གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན། 

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དགོས་ངེས་བླང་བྱ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་འཛུགས་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར། ས་གནས་སོ་སོས་ཡུལ་བབ་དང་བསྟུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བདག་རྐྱེན་ཕྱོགས་གཉིས་ཀྱི་འཁོར་རྒྱུག་ཤར་གཏོང་བྱས་ཏེ། མགྱོགས་མྱུར་སྒོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།

ཉེ་ལམ། ཧུའུ་པེ་ཨུ་ཀྲོའུ་ཏུང་ཧྲན་སྡེ་བའི་ཧྲན་ཡེ་ཇ་ཁང་དང་ལུས་རྩལ་སྤྲོ་སྐྱིད་ཁང་གིས་སྒོ་ཕྱེས་ནས་འགྲུལ་བ་སྣེ་ལེན་བྱས་ཤིང་། སྡེ་བའི་ནང་སྤྲོ་གསེང་ལ་ཡོང་བའི་ཡུལ་སྐོར་བ་ཚོར་ཡང་གནས་གསར་བ་ཞིག་འདོན་སྤྲོད་བྱས། 

2013ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏུང་ཧྲན་སྡེ་བར་ཕེབས་ནས་ཡུལ་མི་ཚོ་དང་བཞུགས་མོལ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་མེད་པར་བཟོ་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཞིང་སྡེ་དེ་ཞིང་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་དགོས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ནས། ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་པ་དང་། གྲོང་ཁྱེར་གྱི་མ་རྩར་བརྟེན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱིས་ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་དང་ཆུ་ཐོན་གསོ་སྤེལ། པད་རྩའི་ཁུལ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་བཏོད།

མིག་སྔར། རང་རྒྱལ་གྱི་མི་དུང་ཕྱུར་དགུ་བྱེ་བ་ལྔ་ཡིས་མཁར་གྲོང་དུ་འཚོ་བ་རོལ་བཞིན་ཡོད། མི་དུང་ཕྱུར་བཞི་བྱེ་བ་ལྔ་གྲོང་གསེབ་ཏུ་ཡོད།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཚུལ་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་གཙོ་བོ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཁོང་གིས་བསྟན་དོན། བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་གྲོང་གསེབ་བཅས་སྤྱི་ཡོངས་སུ་བརྩིས་ནས་གཅིག་འདོམས་ཇུས་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཀོད་སྒྲིག་དང་བདག་རྐྱེན་བཀོད་སྒྲིག ཐོན་ལས་གོང་སྤེལ། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཕན་ཚུན་མཉམ་འདྲེས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་བྱེད་པར་ཐོན་ལས་སྟོབས་ལྡན་དུ་གཏོང་དགོས། ད་ལོར། རང་རྒྱལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་སྔར་ལས་ཤར་གཏོང་ཐུབ་པར་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་དང་འཁྱགས་སྦྲེལ་ཟོང་འགྲུལ། སྤྲོ་གསེང་ཁམས་གསོ་སོགས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་རྒྱུ་རེད།  ད་ལོར།  ཧི་ནན་གྱིས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་ཀྱི་འཁྱག་སྦྲེལ་ཟོང་འགྲུལ་དྲ་རྒྱ་བཙུགས་པ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་བགྲོད་ལམ་ཤར་གཏོང་བྱས་ཏེ།  ཟས་རིགས་ལས་སྣོན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་བཏང་།    ནང་སོག་ཝུའུ་ལན་ཁྲ་པུའུ་ཡིས་ཡུག་པོ་འདེབས་འཛུགས་ཀྱི་དགེ་མཚན་ལ་རྐང་ཚུགས་ཏེ།  ས་གནས་ཀྱི་ཡུག་པོའི་ལས་སྣོན་ཞིབ་ཚགས་དང་ཁེ་ལས་ཤོང་སྐྱེད་རིམ་སྤར་ལ་སྐུལ་འདེད་བཏང་བ་དང་།  བདེ་ཐང་ཟས་རིགས་དང་སྐྱེ་དངོས་ལེན་པ་སོགས་སྣ་མང་ལས་རྣམ་གཙོ་གནད་དུ་བཟུང་ནས་གསར་སྤེལ་བྱས།  མིག་སྔར་ས་གནས་སུ་ཐོན་རྫས་རྐྱང་བ70ལྷག་ཡོད་པས།  འདེབས་འཛུགས་ཁྱིམ་ཚང་གི་ཡོང་འབབ་འཕར་བར་ནུས་ལྡན་སྐུལ་ཁྲིད་བྱས། 

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་མི་འདང་ས་ཁ་གསབ་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། རང་རྒྱལ་གྱིས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི”འཆར་འགོད་ལ་དམིགས་ནས་བཟོ་སྐྲུན་གལ་ཆེན་ཁག9བསྐྲུན་པ་དང་། ཞིང་སྡེའི་བགྲོད་ལམ་ནས་ཆུ་འདོན་སྦུག་ལམ་བར་དང་། གྲངས་འཛིན་གྲོང་གསེབ་ནས་མྱུར་སྐྱེལ་སྡེ་བར་བསྐྱོད་པའི་བར། འཛུགས་སྐྲུན་གྱི་གོམ་སྟབས་མུ་མཐུད་དུ་ཇེ་མགྱོགས་སུ་ཕྱིན་ཡོད། ཅང་མ་འགོར་བའི་སྔོན་ལ་ཨན་ཧུའེ་ཉིན་གོ་གྲོང་ཁྱེར་གྱིས་ལེགས་འགྲུབ་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་དྲའི“དྲ་བ་གཅིག”བསྒྱུར་བཀོད་དེས་ཞིང་སྡེ་མི་གྲངས་འབུམ་གསུམ་ལས་བརྒལ་བར་སྟབས་བདེ་བསྐྲུན།  ཞིན་ཅང་ཨ་ཁི་སུའུ་ས་ཁུལ་གྱི་ཧྲ་ཡ་རྫོང་དང་། ཞང་དང་གྲོང་རྡལ་བཅས་ཀྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱེད་བཞིན་ཡོད་ལ།  ད་ལོར་འགྲུབ་རྗེས་ཞང་དང་གྲོང་རྡལ9འབྲེལ་མཐུད་བྱེད་ཐུབ། 

བདག་རྐྱེན་འཁོར་རྒྱུག་ཤར་གཏོང་བྱེད་མ་ཐུབ་ན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ཡོད་པས། ཕྱོགས་གཉིས་འཁོར་རྒྱུག་གི་བགྲོད་ལམ་མྱུར་དུ་ཤར་གཏོང་ཐུབ་པར་བྱེད་དགོས། ད་ལོར། རང་རྒྱལ་གྱིས་ཞིང་ལས་ཀྱི་སྤོ་སྒྱུར་མི་གྲངས་གྲོང་མི་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ཆབས་ཅིག རིགས་སོ་སོའི་འཇོན་མི་ཞིང་སྡེ་རུ་སོང་ནས་ཞབས་ཞུ་བསྒྲུབ་པ་དང་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་མ་གཏོང་རྒྱུ་རེད། ཀྲེ་ཅང་དུ། ཞིང་སྡེ་རུ་ཞིང་ལས་ལས་གཏོད་ཀྱི་མི་འབུམ་གཅིག་སྟོང་བརྒྱད་ལས་བརྒལ་ཡོད་པ་དང་།  ད་ལོར། ཀྲེ་ཅང་གིས་མུ་མཐུད་དུ་དེང་རབས་ཅན་གྱི་ཞིང་ལས་གསར་གཏོད་གླིང་ཁག་ཅིག་བསྐྲུན་པ་དང་།  ཞབས་ཞུ་འདོན་སྤྲོད་དང་ཐོན་ཁུངས་སྦྲེལ་མཐུད་བྱས་ཏེ།  ཞིང་ལས་ལས་གཏོད་སྔར་ལས་མང་པོ་ཕྱུག་འགྱུར་ལམ་དུ་ཁྲིད་པར་སྐུལ་ཁྲིད་བྱ་རྒྱུ་རེད། 

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་གྲུབ་འབྲས་ཀྱིས་མང་ཚོགས་སྔར་ལས་མང་པོར་ཕན་ཁེ་བསྐྲུན་ཡོད།  ས་གནས་ཁག་གིས་དོན་དངོས་ལ་རྐང་ཚུགས་ཏེ། དགེ་མཚན་གསབ་རེས་དང་མཐུན་སྦྱོར་མཉམ་འགུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།