ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་དང་པོའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ཀྱི་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ8པའི་ཚེས3ནས་ཚེས6ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྐབས་དང་པོའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ཀྱི་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས39ཡི་འགན་འཁུར་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བགོས་འགན་གཉེར་ཁྲིམས་ལུགས་སྒྲིག་གཞི་དང་། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་སོགས་བསྡོམས་པའི་མི60གསོ་སྦྱོང་ལ་ཞུགས་ཡོད།

གསོ་སྦྱོང་ཐད་ཆེད་དོན་སློབ་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། བརྗེ་རེས་དང་ཞིབ་བསྡུར་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་། ཆུ་ཚད་མཐོ་བའི་འབྲེལ་གཏུག་ས་ཚིགས་འཛུགས་སྐྱོང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི“ཆེས་མཛེས་པའི་སྒེའུ་ཁུང”གཏོད་པ་སོགས་ཀྱི་ནང་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས། གསོ་སྦྱོང་གི་དུས་སྐབས་སུ། སློབ་མ་རྣམས་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་གྱི་སེང་གེ་གཞོང་མ་མགོ་སྡེ་བ་དང་། རོང་བོ་གྲོང་རྡལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་འབྲེལ་གཏུག་བྱེད་གནས་ལ་དངོས་སུ་ལྟ་སྦྱོང་བྱེད་དུ་བསྐྱོད་པར་མ་ཟད། བསམ་འཆར་བསྡུ་ལེན་དང་ཁྲིམས་སྐྱོང་དྲིལ་བསྒྲགས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་ཉམས་མྱོང་མཉམ་སྤྱོད་དང་ཞིབ་བསྡུར་གཏིང་ཟབ་ཀྱང་བྱས།

སློབ་མ་ཡོངས་ཀྱིས་ཐེངས་འདིའི་གསོ་སྦྱོང་གི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པ་དང་སྦྱོང་སྤྱོད་ཟུང་འབྲེལ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་ཐད་སྟོང་ཆ་ཁ་གསབ་བྱས་པར་མ་ཟད་ལག་ལེན་གྱི་ཐད་ནས་ཀྱང་ཐོབ་བྱ་མི་ཉུང་བ་ཡོད་པར་བསྟན། ཚང་མས་གསོ་སྦྱོང་བྱས་པ་བརྒྱུད། ཆབ་སྲིད་ཀྱི་ཁ་ཕྱོགས་སྔར་ལས་ཇེ་བརྟན་དུ་ཕྱིན་པ་དང་འབྲེལ་གཏུག་ས་ཚིགས་ཀྱི་ནུས་པའི་ངེས་གནས་སྔར་ལས་ཇེ་གསལ་དུ་ཕྱིན་ཡོད་ལ། ཇི་ལྟར་བྱས་ཏེ་ཤར་སྐྱོད་རླངས་འཁོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྲིམས་འཛུགས་བྱ་བའི་ནང་ཞུགས་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐད་བསམ་གཞིག་དང་ཇུས་འགོད་སྔར་ལས་གཏིང་ཟབ་བྱུང་ཡོད་ཅེས་བསྟན། ཚང་མས་བསྟན་དོན། ཐེངས་འདིའི་གསོ་སྦྱོང་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། འགན་འཁྲི་གཙོ་བོའི་ལས་རིགས་གཙོ་བོར་དམིགས་ནས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱིས་དམངས་འདོད་ཤར་སྐྱོད་རླངས་འཁོར་གྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་གཞི་རིམ་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།