ཆུ་འདིས་འབྲས་སྐྲན་རྒྱུ2Aརིགས་སྐྱེད་པས་མ་འཐུང་རོགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མི་མང་པོ་ཞིག་གིས་ཁོ་ཧྥེ་འོ་ཇ་ཕོར་འགའ་འཐུང་རྗེས། སྐྱོན་མེད། ངས་ཆུ་ཁོལ་ཚ་བོ་འཐུང་ཡོད་ཅེས་རང་ལ་སེམས་གསོ་བྱེད་རྒྱུར་དགའ། དོན་ངོ་མར་ཆུ་འཐུང་ན་གནད་དོན་མེད་མོད། ཆུ་ཁོལ་ཚ་པོ་འཐུང་ན་ཉེན་ཁ་མེད་ཟེར་རྒྱུ་ཁག་པོ་རེད། 

འདི་ནི་སྒྲོ་འདོགས་འཇིགས་སྐུལ་གྱི་སྐད་ཆ་ཞིག་མིན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ལས་ཁུངས(IARC)ཀྱིས་དྲོད་ཚད65℃ཡན་གྱི་ཆུ་ཁོལ་མ་དེ་འབྲས་སྐྲན་བསྐྱེད་རྒྱུ2Aརིགས་སུ་བགྲང་ཡོད་པས། མང་པོ་འཐུང་མི་རུང་བའི་ཚུལ་བསྟན། 

འོ་ན65℃ཡི་ཆུའི་དྲོད་ཚད་ག་འདྲ་ཡིན་ཞེ་ན།

སྔོན་ཆད་སྤྲོ་བ་ཡོད་མཁན་གྱི་འཛད་སྤྱོད་པས་ཚད་འཇལ་བྱས་མྱོང་སྟེ།   དཔེར་ན་ཐབ་ནས་བླངས་མ་ཐག་པའི་ཕྱེ་ཐུག་གི་དྲོད་ཚད་ཧ་ལམ70—80℃ཡིན་པ་དང་།  ཇ་སྦངས་མའི་དྲོད་ཚད་ཧ་ལམ80—90℃རེད།  དེ་ལས་ཀྱང་ཚ་ཁོག་གི་ཁུ་བའི་དྲོད་ཚད120℃ལ་བསླེབས་ཡོད་པ་རེད།  བདེ་ཐང་ཅན་གྱི་མིའི་ཁ་ནང་དང་ཟས་ཀྱི་རྒྱུ་ལམ་གྱི་དྲོད་ཚད་རྒྱུན་པར36.5~37℃ན་ཡོད་པས།  རྒྱུ་ལམ་གྱི་དྲོད་ཚད་དང་འཚམ་པའི་དྲོད་ཚད་ནི10~40℃ཡིན་པ་དང་།  བཟོད་ཐུབ་པའི་དྲོད་ཚད་ཆེས་མཐོ་ཤོས་ནི50~60℃རེད། དེ་བས་ང་ཚོས་ཟས་དང་བཏུང་ཆུའི་རིགས་འཐུང་དུས་ལྕེ་རྩེ་ཚ་སྲེག་ཐེབས་དུས་དྲོད་ཚད70℃ཡས་མས་ལ་བསླེབས་ཡོད་པ་ཡིན།

ཅིའི་ཕྱིར་ཆུ་ཁོལ་ཚ་པོ་འཐུང་ན་འབྲས་སྐྲན་བསྐྱེད་དམ།  

དུས་རྒྱུན་དྲོད་ཚད65℃ཡན་གྱི་ཆུ་ཁོལ་མ་འཐུང་ན་འབྲས་སྐྲན་བསྐྱེད་སྲིད་ཅེས་པའི་བཤད་སྟངས་དེ《ལི་ཡེ་ཏའོ·འབྲས་སྐྲན་རིག་པ》ཞེས་པའི་དུས་དེབ་ཏུ་བཀོད་པའི་ཁོ་ཧྥེ་དང་། ཁོ་ཧྥེ་སྦྱོར་བ།  ཆུ་ཁོལ་མའི་འབྲས་སྐྲན་རང་བཞིན་སྐོར་ལ་དཔྱད་དཔོག་བྱས་པའི་ཞིབ་འཇུག་ཅིག་ཏུ་མཐོང་བ་ཡིན།

དེའི་ནང་དུ་བཏུང་བྱ་ཚ་པོ་རིགས་འཐུང་བ་ལ་བརྟེན་ནས་འབྲས་སྐྲན་རང་བཞིན་གྱི་ཟུངས་ནུས་བསྐྱེད་པའི་འབྲེལ་ཡོད་བདེན་དཔང་ཚུགས་ཐུབ་པ་ཞིག་མི་འདུག་མོད། འོན་ཀྱང་བཏུང་བྱ་ཤིན་ཏུ་ཚ་པོ་རིགས་འཐུང་ན་ཕྲ་ཕུང་གཞོམ་ནས་འབྲས་སྐྲན་བསྐྱེད་པར་སྔར་བཞིན་འབྲེལ་བ་ཡོད། དཔེར་ན། དྲོད་ཚད་ཧ་ཅང་མཐོ་ན་འཇུ་ལམ་གྱི་འབྱར་སྐྱི་ལ་ཚ་སྲེག་ངེས་ཅན་ཐེབས་ངེས། འཇུ་ལམ་གྱི་འབྱར་སྐྱི་ལ་སྲེག་སྐྱོན་བྱུང་ན་བྲུལ་ནས་གསར་པ་ཞིག་སྐྱེས་སྲིད་ན་ཡང་། གལ་ཏེ་ཡང་དུ་བསྐྱར་དུ་འབྱར་སྐྱི་ལ་སྲེག་སྐྱོན་ཐེབས་ན་ཕྲ་ཕུང་འཕར་སྐྱེས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ནས་ངོ་བོ་གཞན་དུ་འགྱུར་བའི་ངེས་པ་ཆེ་བས།  ཕྲ་ཕུང་འབྲས་སྐྲན་དུ་འགྱུར་བའི་ཉེན་ཁ་ཧ་ཅང་ཆེ།

རྒྱུ་མཚན་དེ་དག་གི་དབང་གིས་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་ལས་ཁུངས་ཀྱིས65℃ཡན་གྱི་ཧ་ཅང་ཚ་བའི་བཏུང་ཆུ་རིགས་ནི་འབྲས་སྐྲན་བསྐྱེད་རྒྱུ2Aརིགས་སུ་བགྲང་བ་རེད།  གསལ་བོར་བཤད་ན།  འབྲས་སྐྲན་རང་བཞིན་གྱི་བདེན་དཔང་ཁུངས་བཙུན་ཞིག་མེད་ན་ཡང་།  འབྲས་སྐྲན་བསྐྱེད་པའི་ཉེན་ཁ་སྔར་བཞིན་གནས།

གལ་ཏེ་དུས་རྒྱུན་ཚ་སྲེག་ཐེབས་པའི་ཟས་རིགས་སྤྱོད་མཁན་ཞིག་ཡིན་ན།  ཁ་ཚའི་རིགས་ལ་ཚོར་བ་དྲག་པོ་མེད་རུང་།  ཚོར་མེད་ཤེས་མེད་ཀྱི་ངང་ནས་ཟས་ཀྱི་རྒྱུ་ལམ་ངོས་ཀྱི་འབྱར་སྐྱི་ཡང་ནས་ཡང་དུ་སྲེག་སྐྱོན་དང་སླར་གསོ་བྱེད་དགོས་པས།   འབྲས་སྐྲན་སྐྱེད་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད།

འོ་ན་བརྡ་རྟགས་གང་དག་ལ་དོགས་ཟོན་བྱེད་དགོས་ཞེ་ན།

མི་སོ་སོའི་དྲོད་ཚད་ཀྱི་ཚོར་ཤེས་མི་འདྲ་སྟེ། ལ་ལ་ཞིག་དྲོད་ཚད65℃ལ་ཚ་བའི་མྱོང་བ་མེད། ལ་ལ་ཞིག་འཐུང་མ་ཐག་ལྕེ་ལ་ཚ་སྲེག་ཐེབས་པའི་ཚོར་བ་ཡོད། གལ་ཏེ་འཚོ་བའི་ཁྲོད་དུ། སྟབས་མ་ལེགས་པར་བཏུང་ཆུ་ཚ་པོ་འཐུང་ནས་ལྕེ་སྲེག་པ་ཡིན་ན། ཐོག་མར་འཕྲལ་དུ་ཆུ་འཁྱག་དང་དར་རྡོག་ཁ་ནང་དུ་བཞག་ནས་ཚ་བ་བླངས་ཏེ་སྲེག་སྐྱོན་ཞི་ཐབས་བྱེད་དགོས། དེ་རྗེས་ནས་སྲུང་སྐྱོབ་སྟེ། སྲེག་པའི་རྨ་ཁ་མ་དྲག་སྔོན་དུ་ཁ་ཚ་དང་ཟས་རིགས་རྩིང་བོ་རིགས་མ་བསྟེན་ན་ལེགས།

གལ་ཏེ་ན་ཟུག་མི་ཡལ་ཞིང་། སྨུག་རུལ་དང་སྐྲངས་སྦས་སོགས་ཧ་ཅང་ཐལ་ཆེ་ན།  སྨན་ཁང་དུ་བསྐྱོད་དེ་སྨན་བཅོས་བྱས་ན་ལེགས།  དོགས་ཟོན་བྱེད་དགོས་པ་ཞིག་ནི་ཟས་ཀྱི་རྒྱུ་ལམ་ཡིན།  རྒྱུན་ལྡན་གྱི་རྒྱུ་མའི་འབྱར་སྐྱི་ཕྱི་མ་དེ་གསར་བ་སྐྱེས་བཞིན་ཡོད་མོད།   སླར་གསོའི་སྔོན་ལ་ཚ་བ་དང་སྲེག་པ་ལ་སོགས་ལ་རེག་མི་རུང་། སྲེག་སྐྱོན་གྱི་མྱུར་ཚད་དེ་སླར་གསོའི་མྱུར་ཚད་ལས་བརྒལ་ན།  ནད་སྐྱེད་པའི་ཉེན་ཁ་ཡང་རང་བཞིན་གྱིས་ཆེ།

ཡང་དག་དག་པའི་ཆུ་འཐུང་སྟངས་ལ་ལྔ་ཡོད་དེ་ཡིད་ལ་འཇགས་རོགས། 

སྐོམ་ན་ད་གཟོད་ཆུ་འཐུང་བ་མ་བྱེད་ཅིག
  ཆུ་དྲོད35~40℃ཡི་ཆུ་དྲོ་མ་འཇམ་འཐུང་ན་ལེགས། ཁམ་གང་རེ་དལ་གྱིས་འཐུང་བ་ལས་ཧབ་འཐུང་བྱེད་མི་རིགས།
  སིལ་ཁུ་རིགས་ཆུ་ཡི་ཚབ་བྱས་ནས་འཐུང་མི་རིགས། གནམ་གཤིས་ཚ་བ་ཆེ་དུས་ཆུ་འཁྱགས་པོ་ཉུང་འཐུང་བྱོས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།