཁ་བསླུས། རོལ་རྩེད་རྩིས་ཐོ་ཉོ་ཚོང་གི་ཁ་བསླུས། ཁྲིད་སྦྱོང་གི་ཁ་བསླུས། གྲགས་ཅན་མི་སྣའི་ཞེན་མི་བྱས་ན་ཕན་ཁེ་ཡོད་པའི་ཁ་བསླུས། གོང་ཁེ་པ་སེའི་ཁ་བསླུས། སློབ་མས་ཐོན་རྫས་ཉོས་ན་ཕྱིར་སློག་རྒྱུ་ཡོད་པའི་ཁ་བསླུས་སོགས་ལ་དོགས་ཟོན་བྱེད་དགོས།
དྲ་སྒང་དུ་བརྙས་བཅོས་ཁྱད་གསོད་བྱེད་པའི་ཉེན་ཁ།
སྐད་འཕྲིན་ཚོགས་པར་བསམ་བཞིན་དུ་དམའ་འབེབས་དང་། མཚང་མིང་འདོགས་པ། ཐུན་མོང་གིས་རྒྱང་གྱེད་པ། གང་བྱུང་དུ་མིའི་གསང་བ་ཕྱིར་འབྱིན་པ། པར་རིས་མི་མཛེས་པར་བཟོ་བ། ལུང་ཚིག་ལོག་འདྲེན་གྱི་བརྒྱུད་སྒྲོག གནོད་སེམས་བཅངས་ནས་བརྙན་སྒྲིག་པ། གཞན་རྗེས་འབྲངས་ནས་སློབ་གྲོགས་ལ་བརྙས་བཅོས་བྱེད་པ། དྲ་སྒང་ནས་མཉམ་དུ་གཞན་ལ་རྡུང་རྡེག་གཏོང་བ། བརྙས་དམོད་བྱེད་པ། འཆལ་གཏམ་གང་སར་སྒྲོག་པའི་རིགས་ལ་དོགས་ཟོན་བྱེད་དགོས།
མི་སྒེར་གྱི་གསང་བ་ཕྱིར་ཤོར་བའི་ཉེན་ཁ།
སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུར་གང་འདོད་དུ་རང་གི་མིང་དང་། སློབ་གྲྭ། སྡོད་གནས་སོགས་བསྐུར་བ་དང་། གང་འདོད་དུ་རྩ་གཉིས་ཨང་རྟགས་བཤེར་ནས་ཐོབ་ཐང་ལག་འཁྱེར་དང་ཁ་པར་གྱི་ཨང་གྲངས་ཤོར་བ། དྲ་སྒང་གི་གྲོགས་པོར་ཡིད་ཆེས་ཏེ་རང་གི་བརྙན་གཟུགས་དང་། འཚོ་བའི་འདྲ་པར། གསང་བའི་བརྙན་བསྐུར་བ་དང་མཉེན་ཆས་རྒྱུས་མེད་དང་ལེན་བྱེད་པ། རོལ་རྩེད་ཆུང་ངུ་ལ་འཕྲིན་དེབ་དང་། པར་མཛོད། སྡོད་གནས་བཅས་ཀྱི་དབང་ཚད་སྤྲོད་པའི་རིགས་སོགས་ལ་མཉམ་འཇོག་བྱེད་དགོས།
དྲ་སྒང་གི་ངན་སྐུལ་ལོག་འདྲེན་གྱི་ཆ་འཕྲིན་ངན་པ།
འགུལ་རིས་དུག་ཅན་དང་། གཏུམ་སྤྱོད་ངན་སྦྱོར། འཇིགས་སྐུལ་བརྙན་བཟོ། རིན་ཐང་ལྟ་བར་གནོད་པའི་བརྙན་ཐུང་། ཚན་རིག་ཁྱབ་གདལ་དང་བསམ་བློ་ཡར་སྐུལ་གྱི་སློབ་ཁྲིད་ལ་བརྫུས་ནས་ཞོར་ཏུ་ཆ་འཕྲིན་མི་ལེགས་པ་སྟོན་པ། སློབ་སྦྱོང་ལ་སུན་པ་དང་། སློབ་བྱོལ་བྱེད་པ། རོ་ཉལ་རྟགས་པ། ངན་འགྲན་པ་ལ་འུད་བསྟོད་བྱེད་པ་སོགས་བྱིས་པར་གནོད་པའི་ནང་དོན་རིགས་སྤེལ་བར་དོགས་ཟོན་བྱེད་དགོས།
ཉིན་མཚན་མེད་པར་དྲ་སྒང་ལ་མགོ་འཁོར་བ།
ཉིན་མཚན་མེད་པར་དྲ་སྒང་གི་ཟློས་གར་ལ་ལྟ་བ་དང་། ཐད་གཏོང་ལ་ལྟ་བ། ཁ་བརྡ་བྱེད་པ། སྤྱི་ཚོགས་དངོས་ལ་རྒྱང་གྱེད་དེ། བློ་རྩེ་སྒྲིམ་མི་ཐུབ་པ། སློབ་སྦྱོང་དགོས་མེད་ཀྱི་བློ་ཆེ་བའི་རིགས་སོགས་ལ་ཡིད་འཇོག་བྱེད་དགོས།
AIཡི་གསར་དར་དྲ་རྒྱའི་ཉེན་ཁ།
AIཡི་ངོ་གདོང་བརྗེ་སྤྱོད་དང་། བརྙན་རྫུན་བཟོ་བྱེད་པ། སྐད་ཆས་གཡོ་ཁྲིད་བྱེད་པ། AIཡི་མི་རྫུན་མ་སྤྱད་དེ་ཁ་སླུས་རྒྱག་པ། AIཡིས་ལས་བྱ་བྲིས་ཏེ་སྐབས་འཚོལ་སྒྱུད་ལུག་གི་ངན་གཤིས་སྐྱེད་པ་བཅས་ལ་ཡིད་འཇོག་གྱིས།
དྲ་སྒང་གི་དགོས་པ་གསུམ་དང་མི་དགོས་པ་གསུམ།
ཞུ་གཏུག་བྱེད་དགོས་པ། ཟིན་ཐོ་འགོད་དགོས་པ། འབྲེལ་བ་བྱེད་དགོས་པ། གང་སར་ཡིད་ཆེས་མི་རུང་བ། གསང་བ་ཕྱིར་མི་བསྒྲག་པ། དུས་ཆད་ངོ་ཕྲད་མི་བྱེད་པ།